རང་རྒྱལ་དུ་འཛམ་གླིང་ས་གཤིས་ཤུལ་བཞག་ས་ཁུལ3གསར་སྣོན་བྱས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས14ཉིན། གསར་འགོད་པས་སྐོར་གསུམ་པའི་རྒྱལ་སྤྱིའི་ས་གཤིས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་བདམས་ཐོན་བྱུང་བའི་མིང་ཐོ་ཁྱབ་བསྒྲགས་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། རང་རྒྱལ་དུ་ས་གཤིས་ཤུལ་བཞག་ས་ཁུལ་གསར་པ3ཇེ་མང་དུ་སོང་ཡོད་པ་སྟེ། དེ་དག་ནི་ཁྲུང་ཆིང་ཡུན་དབྱང་གི་དུས་རབས་བར་མའི་དུས་སུ་གནས་པའི་ཁུང་འབྲུག་རུས་ཚོགས་དང་། སི་ཁྲོན་གྱི་ཞན་ཧྲུའེ་གཙང་པོའི་གས་སྲུབས། ཨན་ཧུའེ་ཡི་ཏ་པེ་རི་བོའི་དུས་རིམ་གཉིས་པར་གཏོགས་པའི་གནོན་ཤུགས་ཆེ་བའི་བྲག་རྡོ་འགྱུར་ཁུལ་བཅས་ཡིན། དེར་བརྟེན། རང་རྒྱལ་དུ་བསྡོམས་པས་ས་གནས13བདམས་ཐོན་བྱུང་ཡོད།

རྒྱལ་སྤྱིའི་ས་གཤིས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ས་འོག་ཤུལ་དངོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའམ་ཀྲུང་གོ་ས་གཤིས་སློབ་གྲྭ་ཆེན་མོའི(པེ་ཅིན)དགེ་རྒན་ཆེན་མོ་ཀྲང་ཅན་ཕིང་གིས་ངོ་སྤྲོད་བྱས་པ་ལྟར་ན། ས་གཤིས་ཤུལ་བཞག་ཅེས་པ་ནི་རྒྱལ་སྤྱིའི་དོན་སྙིང་ལྡན་པའི་ས་འོག་ཤུལ་དངོས་སམ་ཡང་ན་བརྒྱུད་རིམ་གལ་ཆེན་ཡིན་པ་མ་ཟད། གོ་ལ་ཧྲིལ་པོར་བསྡུར་པའི་ཚད་གཞི་བྱེད་ཆོག་པའམ་ཡང་ན་སའི་གོ་ལའི་འཕེལ་རྒྱས་ལོ་རྒྱུས་ནང་རིན་ཐང་ཆེན་པོ་ལྡན་པ་ཞིག་ཏུ་ངོས་འཛིན་བྱས་ཡོད། དེས་མཚོན་དོན་ནི། ས་གཤིས་ཤུལ་བཞག་དེའི་རིགས་ལ་རྒྱལ་སྤྱི་ཡོངས་ཀྱི་ས་ཁམས་རིག་པའི་རིན་ཐང་མཐོ་ཤོས་དང་ཞིབ་འཇུག་ཆུ་ཚད་མཐོན་པོ་ཡོད་པ་མ་ཟད་སྲུང་སྐྱོབ་ལེགས་པོ་ཐོབ་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།