ཉེ་ཆར། ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན་ཅུས་བཅུ་གཅིག་པས་འགན་སྒྲུབ་བྱས་པའི་ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ(ཀན་སུའུ་དང་མཚོ་སྔོན་ལམ་དུམ)གྱི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུའི་རྒྱུད་ཀྱི་རོང་ཁིས་ཕུག་ལམ་ལས་འགྲུབ་བྱུང་། འདི་ནི་ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ཀན་སུའུ་ལམ་དུམ་གྱི་འཛུགས་སྐྲུན་ཐད་དུས་རིམ་རང་བཞིན་གྱི་ཐོད་བརྒལ་གསར་བ་བྱུང་བའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། ལམ་ཐིག་ཧྲིལ་བོ་དུས་ལྟར་བསྐྲུན་ནས་མེ་འཁོར་ཤར་གཏོང་བྱེད་པར་རྨང་གཞི་བརྟན་པོ་བཏིངས།
རོང་ཁིས་ཕུག་ལམ་ནི་ཀླུ་ཆུ་རྫོང་གི་མངའ་ཁོངས་སུ་ཡོད་ཅིང་། ལམ་ཐིག་ཧྲིལ་བོའི་སྤྱིའི་རིང་ཚད་ལ་སྨི6836ཡོད་ལ། འཆར་གཞི་ལས་ཉིན་བཞི་བཅུའི་སྔོན་ལ་ཕུག་ལམ་བདེ་འཇགས་བརྟན་བརླིང་ངང་ལེགས་འགྲུབ་བྱུང་། ལས་གཞི་འཛུགས་སྐྲུན་མཐུན་ཚོགས་ཀྱིས་དེང་རབས་ཅན་གྱི་ལག་རྩལ་བཀོལ་ཏེ་བཟོ་སྐྲུན་བྱས་པས། བཟོ་སྐྲུན་ལས་ཆོད་དང་བདེ་འཇགས་དོ་དམ་ཚོད་འཛིན་ཆུ་ཚད་སྔར་ལས་མཐོར་འདེགས་བཏང་ཡོད།
ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་བོའི་སྤྱིའི་རིང་ཚད་ལ་སྤྱི་ལེ836ལྷག་ཡོད་ཅིང་། འཆར་འགོད་བྱས་པའི་མྱུར་ཚད་ཆུ་ཚོད་རེར་སྟོང་སྨི200ཡིན། དེ་ནི་རང་རྒྱལ་གྱི“གཞུང་བརྒྱད་དང་འཕྲེད་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་ལན་ཀྲོའུ་ནས་ཀོང་ཀྲོའུ་བར་གྱི་གཞུང་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས། ལམ་ཐིག་འགྲམ་རྒྱུད་ཀྱི་རིགས་སོ་སོའི་མི་དམངས་ཀྱི་འགྲོ་འོང་ལ་སྟབས་བདེ་གང་ལེགས་སྐྲུན་ཐུབ་ཅིང་། ཀན་ལྷོ་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན།