——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་བྱ་བར་མཛུབ་སྟོན་གལ་ཆེན་གནང་བར་དོ་སྣང་ཆེན་པོ་བྱུང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་བྱ་བར་མཛུབ་སྟོན་གལ་ཆེན་གནང་སྟེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་བཏང་ནས། རྒྱལ་དབང་ཁེ་ལས་དང་རྒྱལ་དབང་མ་རྩ་ཇེ་སྟོབས་དང་ཇེ་ལེགས། ཇེ་ཆེར་གཏོང་ཆེད་འགན་སྲུང་བརྟན་པོ་མཁོ་འདོན་བྱེད་དགོས་པ་ནན་གྱི་བསྟན། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་དེ་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་སུ་དོ་སྣང་ཆེན་པོ་བྱུང་། ཚང་མས་བསྟན་དོན། ཏང་གིས་རྒྱལ་དབང་ཁེ་ལས་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་བསྣན་ནས། སྤུས་ཚད་མཐོ་བའི་ཏང་འཛུགས་ཀྱིས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། རྒྱལ་དབང་ཁེ་ལས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་པས། ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་། ལས་དོན་སོ་སོར་གྲུབ་འབྲས་གསར་པ་ཐོབ།
ཀྲུང་དབྱང་རྩ་འཛུགས་པུའུ་རྩ་འཛུགས་ཅུས་གཉིས་པའི་ཅུས་ཀྲང་གཞོན་པ་ལིའང་ཞའོ་ཆང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་འཐབ་ལམ་གསར་པའི་རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ལ། ང་ཚོར་སེམས་འགུལ་ཆེན་པོ་ཐེབས་པ་དང་སྐུལ་ལྕག་ཆེན་པོ་ཐེབས། ང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་དགོས་ལ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་ཤིང་། ཏང་གིས་རྒྱལ་དབང་ཁེ་ལས་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་དགོས་པ་མ་ཟད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་ནུས་ལྡན་བྱས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་་ཀྱིས་རྒྱལ་དབང་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་དགོས།
ཅང་སུའུ་ཞིང་ཆེན་དངུལ་རྩའི་བྱ་བའི་ཨུ་ཡོན་ལྷན་ཁང་རྩ་འཛུགས་ཁྲུའུ་ཡི་ཁྲུའུ་ཀྲང་ཧྲི་ཞན་ཁྲེང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བརྗོད་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་གནད་ལ་འཁེལ་བས། ང་ཚོས་མཛུབ་སྟོན་གྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་མྱུར་དུ་དོན་འཁྱོལ་དམ་འཛིན་ལེགས་པོ་བྱེད་དགོས་ལ། ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་དངུལ་རྩའི་ཁེ་ལས་ཀྱིས་དངུལ་རྩའི་བྱ་བའི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་ཁོང་དུ་ཆུད་པར་བྱས་ཏེ། དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་དང་དངུལ་རྩའི་མཁོ་སྤྲོད་ཇེ་ལེགས་སུ་གཏོང་བ། བློ་དཀར་སྤྱོད་གཙང་དང་འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དངུལ་རྩའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་སྐྱེད་སྲིང་བྱེད་དགོས་པ་མ་ཟད། སྤྱོད་གཙང་གི་ཉེན་ཁ་དང་དངུལ་རྩའི་ཉེན་ཁ་མཉམ་དུ་སྔོན་འགོག་དང་ཚོད་འཛིན་བྱས་ཏེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཕན་འབྲས་དེ་དངོས་སུ་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དངུལ་རྩའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་སྒུལ་ནུས་ཆེན་པོར་བསྒྱུར་དགོས་ཟེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བར་ཤུགས་སྣོན་དང་། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་བྱེད་ནུས་དང་རྩ་འཛུགས་ཀྱི་བྱེད་ནུས་ཆེ་རུ་གཏོང་བར་ཤུགས་བསྣོན་དགོས། མགོ་ཁྲིད་ཚན་ཆུང་འཛུགས་སྐྱོང་ལ་ཤུགས་སྣོན་དང་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་དགོས། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་གང་ཐུབ་བྱས་ཏེ། རྒྱལ་དབང་ཁེ་ལས་དང་རྒྱལ་དབང་མ་རྩ་སྟོབས་ཆེར་གཏོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།
