མདའ་བཞི་རྫོང་གིས་གཞི་རིམ་བཅོས་སྐྱོང་གསར་གཏོད་བྱས་ནས་འཆམ་མཐུན་ཁྱིམ་གཞིས་འཛུགས་སྐྲུན་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་ཏང་འཛུགས་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། དྲ་མིག་ཅན་གྱི་དོ་དམ་ལ་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་གི་མཇུག་སྣེ་ཇེ་བརྟན་དུ་གཏོང་བ་དང་། སྡེ་བ་དང་སྡེ་ཁུལ་མཉམ་སྐྲུན་བྱས་ནས་མཁར་གྲོང་གི་བཀག་རྒྱ་གཏོར་བ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་མཉམ་འགུལ་བྱས་ནས་རྙོག་འཛིང་ཆེ་བའི་བྱ་བ་ཐག་བཅད་དེ། མང་ཚོགས་ཀྱི་བྲལ་དཀའ་ཁྲེལ་སྒུག་དུས་ཐོག་ཏུ་ཐག་བཅད་དེ།  དུས་བདེའི་འཆམ་མཐུན་ཁྱིམ་གཞིས་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་མཁར་གྲོང་གི་མང་ཚོགས་ལ་ཕན་བདེ་བསྐྲུན། 

བཅར་ལན། མོ།  མཚོ་བྱང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་མཁར་བྱང་སྡེ་ཁུལ་གྱི་དྲ་མིག་པ་ཀྲའོ་ཝུན་ཧྥང་གིས་བཤད་རྒྱུར། 

འུ་ཚོས་རྒྱུས་ལོན་ཞིག་བྱེད། ཚོང་ཁང་གི་ལྟག་རྒྱབ་ཏུ་ལམ་རྗེས་ཅི་འདྲ་རེད། 

ལྕམ་མོ་ཀྲང་གིས་བཤད་རྒྱུར།  ཨར་འདམ་གྱི་ལམ་ལས་པའི་རྗེས་སུ་འདམ་རྫབ་མེད་པ་དང་ལམ་ངོས་ཧ་ཅང་བདེ་བས། ཧ་ཅང་བཟང་ཀི 

ཁོ་ཚོས་བཤད་བཞིན་པའི་ལམ་འདི་ནི་མཚོ་བྱང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་མཁར་བྱང་སྡེ་ཁུལ་ཆི་ལེན་ལམ་གྱི་ནུབ་མཚམས་བྱང་ངོགས་ཀྱི་ཚོང་ཁང་ལྟག་རྒྱབ་ཀྱི་འགྲོ་ལམ་ཞིག་རེད། ཡར་སྔོན། འདི་གར་གངས་ཆར་བབས་རྗེས་ཆུ་གཤོང་དཀའ་བ་དང་ལམ་ངོས་སུ་ཆུ་འཁྱིལ་བས། ཉེ་འཁོར་གྱི་གྲོང་མི་ཕྱིར་སྐྱོད་པར་ཧ་ཅང་སྟབས་མི་བདེ། ད་ལྟ། སྲང་ལམ་དུ་ཆུ་འབུད་ནུས་པ་བཟང་བའི་ལམ་ངོས་བསྐྱར་དུ་བཏིང་བའི་དུས་མཚངས་སུ་ཆུ་འབུད་སྒྲིག་ཆས་ཀྱང་དུས་མཉམ་དུ་བསྒྱུར་བཀོད་རིམ་སྤོར་བྱས། 

མཚོ་བྱང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་མཁར་བྱང་སྡེ་ཁུལ་ཆི་ལེན་ལམ་གྱི་ཚོང་བ་ལྕམ་མོ་ཀྲང་གིས་བཤད་རྒྱུར། 

སྔོན་ཆད་སྒོ་འགྲམ་གྱི་ལམ་ངོས་ཁོད་མི་སྙོམས་པ་དང་། གངས་ཆར་འབབ་དུས་ཆུ་འཁྱིལ་བས། ནམ་རྒྱུན་འགྲོ་དུས་ཧ་ཅང་བདེ་འཇགས་མིན། སྡེ་ཁུལ་གྱི་དྲ་མིག་པས་ང་ཚོའི་དཀའ་ཁག་དེ་ཤེས་རྗེས།  གནད་དོན་ཚང་མ་ཐག་གཅོད་བྱས་པས། ང་ཚོ་ཧ་ཅང་ཡིད་ཚིམ་ཡོད། 

