ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་ཚོགས་ཏེ། ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་འབད་པས་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགོ་འཛིན་བྱས་ལ། ལུའོ་ཏུང་ཁྲོན་གྱིས་གཏམ་བཤད། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི<ཀྲུང་གུང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན>ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་བསམ་འཆར》སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ལུའོ་ཏུང་ཁྲོན་གྱིས་བསམ་འཆར(གྲོས་བསྡུར་མ་ཟིན)》ལ་ཚང་འཛོམས་གྲོས་ཚོགས་སྟེང་གསལ་བཤད་གནང་བ་དང་། ཚང་འཛོམས་གྲོས་ཚོགས་ལས་ཀྲུང་གོའི་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་པ2027ལོའི་ཟླ5པར་ཟི་ལིང་དུ་འཚོག་རྒྱུ་གཏན་འཁེལ་བྱས།

ཟླ11པའི་ཚེས17ཉིན། ཀྲུང་གོའི་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་ཟི་ལིང་དུ་ཚོགས།
ཟླ11ཚེས17ཉིན། ཀྲུང་གོའི་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་ཟི་ལིང་དུ་ཚོགས་པ་དང་། ཚང་འཛོམས་གྲོས་ཚོགས་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་། 《ཀྲུང་གུང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན》གྱི་འཐབ་ཇུས་བཀོད་སྒྲིག་དང་བྱེད་ཐབས་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི〈ཀྲུང་གུང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན〉གྱི་བསམ་འཆར་ལག་བསྟར་དོན་འཁྱོལ་བྱེད་པར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་འབད་པས་སྐུལ་འདེད་གཏོང་བར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས《བསམ་འཆར(གྲོས་བསྡུར་མ་ཟིན)》སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཀྲུའུ་ཀི་ཡུས་ཅེ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ལིའུ་མེ་ཕིན་དང་། ཝང་ཝེ་ཏུང་། ཀྲང་ཅིན་ཀང་། ཝང་ཏ་ནན། ཝུའུ་ལ་ཙི་པིའེ་ཁོ·རེ་སུའུ་ལི་ཧན། པད་གོ ཀྲུའུ་ཞང་ཧྥེང་། ཚའོ་ཅོན་བཅས་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་ཨུ་ཡོན་མི62ཞུགས་དགོས་པ་དང་། དངོས་སུ་ཞུགས་མཁན་མི52ཡོད། རྗེས་སྣོན་ཨུ་ཡོན་མི14ཞུགས་དགོས་པ་དང་། དངོས་སུ་ཞུགས་མཁན་མི13ཡོད། ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི། ཞིང་ཆེན་དམག་ཁུལ་གྱི་འགན་འཁུར་བློ་མཐུན་གཙོ་བོ། ཞིང་ཆེན་སྒྲིག་ཨུའི་ཨུ་ཡོན། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཞིང་ཆེན་སྒྲིག་ཨུའི་ཨུ་ཡོན་མིན་པའི་གྲོང་ཁྱེར་དང་ཁུལ་སོ་སོའི་སྒྲིག་ཨུའི་ཧྲུའུ་ཅི། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་དང་། རྫོང་སོ་སོའི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ་དང་མི་དམངས་ཚོགས་པ་སོ་སོ་དང་མང་ཚོགས་ཚོགས་པ། མཐོ་རིམ་སློབ་གྲྭ། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་དང་། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་ཏང་ཙུའུ(ཏང་ཨུ)ཡི་འགན་འཁུར་བློ་མཐུན་གཙོ་བོ། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་ཁག་ཅིག་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