ཟླ11པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པས་མཉམ་འབྲེལ་ཚོ་ཆུང་གི་གྲོས་ཚོགས་བསྡུས་ནས། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་བཞིའི་གནད་དོན་ལ་དམིགས་ཏེ་མཚོ་སྔོན་གྱི་དབང་བོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་གནས་ཚུལ་ཐད་ནས་ཆེད་དོན་འདྲི་ཞིབ་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥིན་ཁྲོན་དང་། ཀྲུའུ་རེན་གཞོན་པ་ལིའུ་ཐུང་ཏི་དང་ཚའེ་ཁྲུན་ཡུང་། དེ་བཞིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བཅས་གྲོས་ཚོགས་ལ་ཞུགས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཅིན་ཀྲེ་ཡིས་འགོ་འཛིན་བྱས། ཧྲིན་ཀྲང་གཞོན་པ་ཁྲིན་ཅི་ཝེ་ཡིས་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་གཏམ་བཤད།
ཆེད་དོན་འདྲི་ཞིབ་ཁྲོད། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཞིང་ཆེན་དམངས་ཆེན་གྱི་འཐུས་མི10ཡིས་ཁྲིམས་ལྟར་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་གནས་ཚུལ་ལ་དམིགས་ནས་འདྲི་ཞིབ་བྱས། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་མི་སྣ10ཡིས་ཡུལ་དངོས་ནས་དྲི་བར་ལན་བཏབ།
གྲོས་ཚོགས་ལས་བསྟན་དོན། བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱའི་སྟེང་གཅིག་གྱུར་བྱེད་པ་དང་། དབང་བོ་སྐྱོན་ཅན་གྱི་ལས་དོན་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་ལས་འགན་ཁོང་དུ་ཆུད་པར་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་གནས་སུ་བརྟན་པོར་ལངས་པ། མི་དམངས་ལ་བཅངས་པའི་བརྩེ་བ་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས། བརྩེ་སེམས་ལྡན་ཞིང་ནུས་ཤུགས་ཡོད་པའི་སྒོ་ནས་དམིགས་བསལ་མི་ཚོགས་ཀྱི་དམངས་འཚོའི་བདེ་སྐྱིད་བརྟན་སྲུང་བྱེད་དགོས། གནས་པའི་གནད་དོན་ལ་ལེགས་སྒྲིག་དང་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། བྱེ་བྲག་གི་གནད་དོན་ཐག་གཅོད་དང་ལམ་ལུགས་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་གཉིས་ཟུང་འབྲེལ་བྱེད་པ། སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་ཡུན་ཕན་ལམ་སྲོལ་བཙུགས་ནས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱ་ཆེའི་དབང་བོ་སྐྱོན་ཅན་གྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་ཆེར་གཏོང་དགོས། སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་འཁུར་ནས་ཁས་བླངས་པ་དེ་སྤྱི་ཡོངས་ཀྱི་ཇུས་འགོད་ནང་འཇོག་དགོས་པ་དང་། འབྲེལ་ཡོད་སྡེ་ཁག་སོ་སོས་མཇུག་འཐའི་འགན་འཁྲི་དམ་འཛིན་བྱས་ཏེ། ལས་འགན་དེ་བྱེ་བྲག་གི་ལས་རིམ་སོ་སོར་དོན་འཁྱོལ་བྱེད་དགོས་ལ། དམངས་ཆེན་གྱིས་ཁྲིམས་གཏན་འགན་ནུས་ལ་རྐང་བཙུགས་ཏེ། ལྟ་སྐུལ་ཁྲོད་རྒྱབ་སྐྱོར་བྱས་ནས་སྟོབས་ཤུགས་གཅིག་བསྡུས་སྒོས་མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་ལས་དོན་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།
ཞིང་ཆེན་སྲིད་གཞུང་གིས་ཆེད་དོན་འདྲི་ཞིབ་བྱེད་རྒྱུ་དེ་མི་འདང་སར་ཞིབ་བཤེར་དང་བྱ་བ་ལེགས་བཅོས་གཏོང་བའི་གནད་འགག་ཏུ་བརྩིས་ཏེ། སྟོབས་ཤུགས་ཡོད་རྒུས་བྱ་བ་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ངེས་ཡིན།