མདའ་བཞི་རྫོང་གིས་ཞང་དང་གྲོང་རྡལ6གི་སྡེ་བ་དང་སྡེ་ཁུལ་36དེ་རིམ་པ་བཞི་པའི་དྲ་མིག94རུ་དབྱེ་སྟེ། དྲ་མིག་རེ་རེར་དྲ་མིག་པ1རེ་བཀོད་སྒྲིག་བྱས་ཡོད། ད་ལོའི་ཚུན་ལ། རྫོང་ཡོངས་ཀྱི་དྲ་མིག་པས་བསྡོམས་པས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ410ལྷག་ཙམ་འཚོལ་བསྡུ་བྱས་པ་དང་། དམངས་འཚོའི་ཞབས་ཞུའི་དོན་དག460ལྷག་བསྒྲུབས་ཤིང་། འགལ་བ་དང་རྩོད་གཞི98འདུམ་འགྲིག་དང་ཐག་གཅོད་བྱས་པ་དང་འདུམ་འགྲིག་བྱེད་ཚད92%ཟིན་ཡོད།

མཚོ་བྱང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་མཁར་བྱང་སྡེ་ཁུལ་གྱི་དྲ་མིག་པ་ཀྲའོ་ཝུན་ཧྥང་གིས་བཤད་རྒྱུར། 

ང་ཚོས་རྒྱུན་དུ་བཅར་འདྲི་དང་གྲལ་བཤེར་བྱས་ཏེ། ཁོངས་གཏོགས་ས་ཁུལ་གྱི་ཁྱིམ་ཚང་གི་གནས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ནས་སྡོད་དམངས་ཀྱི་རེ་འདོད་དུས་ཐོག་ཏུ་འཚོལ་སྡུད་བྱས་པ་དང་།  བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཁྱིམ་མཚེས་ཀྱི་རྩོད་གཞི་དེ་གར་སེལ་བ། དོན་ཆུང་དྲ་མིག་ལས་མི་བརྒལ་བ་དང་། དོན་ཆེན་དུས་ཐོག་ཏུ་ཡར་ཞུ་བྱས་ཏེ། གཞི་རིམ་བཅོས་སྐྱོང་གི་འགོག་སྲུང་འཛིང་རགས་དང་པོ་ནུས་ཤུགས་ཡོད་རྒུས་ཇེ་བརྟན་དུ་བཏང་བ་ཡིན། 

དོན་ཆུང་དྲ་མིག་ནང་དུ་ཐག་བཅད་པ་དང་། སྡེ་བ་དང་སྡེ་ཁུལ་བརྒལ་བའི་དོན་དག་ཇི་ལྟར་མཉམ་འགུལ་བྱེད་དགོས་སམ། མདའ་བཞི་རྫོང་གིས“སྡེ་བ་དང་སྡེ་ཁུལ་མཉམ་སྐྲུན་དང་མཁར་གྲོང་མཉམ་འགུལ”ཁྱབ་སྤེལ་བཏང་སྟེ།  རྫོང་ཡོངས་ཀྱི་སྡེ་ཁུལ7དང་སྲིད་འཛིན་སྡེ་བ29ཆ་སྒྲིག་མཉམ་སྐྲུན་བྱས་ནས། མཉམ་སྐྲུན་གྲོས་མཐུན་36བཞག་པ་དང་། ཏང་སྐྱོང་མཉམ་འཛིན་དང་ཐོན་ཁུངས་མཉམ་སྤྱོད། ཞབས་ཞུ་མཉམ་འགུལ་སོགས“མཉམ་པ་བདུན་”གྱི་འགུལ་སྐྱོད་སྤེལ་ཏེ།  “ཁ་པའི་ཟ་ཁང་”དང་“བློ་བདེའི་འབྲུ་སྣུམ་ས་ཚིགས”སོགས་གཉེར་སྐྱོང་མཉམ་ལས་རྣམ་གྲངས12གསོ་སྐྱོང་བྱས་ཤིང་།  སྡེ་ཁུལ7གྱི་ཐུན་མོང་དཔལ་འབྱོར་ཡོང་འབབ་སྒོར་བདུན་འབུམ་བཞི་ཁྲི་བཞི་བརྒྱར་སླེབས་པ་དང་། མཁར་གྲོང་གི་ཐོན་ཁུངས་འཁོར་རྒྱུག་དང་ཞབས་ཞུ་གཞི་རིམ་དུ་ཟུག་པར་སྐུལ་འདེད་བཏང་། 