ཚང་མས་ཚད་གཞི་དེ་བས་མཐོ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་གིས་རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ནུས་ལྡན་སྒོས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། རྒྱུན་ཆད་མེད་པར་རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུའི་བསམ་པ་བསྟན།
ཀྲུང་གོའི་ཚེ་སྲོག་ཉེན་སྲུང་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལུའོ་ཡུས་པིང་གིས་བཤད་རྒྱུར། ང་ཚོས་ཏང་འཛུགས་སྐྱོང་གིས་རྨང་གཞི་སྲ་བརྟན་དུ་གཏོང་བའི་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བར་ཤུགས་སྣོན་དགོས་ལ། ཏང་འཛུགས་དང་གཉེར་སྐྱོང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ལས་རིགས་གཙོ་བོར་དམིགས་པ་དང་དམངས་ཀྱི་ཆེད་དུ་འགན་བཅོལ་བརྟན་སྲུང་བྱེད་པ། འགན་བཅོལ་མ་དངུལ་གྱི་ཡུན་རིང་མ་རྩའི་ནུས་པ་འདོན་སྤེལ་དང་། ཚན་རྩལ་རང་ཚུགས་རང་འབད་དང་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་ཆེན་པོ་བྱས་ནས། ཏང་གི་མགོ་ཁྲིད་ལམ་ལུགས་ཀྱི་དགེ་མཚན་དེ་ཁེ་ལས་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་དགོས་ཟེར།
ཀྲུང་གོ་ཀོང་ཏུང་ཉིང་རྡུལ་བཟོ་སྐྲུན་ཚད་ཡོད་ཀུང་སིའི་ཇུས་འགོད་གླིང་དཔྱད་ཆས་ཚོད་འཛིན་ཁང་གི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་གཉིས་པ་ཀྲོའུ་ཡེ་ཞང་གིས་བཤད་རྒྱུར། མིག་སྔར་རང་རྒྱལ་གྱི་རང་བརྟེན་ཉིང་རྡུལ་གློག་ཁང་རབས་གསུམ་པའི་ལག་རྩལ“ཧྭ་ལུང་དང་པོ”དེ་གཞི་ཁྱོན་ཅན་གྱི་འཛུགས་སྐྲུན་དུས་རིམ་དུ་གནས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་བྱེད་ནུས་ཇེ་དྲག་ཏུ་གཏོང་དགོས་ལ། ཏང་འཛུགས་ལ་བརྟེན་ནས་ཚན་རིག་ཞིབ་འཇུག་གི་འགག་གནད་མཁྲེགས་གཏོར་བྱེད་པར་སྣེ་ཁྲིད་དགོས་ཤིང་། ཇུས་འགོད་ཀྱི་འབྱུང་རྩ་ནས་ཉིང་རྡུལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བཟོ་བ་དང་འགག་རྩའི་ལྟེ་བའི་ལག་རྩལ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་པ་མ་ཟད། “ཧྭ་ལུང་དང་པོ”ཡི་འབོར་གྲངས་ཅན་གྱི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ནས། རང་རྒྱལ་གྱི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་གི་མཉེན་ཆ་དང་བདེ་འཇགས་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་རྒྱུ་ཡིན་ཟེར།
ཀྲུང་གོའི་རླངས་འཁོར་སྡེ་ཚོགས་དང་པོ་ཚད་ཡོད་ཀུང་སི་ཐོན་སྐྱེད་བཟོ་སྐྲུན་ལྟེ་གནས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཀའོ་ཏ་ཝེ་ཡིས་བཤད་རྒྱུར། ང་ཚོས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་མཛུབ་ཁྲིད་འོག བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀ་དེ་རྒྱུན་ལྡན་རང་བཞིན་དང་རྨང་གཞིའི་རང་བཞིན་ལྡན་པའི་ལས་ཀ་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་པ་དང་། ཐོན་སྐྱེད་ལས་རིམ་དང་འཁོར་ཁང་། ཚོ་ཆུང་བཅས་ཀྱི་གོ་རིམ་ཧྲིལ་པོར་སྤྱོད་གཙང་གཞུང་དྲང་དང་ལས་སྒྲུབ་ལས་སྐྲུན་གྱི་རྣམ་པ་བཟང་པོ་བསྐྲུན་ནས། རྒྱ་ཆེའི་ལས་བཟོ་པའི་ཧུར་སེམས་རང་བཞིན་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱ་དགོས་ལ། ཕུལ་བྱུང་རིམ་པའི་རིག་ནུས་བཟོ་གྲྭ་དང་ཐཱན་མེད་སྙིགས་མེད་བཟོ་གྲྭ་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་པ་རྒྱུན་མཐུད་ངང་གསོ་སྐྱོང་དང་འཕེལ་རྒྱས་བཏང་སྟེ། མི་རིགས་ཀྱི་རླངས་འཁོར་ཟོང་རྟགས་བཏོད་པ་དང་འཛམ་གླིང་གི་རྩེར་སོན་ཁེ་ལས་གཏོད་ངེས་ཟེར།
ཀྲུང་གོའི་རྒྱང་རིང་མཚོ་ཐོག་སྐྱེལ་འདྲེན་ཚོགས་པའི་མཐོ་རིམ་གྲུ་དཔོན་ཉིས་ཏིས་ཀྱིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་རྒྱ་སེའི་གྲུ་གཟིངས”ཀྱི་གྲུ་པ་དང་ཞལ་པར་སྐྱོན་པའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཟུང་ནས། འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་དང་མཚོ་ཐོག་སྐྱེལ་འདྲེན་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ཁྲོད་དཔུང་ཁག་སྦྱོང་བརྡར་བྱེད་པ་དང་། མཁོ་སྤྲོད་འགན་ལེན་དང་འབྲེལ་མཐུད་ཀྱི་འཐབ་ས་དང་པོར་ཏང་གཤིས་ཞུན་བརྡར་བྱས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་འཛམ་གླིང་གི་མཚོ་ཐོག་སྐྱེལ་འདྲེན་ཚན་རྩལ་ཁེ་ལས་རྩེ་གྲ་བསྐྲུན་རྒྱུར་སྣེ་ཁྲིད་རྒྱུ་ཡིན། །