ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དྲུག་པ་གྲོལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11ཚེས20ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དྲུག་པ་གྲོལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན་དང་། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལུའི་ཀང་། ཚའེ་ཁྲེང་ཡུང་། དྲུང་ཡིག་ཆེན་མོ་ཁྲེན་ཏུང་ཁྲང་དང་དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བསྡོམས་པས་མི52ཚོགས་འདུར་ཞུགས་པ་དང་། ཁྲིམས་བཅད་མི་གྲངས་དང་མཐུན། དབྱང་ཧྥེང་ཁྲུན་གྱིས་ཚོགས་འདུ་གྲོལ་བའི་གྲོས་ཚོགས་ལ་འགོ་འཛིན་བྱས། 

ཚོགས་འདུའི་སྟེང《མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་དཔལ་འབྱོར་སྐུལ་འདེད་སྲོལ་ཡིག》དང《མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་འགན་སྲུང་སྲོལ་ཡིག》། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སའི་འཛུགས་སྐྲུན་སྲོལ་ཡིག》བཟོ་བཅོས་རྒྱག་པ་དང་《མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་རྔོན་པ་དང་། ཉོ་ཚོང་། བཟའ་བ་བཅས་གཏན་འགོག་བྱེད་པའི་སྐོར་གྱི་ཆོད་དོན》མེད་པར་བཟོ་བའི་སྐོར་གྱི་ཆོད་དོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཟི་ལིང་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁ་ཤས་བཟོ་བཅོས་བྱེད་པ་དང་མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན》ལ་ཆོག་མཆན་འགོད་རྒྱུའི་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《〈མཚོ་ཤར་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་ཤར་གྲོང་ཁྱེར་གྱི་ལྗང་མདོག་བདེ་སྡོད་གྲོང་ཁྱེར་འཛུགས་སྐྲུན་གྱི་སྐུལ་འདེད་སྲོལ་ཡིག〉མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན》ལ་ཆོག་མཆན་འགོད་རྒྱུའི་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《མཚོ་ཤར་གྲོང་ཁྱེར་གྱི་བརླན་ས་སྲུང་སྐྱོབ་སྲོལ་ཡིག》ལ་ཆོག་མཆན་འགོད་རྒྱུའི་སྐོར་གྱི་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་སྐུལ་འདེད་སྲོལ་ཡིག་ལ》ཆོག་མཆན་འགོད་རྒྱུའི་སྐོར་གྱི་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་རི་སྐྱེས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དོ་དམ་སྲོལ་ཡིག》ལ་ཆོག་མཆན་འགོད་རྒྱུའི་སྐོར་གྱི་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རི་སྐྱེས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དོ་དམ་སྲོལ་ཡིག》ལ་ཆོག་མཆན་འགོད་རྒྱུའི་སྐོར་གྱི་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་རང་སྐྱོང་སྲོལ་ཡིག(བཟོ་བཅོས)》ལ་ཆོག་མཆན་འགོད་རྒྱུའི་སྐོར་གྱི་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་མི་དམངས་འཐུས་མིའི་ཚོགས་ཆེན་སྟེང〈ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག〉མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན》ལ་ཆོག་མཆན་འགོད་རྒྱུའི་སྐོར་གྱི་གྲོས་ཆོད་བཅས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། ཚོགས་འདུའི་སྟེང་《མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་བའི་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་ལྔ་པ་ཚོགས་རྒྱུའི་སྐོར་གྱི་ཆོད་དོན》ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། 

ཚོགས་འདུའི་སྟེང་འབྲེལ་ཡོད་མི་དོན་བྱ་བར་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། 

ཚོགས་འདུའི་ཐོག་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།

ཚོགས་འདུའི་སྐབས་སུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྐོ་གཞག་བྱས་པའི་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣ6གི་འགན་སྒྲུབ་གནས་ཚུལ་ལ་ཚད་ལེན་ཚོད་ལྟ་བྱས།

ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙེ་ཅུན་དང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲ་ཆིན་ཅུག ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བ། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བ་སོགས་ཚོགས་འདུར་ཟུར་ཞུགས་བྱས།

ཚོགས་འདུ་གྲོལ་རྗེས། ས་གནས་དེ་གར་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་འཆད་ཁྲིད་ཐེངས་བཅོ་བརྒྱད་པ་སྟེ། 《ཀྲུང་གོའི་སྲོལ་རྒྱུན་བཅའ་ཁྲིམས་རིག་གནས་ཀྱི“ཁྲིམས་ལུགས་གཅིག་གྱུར”དང“སྲོལ་རྒྱུན་དང་བསྟུན་ནས་བཅོས་སྐྱོང་བྱེད་པ”དང་དེ་མིན་མིག་སྔའི་ས་གནས་ཁྲིམས་འཛུགས་ཀྱི་བློ་སྒོ་འབྱེད་པ》ཞེས་པ་སྤེལ། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།