་ཤིག་དང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པར”འབད་འབུངས་ཡར་བརྩོན་བྱེད་པའི་སྐབས་སུ་ཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་གྲོས་ཚོགས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཏང་གི་སྲིད་སྐྱོང་གོ་གནས་སྲ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་ཡོད་པས། བསམ་བློའི་རང་བཞིན་དང་། ཆབ་སྲིད་རང་བཞིན། འཐབ་ཇུས་རང་བཞིན་དང་། མཛུབ་སྟོན་རང་བཞིན་བཅས་ཆེན་པོ་ལྡན། གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཆོད་དོན》ནི། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་བཟོ་སྐྲུན་རླབས་པོ་ཆེ་གསར་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པས། དེས་དུས་རབས་གསར་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་དང་། ཏང་དར་རྒྱས་དང་ཏང་སྟོབས་ལྡན་ལ་སྔར་ལས་ལྷག་པའི་རྣམ་པ་གསར་པ་གཏོད་པ་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ཡུན་རིང་མཛུབ་སྟོན་གྱི་དོན་སྙིང་ཆེན་པོ་ལྡན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལས་དོན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྣེ་ཁྲིད་དང་འགན་སྲུང་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྐབས་རིམ་བྱུང་གི་ཞིང་ཆེན་ཏང་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ་ཏང་གི་ཕྱོགས་སོ་སོའི་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་སྔར་བས་ཞུམ་མེད་སྟོབས་ལྡན་ཡིན་ཞིང་། “སྲུང་སྐྱོང་གཉིས”ལག་བསྟར་སྔར་བས་བློ་རྩ་བརྟན་ཞིང་རང་རྟོགས་ལྡན་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ངེས་ཤེས་བསྐྱེད་ཚད་ཏན་ཏིག་ཏུ་ཕྱིན་པ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་སྤྱི་ཡོངས་ནས་ཆེ་རུ་ཕྱིན་ཡོད། “སྤྱོད་ངན་བཞི”ཡོ་བསྲང་དང་དར་སྲོལ་གསར་པ་འཛུགས་པར་རིམ་བཞིན་གཏིང་ཟབ་ཏུ་སྤེལ་བ་དང་། སྒྲིག་ཁྲིམས་དང་སྒྲིག་ལམ་སྔར་བས་གཟབ་ནན་དུ་བཏང་ལ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གྲུབ་འབྲས་མངོན་གསལ་བླངས་པ་དང་། ཏང་སྲོལ་སྲིད་སྲོལ་དང་སྤྱི་ཚོགས་ཀྱི་དར་སྲོལ་གསར་རྐྱང་དུ་གྱུར་ཡོད། ཞིང་ཆེན་ཡོངས་ཀྱི་ཕྱོགས་ཡོངས་ནས་ཏང་སྐྱོང་བྱེད་པར་ཕྱོགས་ཡོངས་དང་གཏིང་ཟབ། ལོ་རྒྱུས་རང་བཞིན་བཅས་ཀྱི་གྲུབ་འབྲས་ཐོབ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་དང་། མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་པ་དང་དྲིན་ཚོར་ཡར་བརྩོན་བྱས་ནས། མཚོ་སྔོན་མདུན་ལམ་ཆེན་པོ་ཡོད་པ་དང་། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་བྱས་རྗེས་སྔར་བས་ཆེན་པོ་འབུལ་བའི་གལ་ཆེའི་དུས་སྐབས་སུ་སླེབས་པར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད་མོད། འོན་ཀྱང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ། འགྲན་སློང་གསར་པ་བཅས་ཀྱང་རིག་པ་དྭངས་གསལ་གྱིས་ངོས་འཛིན་དང་། མཚོ་སྔོན་ཞིང་ཆེན་གྱི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གནས་བབ་དང་ལས་འགན་ཁོང་དུ་ཡང་དག་ཆུད་ནས། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་རྩ་ཆེའི་ཉམས་མྱོང་རྒྱུན་