ཟླ11པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཞིང་པའི་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཧྲུའུ་ཅི། ཧྲེ་ཀྲང་ཉིན་ཆི་ཝུན་འཁོར་དང་བཅས་པར་ཐུག་འཕྲད་བྱས།
ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཉིན་ཆི་ཝུན་འཁོར་དང་བཅས་པ་མཚོ་སྔོན་དུ་རྟོག་ཞིབ་ཏུ་ཡོང་བར་དགའ་བསུ་ཞུས། ཁོས་བསྟན་དོན། ཞིང་ལས་དང་ཞིང་སྡེའི་དེང་རབས་ཅན་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མཚོ་སྔོན་ནས་ལག་ལེན་བྱེད་པའི་ཁྱོན་ཡོངས་དང་རང་མདངས་ལ་འབྲེལ་བ་ཡོད། དེང་སྐབས་མཚོ་སྔོན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་བཞིན་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ནོར་གནག་དང་། བོད་ལུག འཁྱག་ཆུའི་ཉ། འཕང་འབྲས། མཐོ་སྒང་གི་གྲང་འཁྱག་སྔོ་ཚལ་སོགས་དགེ་མཚན་ལྡན་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བཞིན་ཡོད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བརྟན་པོ་ཡོང་བར་ཧུར་ཐག་གིས་སྐུལ་འདེད་གཏོང་བཞིན་ཡོད། རེ་བར་ཞིང་པའི་ཉིན་རེའི་ཚགས་པར་ཁང་གིས“ཞིང་གསུམ”ཁྱབ་ཁོངས་ཀྱི་དབང་གྲགས་ལྡན་པའི་སྨྱན་སྦྱོར་གཙོ་བོའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཀྱི་དགེ་མཚན་སྔོག་འདོན་གཏིང་ཟབ་བྱས་ཏེ་ཐོན་རྫས་ཀྱི་འདུ་ཤེས་གསར་སྐྲུན་དང་། སྤུས་རྟགས་གསར་སྐྲུན། ཐོན་འཚོང་འབྲེལ་མཐུད་སོགས་ཐད་རྒྱབ་སྐྱོར་སྔར་ལས་མང་པོ་བྱས་ནས། མཚོ་སྔོན་གྱིས་ཞིང་ལས་དང་ཞིང་སྡེའི་དེང་རབས་ཅན་གྱི་གོམ་འགྲོས་ཇེ་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་ཏན་ཏིག་གིས་སྐུལ་འདེད་བཏང་ནས་བླངས་པའི་གྲུབ་འབྲས་ལ་བསྔགས་སྐུལ་བྱས་ཏེ། མཚོ་སྔོན་གྱི“ཞིང་གསུམ”བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་དགོས།
ཉིན་ཆི་ཝུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་པའི་ཉིན་རེའི་ཚགས་པར་ཁང་གི་བྱ་བར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་བསྐྲུན་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ། མཚོ་སྔོན་གྱི“ཞིང་གསུམ”བྱ་བའི་གསར་གཏོད་བྱེད་ཐབས་དང་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་སྒྲོག་བྱ་རྒྱུ་དང་། སྤུས་རྟགས་ཇུས་འགོད། དྲིལ་བསྒྲགས། ཁྱབ་སྤེལ་སོགས་ཀྱི་ཐད་ལ་ཤུགས་སྣོན་བརྒྱབ་སྟེ། བརྒྱུད་བསྒྲགས་བྱེད་སྟངས་དང་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། སེམས་ཤུགས་ཡོད་རྒུ་བཏོན་ནས་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྤུས་རྟགས་ཀྱི་གཏམ་རྒྱུད་ཡག་པོ་བཤད་དེ། མཚོ་སྔོན་གྱི་ཞིང་གསུམ་བྱ་བ་འཕེལ་རྒྱས་སུ་གཏོང་བར་ཀྲུང་དབྱང་སྨྱན་སྦྱོར་གྱི་སྟོབས་ཤུགས་འབུལ་རྒྱུ་ཡིན།
ཀྲང་ཅིན་ཀང་ཐུག་འཕྲད་ལ་ཞུགས།