ཉེ་ཆར། ཏ་ཧི་ཅ་ནས(ཀན་སུའུ་དང་མཚོ་སྔོན་གྱི་མཚམས)(ཞུན་ཧྭ)རཀྴི་མདོ་གཞུང་ལམ་བར་གྱི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་བཟོ་སྐྲུན་སྟེ། སོ་ཐུང་ཕོ་རྨ་ཆུའི་ཟམ་ཆེན་གྱི་ཟམ་སྣེ་བདེ་བླག་ངང་སྦྲེལ་མཐུད་བྱས་ནས་ལས་གཞི་འཛུགས་སྐྲུན་གྱི་འགག་རྩའི་ལས་འགན་འགྲུབ་ནས་རྗེས་མཐུད་ཀྱི་ཨར་ལས་ལ་རྨང་གཞི་བརྟན་པོ་བཏིང་།
སོ་ཐུང་ཕོ་རྨ་ཆུའི་ཟམ་ཆེན་ནི་མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་རྫོང་དུ་ཡོད། ཏ་ཧི་ཅ་ནས་རཀྴི་མདོ་བར་གྱི་ལམ་ཐིག་ཧྲིལ་པོའི་ཨར་ལས་དཀའ་ཚད་ཆེ་ཤོས་དང་ལག་རྩལ་གྱི་ཚད་གཞི་མཐོ་བའི་ཚོད་འཛིན་རང་བཞིན་གྱི་བཟོ་སྐྲུན་ཞིག་ཡིན། ཟམ་པ་ནི་སྒྲོམ་སྟེགས་གཉིས་འདྲེས་མའི་རྣམ་པའི་གསེག་འཐེན་ཟམ་པའི་སྒྲིག་གཞི་ཡིན་པ་དང་། སྒྲོམ་སྟེགས་གཙོ་བོའི་མཐོ་ཚད་ལ་སྨི167ཡོད། གཡོན་ཕྱོགས་ཀྱི་ཟམ་སྣེའི་རིང་ཚད་ལ་སྨི609དང་། གཡས་ཕྱོགས་ཀྱི་ཟམ་སྣེའི་རིང་ཚད་ལ་སྨི664་དང་། ཟམ་ངོས་རྐྱང་མའི་ཞེང་ལ་སྨི16.35བཅས་ཡོད། ཟམ་པ་འདི་རྨ་ཆུའི་མཐོ་སྒང་གི་གྲོག་རོང་དུ་གནས་ཡོད་ལ། ཆུ་གཏིང་ཟབ་པ་དང་བྱེ་རླུང་འབྱུང་སླ་ཞིང་། བར་སྣང་ལས་སྒྲུབ་དང་ཆུ་འབྲེལ་ཨར་ལས་སོགས་ཀྱི་གནས་ཚུལ་ཡོད་ལ། ཨར་ལས་བྱེད་ཡུན་ལ་ཚད་བཀག་ཡོད་པས། ཨར་ལས་ལག་རྩལ་དང་བདེ་འཇགས་དོ་དམ་ཚོད་འཛིན། གཅིག་གྱུར་བཀོད་གཏོང་བཅས་ཚང་མར་ཚོད་བགམ་ཆེན་པོ་ཐེབས་ཡོད། ལས་གཞི་ལས་འགོ་ཚུགས་པ་ནས་བཟུང་། འཛུགས་སྐྲུན་ནང་ཞུགས་མཁན་མི་སྣ་ཡོངས་ཀྱིས་དཀའ་ཚགས་ལ་མ་འཛེམ་པར་བསྟུད་མར་འགག་སྒྲོལ་བྱས་ཏེ། སྤུས་ཚད་དང་བདེ་འཇགས་ལ་དོ་དམ་ཚོད་འཛིན་བྱེད་པའི་བྱེད་ཐབས་ཁག་དོན་འཁྱོལ་ནན་མོ་བྱས་མཐར་གཡས་གཡོན་གྱི་ཟམ་སྣེ་སྦྲེལ་མཐུད་ཀྱི་མཐོ་ཚད་ཧའོ་སྨི5ཡི་ནང་ཚོད་འཛིན་ནན་པོ་བྱས་པ་དང་། ཟམ་པའི་འཁོར་སྒྲོམ་གནད་ལ་འཁེལ་བར་སྦྲེལ་མཐུད་བྱས་ནས་ཚད་གཞི་མཐོ་བའི་སྒོ་ནས་དུས་མཚམས་རང་བཞིན་གྱི་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་བྱུང་།