བསྟུད་མར་ཉིན་ཤས་རིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི་ཧྲན་ཞི་དང་། ཧུའུ་པེ། ནང་སོག་བཅས་སུ་བསྐྱོད་དེ་སྒྲོག་བཤད་བྱས་པ་མ་ཟད། གཞི་རིམ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་བསམ་ཚུལ་བརྗེ་རེས་བྱས་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་སྐུལ་འདེད་བཏང་།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཏེང་མའོ་ཧྲེང་གིས་ཚེས13ཉིན་ཧྲན་ཞི་རུ་སྒྲོག་བཤད་སྙན་ཞུ་ཕུལ། ཏེང་མའོ་ཧྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པར་དམིགས་ཏེ། ཕྱོགས་ཡོངས་ནས་རྒྱུན་འཁྱོངས་ལྷོད་མེད་ངང་ཏང་ནན་སྐྱོང་བྱེད་པའི་སྤྱིའི་བླང་བྱ་སོགས་ལ་གོ་བ་གཏིང་ཟབ་ལེན་པར་འགྲེལ་བཤད་གཏིང་ཟབ་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཏེང་མའོ་ཧྲེང་གིས་བཤད་རྒྱུར། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ལོ་རྒྱུས་བརྒྱུད་རིམ་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་ཇུས་འགོད་བཀོད་སྒྲིག་དང་། དངོས་སུ་སྒྲིག་འཛུགས་དང་བཀོད་འདོམས། དངོས་སུ་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཅས་བྱས་ནས། ཏང་ཡོངས་ཀྱི་སྣེ་ཁྲིད་དེ་དམག་འཐབ་དྲག་པོ་གཅིག་རྗེས་གཉིས་མཐུད་དུ་བརྒྱབ་པ་དང་། དཀའ་གནད་ཆེ་བའི་དོན་དག་གཅིག་རྗེས་གཉིས་མཐུད་དུ་ཐག་བཅད་པས། མར་ཁེ་སིའི་རིང་ལུགས་ཀྱི་ཆབ་སྲིད་པ་དང་བསམ་བློ་བ། འཐབ་ཇུས་པ་བཅས་ཀྱི་མིག་རྒྱང་རིང་ཞིང་ལྟ་བ་ཟབ་པ་དང་། ཐུན་མོང་མ་ཡིན་པའི་དཔའ་སྟོབས་དང་། བླ་ན་མེད་པའི་ཉམས་འགྱུར་བཅས་གང་ལེགས་ཀྱིས་མཚོན་ཡོད། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་སེམས་གཏིང་གི་བརྩི་བཀུར་དང་གོང་བཀུར་ཐོབ་ཡོད་ཟེར།
ཏེང་མའོ་ཧྲེང་ད་དུང་ཐའེ་ཡོན་ཏི་གྲོང་ཚོའི་སྡེ་ཁུལ་དང་ཐའེ་ཡོན་ལྕི་བའི་བཟོ་ལས་ལྕགས་ལམ་འགྲིམ་འགྲུལ་སྒྲིག་ཆས་ཚད་ཡོད་ཀུང་སིར་ཡོང་ནས། ལས་བྱེད་པ་དང་མང་ཚོགས་ལ་བསམ་ཚུལ་བརྗེ་རེས་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཨུ་ཡོན། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གི་པུའུ་རིམ་པ་གཞོན་པའི་སྐོར་ཞིབ་ཆེད་མི་ཀྲང་ཅི་ཡིས་ཚེས12ཉིན་ཧུའུ་པེ་རུ་སྒྲོག་བཤད་སྙན་ཞུ་ཕུལ། ཀྲང་ཅི་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་།《ཆོད་དོན》གྱི་བཀོད་སྒྲིག་གལ་ཆེན་དང་། ལས་འགན་གལ་ཆེན། གཙོ་གནད་ལས་དོན་བཅས་ལ་དམིགས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་སོགས་ཀྱི་ཐད། བརྒྱུད་རིམ་ལྡན་པའི་སྒྲོག་བཤད་དང་འཆད་འགྲེལ་གཏིང་ཟབ་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཨུ་ཡོན། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གི་པུའུ་རིམ་པ་གཞོན་པའི་སྐོར་ཞིབ་ཆེད་མི་ཀྲང་ཅི་ཡིས་བཤད་རྒྱུར། སྤྱོད་སྲོང་སྒྲིག་ནན་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་རེད། ངེས་པར་དུ་ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་བྱེད་དགོས་པ་དང་། སྤྱོད་སྲོང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བཅས་ཕན་ཚུན་འབྲེལ་མཐུད་བྱེད་པ་རྒྱུན་འཁྱོངས་བྱས་ནས། སྤྱོད་ཚུལ་དམ་འཛིན་ནས་འགོ་བཙུགས་ཏེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཉམས་མྱོང་བེད་སྤྱོད་གཏིང་ཟབ་བྱེད་པ་དང་། སྤྱོད་ཚུལ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ། སྒྲིག་ཁྲིམས་གཟབ་ནན་ལ་བརྟེན་ནས་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་བྱེད་པ་དང་སྣང་བརྙན་བཟང་པོར་བརྟེན་ནས་སེམས་ནུས་གཅིག་སྒྲིལ་བྱེད་དགོས་ཟེར།
ཀྲང་ཅི་ད་དུང་ཧུང་ཨན་རྫོང་ཆི་ལི་ཕིང་གྲོང་རྡལ་དུ་སྐྱོད་དེ་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་བསམ་ཚུལ་བརྗེ་རེས་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཟུར་པ་ཐེན་ཕེ་ཡན་གྱིས་ཚེས་12ཉིན་ནང་སོག་ཏུ་སྒྲོག་བཤད་སྙན་ཞུ་ཕུལ། ཐེན་ཕེ་ཡན་གྱིས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རླབས་ཆེན་གྲུབ་འབྲས་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་སྟོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ་སོགས་ཀྱི་ཐད་ལ་དམིགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་སྒྲོག་བཤད་དང་འཆད་འགྲེལ་གཏིང་ཟབ་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཟུར་པ་ཐེན་ཕེ་ཡན་གྱིས་བཤད་རྒྱུར། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་མེད་པར་གཏོང་རྒྱུ་ནི་ཐལ་དྲགས་པ་དང་ཞན་ཆ་ཡིན་ལ། བཅོས་དགོས་པ་ནི་དར་སྲོལ་ཡིན། འདུ་དགོས་པ་ནི་དམངས་སེམས་ཡིན་པ་དང་། བརྟན་དགོས་པ་ནི་ཁྱོན་ཡོངས་ཡིན་ལ། རྒྱལ་དགོས་པ་ནི་མ་འོངས་པ་ཡིན། གྲུབ་འབྲས་འདི་དག་གི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁ་ཕྱོགས་སྟོན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཐུག་ཡོད་ལ། ལྷག་པར་དུ་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་རག་ལས་ཡོད་ཟེར།
ཐན་ཕེ་ཡན་ད་དུང་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་དུ་ཡོང་ནས། ཞིང་སྡེ་དང་སྡེ་ཁུལ་དུ་བསྐྱོད་དེ་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་བསམ་ཚུལ་བརྗེ་རེས་བྱས།