ཟླ11པའི་ཚེས16ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲ་སྒྲིག་བྱ་བའི་ཚོགས་འདུ་ཐེངས་དང་པོ་ཚོགས།
ཚོགས་འདུ་ལས་གྲ་སྒྲིག་བྱ་བའི་སྒྲིག་གཞིའི་ཚན་ཆུང་སོ་སོའི་འགན་འཁྲི་གསལ་བོ་བཏོན་པ་དང་། ཚན་ཆུང་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོར་གྲ་སྒྲིག་བྱ་བའི་ཇུས་གཞི་དང་གྲ་སྒྲིག་བྱ་བའི་ཐད་ནས་བསམ་འཆར་བསྡུ་ལེན་བྱས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་གནས་བབ་ཇེ་མཐོར་གཏོང་བ་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་དགོས། གྲ་སྒྲིག་བྱ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཚད་གཞི་མཐོ་ཤོས་དང་བླང་བྱ་ནན་ཤོས། སྤྱོད་ཚུལ་ལེགས་ཤོས་བཅས་ཀྱི་ཐོག་ནས་གྲ་སྒྲིག་བྱ་བ་སོ་སོའི་ཁྲོད་ཞུགས་དགོས། ལས་འགན་ཁག་བགོས་ཞིབ་ཕྲ་བྱས་ནས། ལས་ཀའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་དགོས། རྩ་འཛུགས་ཀྱི་མ་ལག་ཚགས་སུ་ཆུད་པ་བཙུགས་ཏེ། ནོར་འཆུག་མེད་པ་དང་ཆད་ལྷག་མེད་པ། ནོར་འཛོལ་མེད་པ་བཅས་ཡོང་བར་བྱེད་དགོས། ཡག་ཐོག་ཡག་བརྩེགས་བྱ་རྒྱུ་རྒྱུན་འཁྱོངས་སྒོས་ལས་ཀའི་སྤུས་ཚད་ལ་དམ་འཛིན་ནན་མོ་བྱས་ནས། ཞིབ་ཚགས་ཡིན་ཞིང་གནད་ལ་འཁེལ་བ་དང་ནོར་འཆུག་གཏན་ནས་མི་འབྱུང་བར་འགན་ལེན་བྱེད་དགོས། ལས་ཀའི་སྒྲིག་ཁྲིམས་དམ་ནན་ཅན་དུ་གཏོང་བ་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཐད་གཟབ་ནན་དང་སྤྱོད་ཚུལ་ཐད་ནན་ཏན། ལས་ཀའི་ཐད་ནན་མོ་བཅས་བྱས་ཏེ། ཚོགས་ཆེན་ལ་རྩ་འཛུགས་ཡག་པོ་དང་འཐུས་མིར་ཞབས་ཞུ་ཡག་པོ་བསྒྲུབ་ནས། ཚོགས་ཆེན་བདེ་བླག་ངང་འཚོག་པར་འགན་ལེན་ནན་མོ་བྱེད་དགོས།