སྡེ་བ་དང་སྡེ་ཁུལ་མཉམ་སྐྲུན་གྱིས་ཐག་གཅོད་མི་ཐུབ་པའི་རྙོག་འཛིང་ཆེ་བའི་དོན་དག་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བསྡུས་ནས་གཅིག་གྱུར་བཀོད་གཏོང་བྱས།  མདའ་བཞི་རྫོང་གི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས“བདག་སྤྲོད་ལ་ཁྲིད་སྟོན་དང་སྣ་མང་ཅན་དབྱེ་འབྱེད། བཀོད་འདོམས་བཀོད་གཏོང་”བཅས་ཀྱི་བཀོད་པ་ལྟར། ཞབས་ཞུའི་བྱེད་ནུས་ཁུལ29དང་ཆ་འཕྲིན་ཅན་གྱི་དོ་དམ་ལས་སྟེགས1བཙུགས་ཏེ། མང་ཚོགས་ཀྱིས་བཏོན་པའི་གནད་དོན་རིགས་དབྱེ་འཁོར་རྒྱུག་དང་མཉམ་འགུལ་ཐག་གཅོད་བྱས། 

མང་ཚོགས“སྒོ་གཅིག་གི་ནང་དུ་མ་གཏོགས་འཛུལ་མི་དགོས་པའི”ཡིད་ཆེས་དེ་ནི་མདའ་བཞི་རྫོང་གིས་ལོ་མང་པོར་ཞིབ་འཇུག་བྱས་པའི“དོན་ཆུང་ཐག་གཅོད་བྱེད་ཐབས་དྲུག་”ལས་བྱུང་བ་རེད། མིག་སྔར་རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ6དང་སྡེ་བ་དང(སྡེ་ཁུལ)36ཚང་མར“དོན་ཆུང་ཐག་གཅོད་བྱེད་ཐབས་དྲུག་གི་གཞུང་ལས་ཁང”བཙུགས་ཡོད། ད་ལོའི་ཚུན་། མདའ་བཞི་རྫོང་གིས་ཁྱིམ་ཚང་ཆིག་ཁྲི་བདུན་སྟོང་ལྷག་ལ་བཅར་འདྲི་དང་གྲལ་བཤེར་བྱས་པ་དང་། འགལ་བ་དང་རྩོད་གཞི་སྣ་ཚོགས་353ཐག་གཅོད་བྱས་ཤིང་འདུམ་འགྲིག་བྱེད་ཚད98%ཟིན་ཡོད། འགལ་བ་གོང་རིམ་དུ་མི་སྤྲོད་པ་དང་བདེ་འཇགས་དོན་རྐྱེན་མི་འབྱུང་བ། ཞབས་ཞུ་ནམ་ཡང་ཡོད་པ་བཅས་མངོན་འགྱུར་བྱུང་། 

​མཚོ་བྱང་ཁུལ་མདའ་བཞི་རྫོང་རྫོང་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲང་ཞའོ་ལུང་གིས་བཤད་རྒྱུར། 

“སྡེ་བ་དང་སྡེ་ཁུལ་མཉམ་སྐྲུན”གྱིས་མཁར་གྲོང་གི་བཀག་རྒྱ་གཏོར་བ་དང་། “དོན་ཆུང་ཐག་གཅོད་བྱེད་ཐབས་དྲུག་”གིས་འགལ་བ་བྱུང་མ་ཐག་ཐག་བཅད་ལ། དྲ་མིག་ཅན་གྱིས་ཞབས་ཞུ་ར་སྐོར་ནང་དུ་སྐྱེལ། རྗེས་མར། ང་ཚོས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཡག་པོ་སྒྲུབ་སྟེ།  དྲ་མིག་པ་དང་འདུམ་འགྲིག་པའི་དཔུང་སྡེ་སྟོབས་ཆེར་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་དེ་“གཟུགས་ལྡན་ཁེབས་ཚད”ནས“ནུས་ལྡན་ཁེབས་ཚད”དུ་འཕར་བར་སྐུལ་འདེད་བཏང་སྟེ། དུས་བདེའི་འཆམ་མཐུན་གྱི་ཁྱིམ་གཞིས་གཞི་མདངས་སྔར་ལས་མཛེས་ཤིང་མང་ཚོགས་ཀྱི་ཐོབ་སྣང་སྔར་ལས་ཇེ་ཆེར་གཏོང་རྒྱུ་ཡིན། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།