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ། ཏང་འཛུགས་སྐྱོང་ཐད་འཕྲད་པའི་འབུར་ཐོན་གནད་དོན་ལེགས་སྒྲིག་དང་ཐག་གཅོད་ཡག་པོ་བྱེད་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ལས་གྲུབ་པའི་ཆབ་སྲིད་ཀྱི་རྣམ་པ་ལེགས་པོ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་བར་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཏེ་ནན་གྱིས་བསྟན་དོན། ཏང་གཤིས་ཤུགས་ཆེ་རུ་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རྩ་བའི་རང་བཞིན་གྱི་ལས་འགན་ཞིག་རེད། ཏང་གཤིས་བརྟན་པོ་བྱུང་ན་གཞི་ནས་དད་སེམས་བརྟན་པ་དང་། ལངས་ཕྱོགས་བརྟན་པོ། འགུལ་སྐྱོད་བརྟན་པོ་བཅས་ཡོང་ཐུབ་པ་དང་དཀའ་ཉེན་སྣ་ཚོགས་ཀྱི་ཚོད་བགམ་ཐེག་ཐུབ། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱུ་དེ་ཚེ་གང་གི་ཞིབ་འཇུག་བྱ་གཞིར་བརྩིས་ནས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་ཚན་རིག་དང་མཐུན་པའི་བསམ་བློ་དང་བྱེད་ཐབས་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ཏང་ལ་བློ་དཀར་བའི་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་དགོས། ཏང་གཤིས་བརྟན་པོ་གསོ་སྐྱོང་དང་སྦྱོང་བརྡར་བྱ་དགོས་པ་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་། “ལམ་གཉིས”ཀྱི་སྙིང་སྟོབས་དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་སོགས་བེད་སྤྱོད་ཡག་པོ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ། ཏང་གཤིས་དབྱེ་འབྱེད་ནན་མོ་བྱས་ནས་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་ཤེས་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དམངས་གཙོ་གཅིག་སྡུད་ལམ་ལུགས་ནི་ང་ཚོའི་ཏང་གི་རྩ་བའི་རྩ་འཛུགས་ཀྱི་རྩ་དོན་དང་འགོ་ཁྲིད་ལམ་ལུགས་ཡིན་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་མཐར་ཕྱིན་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་སོགས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་གནད་འཁེལ་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་ཞིང་དམངས་གཙོ་ལྡན་པ་དང་ཁྲིམས་ལྟར་ཇུས་ཐག་གཅོད་པར་རྒྱུན་འཁྱོངས་དང་། “འགོ་ཁྲིད་དང་པོས”འགན་སྒྲུབ་དབང་སྤྱོད་ནན་མོ་བྱས་ཏེ་དབང་ཆ་ཕྱི་གསལ་ནང་གསལ་གྱི་སྒོ་ནས་སྤྱོད་དུ་འཇུག་དགོས།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགག་རྩ་ནི་ལས་བྱེད་པ་ནན་གྱིས་སྐྱོང་བར་ཐུག་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས་མི་འདེམས་སྤྱོད་བྱེད་དགོས་ཤིང་། སྲིད་འབྲས་ཀྱི་ལྟ་བ་ནོར་འཛོལ་སྔོན་འགོག་དང་ཡོ་བསྲང་ནུས་ལྡན་བྱེད་པའི་ལས་ཀའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། འགོ་ཁྲིད་གསར་པས་རྩིས་ཐོ་རྙིང་པར་ཁ་ཡ་མི་བྱེད་པ་དང་། “ཕྱི་ཚུལ་བཟོ་སྐྲུན”དང“སྲིད་འབྲས་བཟོ་སྐྲུན། ” སྲིད་ཇུས་འཆར་འགོད“བརྟན་པོ་མིན་པ”སོགས་ཀྱི་གནད་དོན་བཅོས་སྐྱོང་ནན་མོ་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་ལས་བྱེད་པའི་གོ་གནས་སྤོར་གཅོག་གཉིས་རུང་དང་། དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་བསྐྲུན་དགོས།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