ལུའོ་ཏུང་ཁྲོན་དང་ཀྲུའུ་ཀེ་ཡུས་ཅེ་གཉིས་ཀྱིས་ཟི་ལིང་གྲོང་ཁྱེར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་བཤད་བྱས་པར་མ་ཟད་རྟོག་ཞིབ་དང་བཞུགས་མོལ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11པའི་ཚེས20ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲེང་ཀྲང་ཚབ་མ་ཀྲུའུ་ཀེ་ཡུས་ཅེ་གཉིས་ཀྱིས་ཟི་ལིང་གྲོང་ཁྱེར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་བཤད་བྱས་པར་མ་ཟད་རྟོག་ཞིབ་བཞུགས་མོལ་བྱས། ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་ལྟར། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། ཞིང་ཆེན་ཡོངས་ཀྱི“བསམ་བཀོད་གཅིག”གི་བསམ་བློ་མཐའ་འཁྱོངས་བྱས་ཏེ། ཟི་ལིང་སྟོབས་ལྡན་དུ་གཏོང་བ་དང་གྲོང་ཁྱེར་དང་ཁུལ་ལ་སྐུལ་ཁྲིད་བྱེད་པ། ཞིང་ཆེན་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐད་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་གྱི་འགན་འཁྲི་འཁུར་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མིག་དཔེ་བཟང་བོ་བྱེད་དགོས།

ལུའོ་ཏུང་ཁྲོན་དང་ཀྲུའུ་ཀེ་ཡུས་ཅེ་གཉིས་ཀྱིས་ཟི་ལིང་གི་གྲོང་ཁྱེར་འགྲེམས་སྟོན་ལྟེ་གནས་དང་། ཐའེ་ཧྥེང་སྔོན་སྐྱོད་ལིས་ནུས་ཚན་རྩལ་ཚད་ཡོད་ཀུང་སི། ཀྲུང་གོའི་གསོག་འཇོག་རིག་ནུས་སྐྱེལ་འདྲེན་ཟོག་འགྲེམས་ཚན་རྩལ་ཚད་ཡོད་ཀུང་སི། ནན་ཁྲོན་གཙང་པོ་དང་བདེ་སྐྱིད་མཚེའུ་ཡི་འཛུགས་སྐྲུན་ལས་གཞི། རྒྱལ་ཡོངས་ཅིང་ཏུང་ཁྱིམ་སྤྱོད་གློག་ཆས་ལྟེ་གནས་ཚོང་ཁང་ཐོག་མ་བཅས་ལ་རྟོག་ཞིབ་བྱས་ཏེ། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་བཅོས་དང་། སྡོད་ཁུལ་རྙིང་པའི་བསྒྱུར་བཀོད། དགུན་དུས་ཀྱི་དྲོད་རླངས་འགན་སྲུང་བཅས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ལས་ཡུལ་དང་པོའི་མེ་ཟོན་རོགས་སྐྱོབ་བཀོད་འཐབ་པ་དག་ལ་ཁམས་འདྲི་བྱས། ཕྱོགས་ཡོངས་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་དང་བསིལ་ལྡན་ཟི་ལིང་གི་ཉམས་འགྱུར་མངོན་པར་བྱེད་པའི་གྲོང་ཁྱེར་གྱི་མགྲོན་བསུའི་ཚོམས་ཆེན་བཏོད་དེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། དངོས་ཟོག་སྐྱེལ་འདྲེན་ལས་སྟེགས་ཀྱི་དཔལ་འབྱོར་གསར་གཏོད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐོག་མའི་དཔལ་འབྱོར་སྟོབས་ཆེར་གཏོང་བ། ཞིང་ཆེན་ལྟེ་གནས་གྲོང་ཁྱེར་གྱི་འཛད་སྤྱོད་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ཕན་ནུས་ཆེ་རུ་གཏོང་བ། གྲོང་ཁྱེར་རྣམ་པའི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ། ནན་ཁྲོན་ཆུ་བོ་དང་ཆུ་བོའི་ངོགས་གཉིས་ཀྱི་འཆར་འགོད་འཛུགས་སྐྲུན་གཅིག་གྱུར་འཆར་འགོད་བྱེད་པ། ཆུ་བོའི་འགྲམ་རྒྱུད་གྲོང་ཁྱེར་གྱི་ལྟེ་གནས་སྤྱི་གླིང་བསྐྲུན་པ། གྲོང་ཁྱེར་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་ཀྱིས་ཁ་གསབ་བྱེད་པ། དགུན་དུས་དྲོད་རླངས་མཁོ་འདོན་སོགས་དམངས་འཚོའི་ཞབས་ཞུ་ཞིབ་ཚགས་ངང་བསྒྲུབས་པ་བཅས་བྱས་ཏེ། ཧུར་ཐག་གིས་དངོས་ཕན་གྱི་ལས་དོན་མི་དམངས་ཀྱི་འདོད་བློ་མཐུན་པར་སྒྲུབ་པ་དགོས་པ་ནན་གྱིས་བསྟན།

བཞུགས་མོལ་ཚོགས་འདུའི་སྟེང་། ཟི་ལིང་གྲོང་ཁྱེར་དང་རྫོང་དང་ཆུས་སོ་སོའི་བྱ་བའི་སྙན་ཞུ་ལ་གསན་རྗེས། ལུའོ་ཏུང་ཁྲོན་གྱིས་བསྟན་དོན། ཟི་ལིང་གིས་ནུས་ཁུངས་རིམ་པ་སྔར་བས་མཐོ་བ་དང་། ཁྱད་ཆོས་སྔར་བས་ཆེ་བ། གསོན་ཤུགས་སྔར་བས་ཆེ་བ་བཅས་ཀྱི་ནུབ་བྱང་ས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་གལ་ཆེན་བསྐྲུན་པར་དམིགས་པ་དང་། སྐྱེ་ཁམས་དང་། ཐོན་ལས། གསར་གཏོད། སྒོ་འབྱེད། བཅོས་སྐྱོང་། བདེ་སྐྱིད་བཅས་ཀྱི“དྲུག་ལྡན་གྲོང་ཁྱེར་”བསྐྲུན་པར་གཞི་བཙུགས་ཏེ། གནམ་སྔོ་ཞིང་ཆུ་དྭངས་པ། ས་གཙང་བ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་རྒྱུན་མཐུད་ངང་སྤེལ་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་མཛེས་ལྗོངས་དང་སྐྱེ་ཁམས་རིག་གནས་ཀྱི་སྤུས་རྟགས་བཏོད་ནས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་གང་ལེགས་སྒོས་མངོན་པར་བྱེད་དགོས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱིས་ཁྱོན་ཡོངས་ནས་ལྗང་མདོག་ཅན་དུ་ཚུལ་བསྒྱུར་བྱེད་ཤུགས་ཇེ་མགྱོགས་སུ་བཏང་སྟེ། ཐོན་ཁུངས་རྣམ་པའི་ཐོན་ལས་དེ་ཐོན་ལས་ཀྱི་མུ་ཕྲེང་དང་རིན་ཐང་གི་མུ་ཕྲེང་ཅན་གྱི་མཐོ་འབྲིང་རིམ་པར་འཕར་བར་སྐུལ་འདེད་གཏོང་བ་དང་། ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་ཀྱི་འགྲན་རྩོད་ནུས་པ་ཇེ་མཐོར་གཏོང་བ། སྤུས་ཚད་མཐོ་བ་དང་ཕན་འབྲས་མཐོ་བའི་སྒོ་ནས་ཟི་ལིང་གི་ལྗང་གློག་རིག་རྩིས་མཉམ་འདྲེས་ཀྱི་དཔེ་སྟོན་གླིང་འཛུགས་སྐྲུན་བྱེད་པ། ལྗང་མདོག་རྩིས་གློག་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ཁུལ་ཕྱི་ཕྱོགས་སུ་འགྲེམས་སྟོན་བྱེད་གནས་སྐྲུན་པ། ཐཱན་མེད་ཡུལ་རྣམ་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། འཕར་གཞི་གསར་པ་སྔར་བས་མང་བ་སྐྱེད་སྲིང་བྱས་ཏེ། མཐོ་སྒང་གི་ཐོན་ཁུངས་ནུས་རྒྱུའི་ལེགས་ཆ་དེ་ཐོན་ལས་འཕེལ་རྒྱས་ཀྱི་དགེ་མཚན་དུ་འགྱུར་བར་བྱེད་པ། ལན་ཀྲུའུ་དང་ཟི་ལིང་གི་གྲོང་ཁྱེར་ཁྱུ་ཚོགས་འཛུགས་སྐྲུན་ཟབ་སྤེལ་བྱས་ཏེ། ཟི་ལིང་མཚོ་ཤར་གྱི་གཞི་གཅིག་ཅན་དུ་འགྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། མཉམ་ལས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱས་ཏེ་། སྣ་མང“འཕུར་སྐྱོད་”དཔེ་དབྱིབས་འཚོལ་ཞིབ་བྱས་པ་དང་། ཧུར་ཐག་གིས་རྒྱུ་རྐྱེན་ཕན་ཚུན་བརྗེ་རེས་དང་། ཁེ་ཕན་མཉམ་སྤྱོད། ཕྱོགས་གཉིས་ནུས་འདོན་བཅས་ཀྱི་འཕེལ་རྒྱས་གནས་སྟངས་བསྐྲུན་པ། གྲོང་ཁྱེར་གསར་སྒྱུར་གྱི་བྱེད་ནུས་སྟོབས་ལྡན་དང་སྤུས་ཚད་མཐོར་འདེགས་ལ་བརྟེན་ནས། རྒྱུན་མཐུད་ངང་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། སེམས་ཤུགས་གང་ཡོད་བཏོན་ནས་དམངས་འཚོའི་བྱ་བ་ལེགས་པོར་སྒྲུབ་སྟེ། ཞིང་ཆེན་ལྟེ་གནས་ཟི་ལིང་གྲོང་ཁྱེར་གྱི་གནས་སྡོད་ལ་འཚམ་པའི་རྣམ་པ་དེ་བས་མངོན་གསལ་ཡིན་པ་དང་བདེ་སྐྱིད་ཀྱི་ཚོར་སེམས་དེ་བས་ཕུན་སུམ་ཚོགས་པར་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་བཏང་ནས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། རྒྱུན་རྣམ་ཅན་གྱིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལེགས་བཅོས་བྱས་ཏེ། སྤྱོད་གཙང་གཞུང་དྲང་དང་ལས་སྒྲུབ་ལས་གཏོད་ཀྱི་ཆབ་སྲིད་ཁོར་ཡུག་བཟང་པོ་ཞིག་བཏོད་དགོས།

ཀྲུའུ་ཀེ་ཡུས་ཅེ་ཡིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ཁྲོད་ཟི་ལིང་གྲོང་ཁྱེར་ལ་གནས་བབ་གལ་ཆེན་དང་འགན་འཁྲི་ལྗིད་མོ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་ལ། ཐོན་ལས་འཕེལ་རྒྱས་དང་། དངུལ་གཏོང་བརྟན་བརླིང་། འཛད་སྤྱོད་རིམ་འཕར། ཚན་རྩལ་གསར་གཏོད། ཕྱི་ཕྱོགས་སྒོ་འབྱེད་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་ནུས་སྐྱེད་ཐོན་ལས་ཀྱི“གནས་བཞི་”འཛུགས་སྐྲུན་བྱེད་དགོས། མི་དམངས་ཀྱི་གྲོང་ཁྱེར་འདུ་ཤེས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། འཆར་འགོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་བསྣོན་པ། གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་བ། བདེ་འཇགས་ཀྱི་མཚམས་ཐིག་བརྟན་པོར་སྲུང་བ། བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་སྔར་ལས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་དགོས།

ཝང་ཝུའེ་ཏུང་དང་། ཀྲང་ཅིན་ཀང་། ལིའུ་ཁྲའོ་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།