མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས16ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཚབ་མ་ཀྲུའུ་ཀི་ཡུས་ཅེ་ཡིས་འགོ་འཛིན་བྱས་ཏེ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་དང་ཡིག་ཆའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་གཞིར་བཟུང་ནས་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་དང་ཡིག་ཆའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་གཞིར་བཟུང་ནས། འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ160འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་། པེ་ཅིང་གྲོང་ཁྱེར་གྱི་ཆུས་དམངས་ཆེན་འཐུས་མིའི་སྐབས་བརྗེའི་འདེམས་བསྐོའི་འདེམས་ཤོག་འཕེན་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། སྐུ་ཞབས་སུན་ཀྲུང་ཧྲན་གྱི་རིན་ཐང་བྲལ་བའི་དགོངས་དོན་སློབ་སྦྱོང་དང་རྒྱུན་འཛིན། དར་སྤེལ་བཅས་བྱེད་པ་དང་། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། རང་འགུལ་ངང་མི་དམངས་དམངས་གཙོའི་བརྒྱུད་རིམ་ཧྲིལ་པོ་ལག་བསྟར་བྱེད་དགོས་པ་དང་། རང་འགུལ་ངང་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་ལྟ་སྐུལ་དང་ལས་དོན་ལྟ་སྐུལ་དང་ལེན་བྱེད་པ། དམངས་ཆེན་གྱི་ལས་དོན་ལ་རྒྱབ་སྐྱོར་དང་འགན་ལེན་བྱས་ཏེ། ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་ནུས་སུ་འགྱུར་བར་བྱེད་དགོས།
ཚོགས་འདུའི་སྟེང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམིགས་ནས་སློབ་སྦྱོང་དང་གྲོས་བསྡུར་བྱས་ནས་ནན་གྱིས་བསྟན་དོན། ཏང་འཛུགས་བསམ་བློ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བླང་བྱ་དེ་སྲིད་གཞུང་བྱ་བའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་དང་མཉམ་དུ་ཇུས་འགོད་དང་བཀོད་སྒྲིག མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཕན་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ།“ཡོ་བསྲང་བྱེད་དགོས་པ་དྲུག”རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། གཞི་རིམ་གྱི་ཁུར་པོ་མངོན་སུམ་ཇེ་ཡང་དུ་གཏོང་དགོས།
ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སྟེང་། ཟླ11པའི་ཚེས6ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། འགན་འཁྲིའི་བསམ་པ་དང་ཉེན་ཚབས་ཀྱི་བསམ་པ་མངོན་སུམ་ཇེ་དྲག་ཏུ་གཏོང་བ་དང་། ལོ་མཇུག་གི་མཇུག་བསྡུའི་ལས་དོན་དང་སང་ལོའི་ལས་དོན་གྱི་འཆར་འགོད་བརྟན་པོའི་ངང་བསྒྲུབ་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པར་འགན་ལེན་བྱེད་དགོས། སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་ལག་གི་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། འཕེལ་རྒྱས་རྣམ་པ་དང་ཞབས་ཞུ་རིགས་ཀྱི་སྤྱི་ཚོགས་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་འཕྲི། བདེ་ཐང་ཀྲུང་གོའི་འགུལ་སྐྱོད་བཅས་ཀྱི་བྱ་བའི་གནས་ཚུལ་སྙན་ཞུར་ཉན་པ་དང་། ཁྲིམས་སྐྱོང་འགན་ལེན་མ་ལག་དང་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ནུས་པ་འཛུགས་སྐྲུན་གྱི་ལས་དོན་ལ་ཞིབ་འཇུག་བྱས་ཏེ་ནན་གྱིས་བསྟན་དོན། བདེ་འཇགས་འགན་འཁྲི་རིམ་པ་བཞིན་ཇེ་མཐོར་གཏོང་བ་དང་གཟབ་ནན་ཅན་དུ་ཕྱོགས་པར་འབད་དེ། བདེ་འཇགས་ཐོན་སྐྱེད་ཀྱི་འགལ་རྐྱེན་ལ་གང་སྔ་དང་དོན་དངོས། ཞིབ་ཕྲ། དམ་འཛིན་བཅས་ཀྱི་སྒོ་ནས་གྲལ་བཤེར་དང་བཅོས་སྐྱོང་བྱས་ཏེ། ལས་འཛོལ་ཚབས་ཆེན་མི་འབྱུང་བར་དོགས་ཟོན་མཐའ་གཅིག་ཏུ་བྱེད་དགོས། ནུས་ཤུགས་ཡོད་རྒུས་བདེ་ཐང་དོ་དམ་དང་ནད་ཡམས་སྔོན་འགོག་ཚོད་འཛིན། སྨན་བཅོས་ཞབས་ཞུའི་འགན་ལེན་སོགས་ཀྱི་ནུས་པ་ཆེ་རུ་བཏང་ནས། མཐོ་སྒང་གི་ཁྱད་ཆོས་ལྡན་ལ་བདེ་ཐང་ཡིན་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་དགོས། གཞི་རིམ་གྱི་ཁྲིམས་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། གྲངས་རིག་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ། ཁྲིམས་སྐྱོང་དཔུང་སྡེ་སྟོབས་ཅན་དུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེད་དུ་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་བསྐྲུན་དགོས།
གྲོས་ཚོགས་སྟེང་། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2025ལོའི་ལོ་འཁོར་གྱི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་གི་རྩིས་བཤེར་རྩད་ཆོད་གནད་དོན་དག་ཐེར་བྱས་ཚུལ་སྐོར་གྱི་སྙན་ཞུར》གྲོས་ཞིབ་བྱས་པ་དང་འབྲེལ་ནས་རྩ་དོན་ཐོག་གྲོས་འཆམ་བྱུང་བ་དང་། གོ་རིམ་ལྟར་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་ཞུ་འབུལ་རྒྱུའི་གཏན་འབེབས་བྱས།
གཞན་གཟུགས། གྲོས་ཚོགས་སྟེང་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།