་གི་རྩ་འཛུགས་རིམ་པ་ཁག་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཏང་གི་བྱེད་པོ་ཡིན་པས། གཞི་རིམ་ཏང་འཛུགས་ཀྱི་བཙན་རྫོང་བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱི་མིག་དཔེ་ནུས་པ་འདོན་སྤེལ་བྱེད་པ། ས་གནས་ཏང་ཨུའི་བྱེད་ནུས་ཇེ་དྲག་ཏུ་གཏོང་བ། ཁ་ཕྱོགས་སྟངས་འཛིན་དང་སྤྱི་ཡོངས་ལ་དོ་དམ། ཐབས་ཇུས་འགོད་པ། དོན་འཁྱོལ་འགན་སྲུང་བྱེད་པའི་འགན་འཁྲི་གཙོ་བོ་ལག་བསྟར་བྱེད་པ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་གཅིག་འདོམས་སྐུལ་འདེད་གཏོང་བ། གསར་དར་ཁྱབ་ཁོངས་ཀྱི་ཏང་གི་འཛུགས་སྐྱོང་དམ་འཛིན་འབུར་དུ་ཐོན་པར་བྱས་ནས། ཏང་གི་མི་རིགས་ས་ཁུལ་གྱི་སྲིད་སྐྱོང་གཞི་རྩ་རྒྱུན་མཐུད་ངང་ཇེ་བརྟན་དུ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱོད་སྲུང་སྒྲིག་ནན་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱེད་ཐབས་ནུས་ལྡན་ཡིན་པས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ཆུ་རགས་རྒྱུན་མཐུད་ངང་བརྟན་པོ་འཛུགས་པ། ཚད་གཞི་སྔར་ལས་ནན་མོས་སྒྲིག་འགལ་ཟ་འཐུང་སོགས་ཀྱི་སྤྱོད་ངན་ཡོ་བཅོས་དམ་འཛིན་ལེགས་པོ་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་རྒྱུན་རྣམ་དུས་ཡུན་རིང་བོར་བཅོས་སྐྱོང་བྱེད་པ། ལྟ་སྐུལ་སྒྲིག་བསྟར་གྱི་རྣམ་པ་བཞི་བཀོལ་སྤྱོད་གཏིང་ཟབ་བྱས་ཏེ། སྒྲིག་ལམ་ནན་མོས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དང་། སྣང་བརྙན་བཟང་པོར་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པར་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཇུས་ཆོད་གལ་ཆེན་དང་རུལ་རྒོལ་འཐབ་རྩོད་ཀྱི་གཞི་རྩའི་བྱེད་ཕྱོགས་ཡིན་པས། ཐོག་མཐའ་བར་གསུམ་དུ་གནད་དོན་ལ་ཡང་དག་ལྟ་བའི་རང་རྟོགས་དང་གྲི་ཁ་ནང་སྐོར་གྱི་བློ་སྟོབས་སྲུང་འཛིན་བྱེད་པ་དང་། རུལ་སུངས་ལ་ཆད་པ་གཅོད་པའི་མཐོ་གནོན་རྣམ་པ་སྲུང་འཛིན་བྱེད་པ། གཙོ་གནད་གནད་དོན་དང་གཙོ་གནད་ཁྱབ་ཁོངས། གཙོ་གནད་བྱ་ཡུལ་གཙིགས་འཛིན་བྱེད་པ། སྔར་ལས་ནུས་ཤུགས་ལྡན་པའི་སྒོ་ནས་འཕར་ཚད་བཀག་འགོག་དང་སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་གསོག་ཚད་གཙང་སེལ་བྱེད་པ། རུལ་རྒོལ་གྱི་རྟོལ་ནུས་ཇེ་མཐོར་གཏོང་བ། དབང་ཆ་བཀོལ་སྤྱོད་ཀྱི་བཀག་སྡོམ་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྤྱོད་གཙང་ལ་གོང་བཀུར་དང་རུལ་སུངས་ལ་འགོག་རྒོལ་བྱེད་པའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ལ་ཤུགས་སྣོན་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཡུན་རིང་གི་བྱེད་ཐབས་དང་རྩ་བའི་བྱེད་ཐབས་ཡིན་པས། ལམ་ལུགས་ཀྱི་བརྟན་མཁྲེགས་ཚད་ཇེ་བརྟན་དུ་གཏོང་རྒྱུ་དེ་འབུར་ཐོན་གོ་གནས་སུ་འཇོག་པ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ཀྱི་སྤྱི་ཁོག་གི་ཕན་ནུས་མཐོར་འདེགས་བྱེད་པ། ཁྲིམས་སྲོལ་ལམ་ལུགས་ལག་བསྟར་བྱེད་པར་ཤུགས་སྣོན་པ། ཏང་ཨུའི(ཏང་ཙུའུ)བྱ་བའི་བྱེད་པོའི་འགན་འཁྲི་དངོས་འབེབས་བྱེད་པ། རིམ་དགར་རིགས་དབྱེ་ངང་ཏང་དོན་ཡོངས་བསྒྲགས་དམ་འཛིན་བྱེད་པ། ཏང་ཡོན་ལས་བྱེད་པའི་བསམ་བློའི་འགོག་རགས་རྒྱུན་མ་ཆད་པར་ཇེ་བརྟན་དུ་བཏང་སྟེ། ཏང་ནང་ཁུལ་དང་སྤྱི་ཚོགས་སྟེང་གི་ལྐོག་སྲོལ་འབྱུང་སའི་ས་རྒྱུ་དང་བགྲོད་ལམ། ཚོང་ར་མེད་པར་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ཐད་ཀྱི་གྲུབ་འབྲས་ཅི་ཙམ་བཟང་ན། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགན་སྲུང་དེ་ཙམ་ནུས་ཤུགས་ལྡན་པས། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་བརྟན་པོ་འཛུགས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོང་མཁན་བྱེད་པ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དདང་སྐྱེ་ཁམས་ཟུང་འབྲེལ་གྱི་རོགས་ལས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྲིད་འཛིན་ཁྲིམས་བསྟར་དང་ཁྲིམས་འཛིན་ལྟ་སྐུལ་གྱི་བཀག་སྡོམ་བྱེད་པ། སྐྱེ་ཁམས་ལ་གཏོར་བརླག་གཏོང་བའི་སྤྱོད་ཚུལ་མཐའ་གཅིག་ཏུ་བཀག་འགོག་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་ཐིག་བརྟན་སྲུང་བྱས་ཏེ། ཧུར་ཐག་གིས་མདོ་དབུས་མཐོ་སྒང་དེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སར་འཛུགས་སྐྲུན་བྱེད་དགོས། ཏང་གི་དཔལ་འབྱོར་བྱ་བའི་ཐད་ཀྱི་ཕྱོགས་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལ་དམིགས་ནས། སྤུས་ལེགས་ནུས་ལྡན་གྱི་འཕེལ་རྒྱས་ཁོར་ཡུག་བསྐྲུན་པ། ཉེ་གཙང་གཅིག་གྱུར་གྱི་སྲིད་ཚོང་འབྲེལ་བ་གསར་པ་འཛུགས་པ། ཚོང་གཉེར་ཁོར་ཡུག་བཟང་བོ་རྒྱུན་མཐུད་ངང་བསྐྲུན་པ། ཐོན་ཁུངས་བདག་རྐྱེན་དྲང་སྙོམས་བགོ་སྒྲིག་ཟབ་སྤེལ་བྱེད་པ། གཉེར་སྐྱོང་བྱེད་པོའི་གསར་གཏོད་གསོན་ཤུགས་དང་འཕེལ་རྒྱུས་སྒུལ་ནུས་ཆེར་སྐྱེད་དེ། དཔལ་འབྱོར་རྒྱུན་མཐུད་ངང་ལེགས་འཕེལ་བཟང་འཕེལ་འབྱུང་བ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་ཐད་ནས་འཕེལ་སྐྱེད་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས། དྲང་སྙོམས་དྲག་གཞག་གི་སྤྱི་ཚོགས་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་། སློབ་གསོ་དང་སྨན་བཅོས། སྡོད་ཁང་། ལས་ཞུགས། ཁྲིམས་འཛིན་སོགས་ཁྱབ་ཁོངས་ཀྱི་དྲང་སྙོམས་ཚད་མཐའ་བརྟན་སྲུང་བྱེད་པ། མང་ཚོགས་ཀྱིས་འདྲ་མཉམ་སྒོས་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་ལོངས་སྤྱོད་བྱེད་པར་འགན་སྲུང་བྱས་ནས། བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་སྔར་ལས་མང་བ་དང་སྔར་ལས་དྲང་སྙོམས་སྒོས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་ཕན་ཐོགས་སུ་འཇུག་དགོས།
ཚང་འཛོམས་གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས་ཤིང་། རང་རྟོགས་ངང་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སྤྱད་དེ་རིག་ལམ་ཇུས་འགོད་དང་བྱེད་ཐབས་འཐུས་ཚང་། གནད་དོན་ཐག་གཅོད། ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་ཟམ་མི་ཆད་པར་གཏིང་ཟབ་ཏུ་སྤེལ་དགོས། ཏང་ཨུའི(ཏང་ཙུའུ)ཡི་བྱེད་པོའི་འགན་འཁྲི་དང་སྒྲིག་ཨུའི་ལྟ་སྐུལ་འགན་འཁྲི། ཏང་ཨུའི(ཏང་ཙུའུ)ཧྲུའུ་ཅིའི་འགན་འཁུར་པ་དང་པོའི་འགན་འཁྲི། འགོ་ཁྲིད་ཚན་ཁག་གི་ཁོངས་མི་གཞན་གྱི“ལས་གནས་གཅིག་དང་འགན་འཁྲི་གཉིས”དང་། ཏང་ཡོན་དང་ལས་བྱེད་པའི་བྱེ་བྲག་གི་འགན་འཁྲི་བཅས་ཇེ་དམ་དུ་བཏང་སྟེ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དོ་དམ་བྱེད་ཕོད་པ་དང་བཅོས་སྐྱོང་བྱེད་ཕོད་པ། དོ་དམ་ནན་མོ་དང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས་ལ། ཏང་ཡོན་དང་ལས་བྱེད་པས་རང་འགན་རང་འཁུར་དང་འགན་འཁྲི་ལག་བསྟར་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བར་སྐུལ་འདེད་ཀྱང་གཏོང་དགོས། རང་ས་ཁུལ་དང་རང་སྡེ་ཁག དེ་བཞིན་རང་ཁྱབ་ཁོངས་བཅས་ཀྱི་ཏང་འཛུགས་སྐྱོང་ཐད་གནས་པའི་གནད་དོན་མངོན་གསལ་གྱི་རིགས་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱས་ཏེ། ལས་དོན་དངོས་དང་གྲུབ་འབྲས་དངོས། ཕན་འབྲས་དངོས་བཅས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཚོ་སྔོན་དུ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
ཚང་འཛོམས་གྲོས་ཚོགས་ལས་ད་དུང་ལོ་མཇུག་དང་ལོ་འགོའི་ལས་དོན་ཁག་བཀོད་སྒྲིག་བྱས་ཤིང་། ལོ་འཁོར་གྱི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ནས་སྤྱི་འདོམས་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་དང་ལས་དོན་ཁག་སྔོན་ལ་བསྒྲུབ་ནས་དུས་ཚིགས་བཞི་པའི་གྲུབ་འབྲས་ལ་གདོང་མཆོང་བྱེད་པ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱས་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ལེགས་པོ་ཞིག་རྩོམ་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཇེ་དམ་དུ་གཏོང་བ། ཁྱབ་ཁོངས་ཁག་གི་མངོན་མེད་ཉེན་ཁ་གྲལ་བཤེར་བྱ་རྒྱུ་བཅས་དམ་འཛིན་ཏན་ཏིག་བྱས་ཏེ། མེ་འགོག་དང་གྲང་འགོག གནོད་འགོག་བཅས་ཀྱི་ལས་དོན་ཁག་དང་ཡོམ་ཁུལ་མང་ཚོགས་ཀྱི་བདེ་འགོད་ལས་དོན་ཡག་པོར་བསྒྲུབ་དགོས་ལ། མཁོ་འགན་གོང་བརྟན་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་ལ་དམ་འཛིན་ཡག་པོ་བྱས་ཏེ་ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། སྤྱོད་ཚུལ་ལེགས་སྐྱོང་རྒྱུན་ལྡན་དང་ཕན་ནུས་ཡུན་རིང་ལྡན་པ། འགན་སྒྲུབ་ཆུ་ཚད་སྤུས་འདེགས་ཕན་སྐྱེད་བྱེད་དགོས་ལ། ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་གཏོད་དགོས། སང་ལོའི་ལས་དོན་ལ་ཇུས་འགོད་གཏིང་ཟབ་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་དམིགས་འབེན་བཟོ་དགོས་ཤིང་། ལས་གཞི་ཅན་དང་གསལ་ཐོ་ཅན་གྱི་གཙོ་གནད་ལས་འགན་གསེད་བཀྲོལ་བྱས་ཏེ། དངོས་སྒྲུབ་ཀྱི་འགན་ཁུར་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་རྒྱུགས་ལན་གསར་པ་འབུལ་དགོས།
ཚང་འཛོམས་གྲོས་ཚོགས་ལས《ཀྲུང་གོའི་གུང་ཁྲན་ཏང་གི་མཚོ་སྔོན་ཞིང་ཆེན་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་པ་འཚོག་རྒྱུའི་སྐོར་གྱི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཀྲུང་གོའི་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་པ2027ལོའི་ཟླ5པར་ཟི་ལིང་ནས་འཚོག་རྒྱུའི་ཐག་བཅད།
ཚང་འཛོམས་གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཕྱོགས་ཡོངས་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བཅས་ལེགས་པར་བསྒྲུབ་དགོས་ལ། ཧུར་བརྩོན་རྒྱལ་སྐྱོང་དང་ཤུགས་སྐྱེད་སྟོབས་སྤེལ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལེའུ་འབད་པས་རྩོམ་དགོས་པ་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉེར་གཅིག་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་མ་ཞུ་དགོས་པའི་འབོད་སྐུལ་གནང་།