ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ས་གནས་སོ་སོར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྟུད་མར་ཉིན་འགའི་རིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཀུའེ་ཀྲོའུ་དང་ཀྲེ་ཅང་། ཧོ་པེ་བཅས་སུ་སྒྲོག་འགྲེལ་བྱས་པ་མ་ཟད། གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་མཉམ་འགུལ་བརྗེ་རེས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)རྒྱུན་གཏན་བྱ་བའི་འགན་ཁུར་བའི་སློབ་གཙོ་གཞོན་པ(ཡོན་ཀྲང་གཞོན་པ)ཞེ་ཁྲུན་ཐའོ་ཡིས་ཚེས11ཉིན་ཀུའེ་ཀྲོའུ་རུ་སྒྲོག་འགྲེལ་སྙན་ཞུ་ཕུལ། ཞེ་ཁྲུན་ཐའོ་ཡིས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཐད་ནས་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་མཛུབ་ཁྲིད་དོན་སྙིང་གལ་ཆེན། རྒྱུན་འཁྱོངས་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་སྤྱི་ཁོག་གི་བླང་བྱ་དང་འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན་སོགས་ཀྱི་ཕྱོགས་ནས་འགྲེལ་ཀློག་གཏིང་ཟབ་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)རྒྱུན་གཏན་བྱ་བའི་འགན་ཁུར་བའི་སློབ་གཙོ་གཞོན་པ(ཡོན་ཀྲང་གཞོན་པ)ཞེ་ཁྲུན་ཐའོ་ཡིས་བཤད་རྒྱུར། རྒྱུན་འཁྱོངས་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུ་ནི་ཏང་ཡོངས་ཐུན་མོང་གི་ཆབ་སྲིད་འགན་འཁྲི་ཡིན་པས། ངེས་པར་དུ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲིའི་ལམ་ལུགས་ཀྱི“སྣ་ཐག”དམ་འཛིན་བྱེད་པ་དང་། ཏང་ཨུ(ཏང་ཙུའུ)ཡི་གཙོ་གཞི་འགན་འཁྲི་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་འགན་འཁྲི། ཏང་ཨུ(ཏང་ཙུའུ)ཡི་ཧྲུའུ་ཅིའི་འགན་འཁུར་བ་དང་པོའི་འགན་འཁྲི། ཚན་ཁག་གི་ཁོངས་མིའི“ལས་གནས་གཅིག་ལ་འགན་འཁྲི་གཉིས་”དང་ཏང་ཡོན་དང་ལས་བྱེད་པའི་བྱེ་བྲག་གི་འགན་འཁྲི་བཅས་གཏན་ཁེལ་ནན་མོ་བྱེད་དགོས་ཟེར།

ཞེ་ཁྲུན་ཐའོ་ད་དུང་ཀུའེ་ཀྲོའུ་རྒྱང་སྐྱོད་རིག་གནས་གྲངས་འཛིན་སྒྱུ་རྩལ་ཁང་དུ་སོང་ནས། གཞི་རིམ་གྱི་ཏང་ཡོན་ལས་བྱེད་མང་ཚོགས་དང་མཉམ་འགུལ་བརྗེ་རེས་བྱས། 

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཆུས་ཆིང་ཧྲན་གྱིས་ཚེས11ཉིན་ཀྲེ་ཅང་དུ་སྒྲོག་འགྲེལ་སྙན་ཞུ་ཕུལ། ཆུས་ཆིན་ཧྲན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》ལ་དམིགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་འཐབ་ཇུས་བསམ་གཞིག་ལ་ཕྱོགས་ཡོངས་ནས་འགྲེལ་བཤད་བྱས་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གཙོ་གནད་བཀོད་སྒྲིག་སྣ་ཚོགས་ལ་འགྲེལ་ཀློག་ཆ་ཚང་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཆུས་ཆིང་ཧྲན་གྱིས་བཤད་རྒྱུར། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པས་གཞུང་ལུགས་ཐོག་ནས་ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་སྐྲུན་བྱ་རྒྱུ་དང་། ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་འཛུགས་སྐྲུན་བྱ་རྒྱུའི་དུས་རབས་ཀྱི་དཔྱད་གཞིར་ལན་བཏབ་པ་དང་། ཀྲུང་གོ་གུང་ཁྲན་ཏང་ནི་ཅི་ཞིག་ཡིན་པ་དང་ཅི་ཞིག་བྱེད་དགོས་པའི་རྩ་བའི་རང་བཞིན་གྱི་གནད་དོན་འདིར་གསལ་བཤད་གཏིང་ཟབ་བྱས་ལ་། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་ན་ཇི་ལྟར་བྱ་དགོས་པ་དང་ཇི་ལྟར་བསྒྲུབ་དགོས་པ་བཅས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་ཞིབ་མོ་བཏབ་ཡོད་ཟེར།

ཆུས་ཆིང་ཧྲན་ད་དུང་ཧང་ཀྲོའུ་གྲོང་ཁྱེར་ཧྲང་ཁྲེང་ཆུས་ཞའོ་ཡིང་སྲང་ལམ་དུ་སོང་ནས། གཞི་རིམ་གྱི་ཏང་ཡོན་ལས་བྱེད་མང་ཚོགས་དང་མཉམ་འགུལ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཕྱི་འབྲེལ་པུའུ་ཡི་ཏང་ཨུའི་ཧྲུའུ་ཅི་ཆི་ཡུས་ཀྱིས་ཚེས11ཉིན་ཧོ་པེ་རུ་སྒྲོག་འགྲེལ་སྙན་ཞུ་ཕུལ། ཆི་ཡུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གལ་ཆེན་རང་བཞིན་དང་དགོས་གཏུགས་རང་བཞིན། སྤྱི་ཁོག་གི་བླང་བྱ། འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན་སོགས་ཀྱི་ཕྱོགས་ནས་སྒྲོག་འགྲེལ་ཆ་ཚང་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཕྱི་འབྲེལ་པུའུ་ཡི་ཏང་ཨུའི་ཧྲུའུ་ཅི་ཆི་ཡུས་ཀྱིས་བཤད་རྒྱུར། རྙོག་འཛིང་ཆེ་བའི་གནས་བབ་ཀྱི་མདུན་དང་། དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་ལས་འགན་གྱི་མདུན། རླུང་འཚུབ་རླབས་འཁྲུགས་དང་ཐ་ན་ཀློང་སྐྲག་རླབས་འཇིགས་ཀྱི་མདུན་དུ་སྲོག་ཤིང་ནི་རྟེན་གཞི་ཡིན་ལ། རྒྱལ་ཁ་ཐོབ་པའི་བརྟེན་ས་ཆེ་ཤོས་དང་རྩ་བའི་འགན་སྲུང་ཡིན། ཏང་ཡོངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་བསྒྲུབ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་དེ་བློ་བརྟན་འགྱུར་མེད་ངང་མདུན་དུ་བསྐྱོད་དགོས་ཟེར།

ཆི་ཡུས་ད་དུང་ཧྲི་ཅ་ཀྲོང་གྲོང་ཁྱེར་ཡུས་ཁྲེང་སྡེ་ཁུལ་དང་ཀྲེང་ཏིང་རྫོང་ཐ་ཡོན་ཀྲོང་སྡེ་བ་རུ་སོང་ནས། གཞི་རིམ་གྱི་ཏང་ཡོན་མང་ཚོགས་ཀྱི་འཐུས་ཚབ་དང་མཉམ་འགུལ་བརྗེ་རེས་བྱས།  །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།