ཟླ11པའི་ཚེས17ཉིན། ཀྲུང་གོའི་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་ཟི་ལིང་དུ་ཚོགས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཚུར་སྣང་དྲག་པོ་བྱུང་། ཚང་མས་བསྟན་དོན། བསམ་སྦྱོར་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་གཅིག་གྱུར་ཡོང་བར་བྱས་ཏེ། རྩ་བའི་དགོངས་གཞི་ནན་མོ་དང་། བྱེད་ཐབས་ནན་མོ། རྣམ་པ་ནན་མོ་བཅས་ཡུན་རིང་རྒྱུན་འཁྱོངས་དང་། དངོས་སྒྲུབ་གྲུབ་འབྲས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་བྱ་བར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་དུ་བསྒྱུར་དགོས།
ཚང་མས་མགྲིན་གཅིག་ཏུ་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་དེད་ནས་དཔའ་ངར་ཆེན་པོས་མདུན་སྐྱོད་ཀྱིས་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལས་དོན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྣེ་ཁྲིད་དང་འགན་སྲུང་བྱེད་དགོས།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་ཁྲུའུ་གཉིས་པའི་ཁྲུའུ་ཀྲང་གཞོན་པ། ལི་ལིན་ཅང་གིས་བཤད་རྒྱུར།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་སྟེང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགག་རྩ་ནི་ལས་བྱེད་པ་ནན་སྐྱོང་བྱ་རྒྱུར་རག་ལས་ཡོད་པ་ནན་གྱིས་བསྟན་པ་དང་། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་ཏན་དང་། མི་སྣ་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་ཡང་དག་བརྟན་པོར་འཛུགས་པ། ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ། ལས་བྱེད་པའི་གོ་གནས་བསྐོ་འཐེན་བྱེད་པར་རྒྱུན་རྣམ་ཅན་དུ་སྐུལ་འདེད་གཏོང་དགོས་པ་དང་། ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་བསྐྱེད་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་ཐུབ་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་ཞིག་བསྐྲུན་དགོས།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་མར་ཁེ་སི་རིང་ལུགས་སློབ་གླིང་གི་གླིང་གཙོ། དགེ་རྒན་ཆེན་མོ། ཝང་ཧྲུའུ་ཅེ་ཡིས་བཤད་རྒྱུར།
ང་ཚོས“ཏང་ལ་འཇོན་མི་གསོ་སྐྱོང་དང་ཏང་ལ་ཐབས་འདོན་ཇུས་འབུལ་བྱེད་པའི”ཐོག་མའི་བསམ་འདུན་ཡིད་ལ་དམ་པོར་བཅངས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། སྲིད་འབྲས་ལྟ་བ་ཡང་དག་གི་སློབ་གསོ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ། རྒྱ་ཆེའི་སློབ་མ་རྣམས་ལ་དངོས་སྒྲུབ་དོན་གཉེར་གྱི་སྤྱོད་ཚུལ་སྦྱོང་བརྡར་བྱེད་པར་ཁྲིད་སྟོན་བྱ་དགོས་ལ། དོན་དམ་པའི་བྱ་བའི་ཕན་འབྲས་ལ་བརྟེན་ནས་གཙང་གསུམ་མགོ་ཁུངས་ཀྱི་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོང་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་རྒྱུན་མཐུད་ངང་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་ལེའུ་གསར་པ་འབད་པས་རྩོམ་དགོས།
ཚང་མས་བསྟན་དོན། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། འགུལ་སྐྱོད་གཅིག་གྱུར་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།
མཚོ་ཤར་གྲོང་ཁྱེར་གྱི་ཏང་ཨུའི་རྒྱུན་ཨུ། སྒྲིག་ཨུའི་ཧྲུའུ་ཅི། གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། 王宏ཝང་ཧུང་གིས་བཤད་རྒྱུར།
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནི་ཞིང་ཆེན་ཏང་ཨུའི་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། འགུལ་སྐྱོད་གཅིག་གྱུར་བཅས་ཀྱི་ཚོགས་ཆེན་ཞིག་རེད། ང་ཚོས་བསམ་བློ་དང་། འགུལ་སྐྱོད། ཚད་གཞི་དང་། བླང་བྱ་བཅས་ཀྱི་ཐད་ནས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུར་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ། སྔར་ལས་མཐོ་བའི་ཚད་གཞི་དང་། སྔར་ལས་གཟབ་ནན་གྱི་བླང་བྱ། སྔར་ལས་ཏན་ཏིག་གི་བྱེད་ཐབས་བཅས་ལ་བརྟེན་ནས། ཕྱོགས་ཡོངས་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དེར་མཚོ་སྔོན་དུ་ཕན་འབྲས་ཏན་ཏིག་ཐོབ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས།