ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ས་གནས་སོ་སོ་རུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཡོང་ཁུངས། ཞིན་ཧྭ་དྲ་བ།

བསྟུད་མར་ཉིན་འགའི་རིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཡུན་ནན་དང་། ལིའོ་ཉིང་། ཧེ་ལུང་ཅང་བཅས་སུ་སྒྲོག་འགྲེལ་བྱས་པ་མ་ཟད། གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་སྤེལ་རེས་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པ། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཧྥུའུ་ཧའེ་ཡིས་ཚེས12ཉིན་ཡུན་ནན་དུ་སྒྲོག་འགྲེལ་སྙན་ཞུ་ཕུལ། ཀྲང་ཧྥུའུ་ཧའེ་ཡིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་རྒྱུན་འཁྱོངས་ལྷོད་མེད་བྱེད་པའི་དོན་སྙིང་གལ་ཆེན་དང་། གྲུབ་འབྲས་རླབས་ཆེན། སྤྱིའི་བླང་བྱ། འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་།  དེ་བཞིན་ཀྲུང་གོའི་ཁྱད་ཆོས་ཀྱི་རུལ་རྒོལ་ལམ་བུའི་ཚན་རིག་གི་ནང་དོན་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཆུད་པ་སོགས་ཀྱི་ཐད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྒྱུད་རིམ་ལྡན་པའི་ངང་སྒྲོག་འགྲེལ་དང་འཆད་འགྲེལ་གཏིང་ཟབ་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པ། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཧྥུའུ་ཧའེ་ཡིས་བཤད་རྒྱུར། ལག་ལེན་དངོས་ཀྱིས་དུས་རབས་གསར་པའི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་མེད་ན། ད་ལྟའི་ཚད་མཐོའི་མཐུན་སྒྲིལ་དང་ཞུམ་མེད་སྟོབས་ལྡན་གྱི་ཀྲུང་གོའི་གུང་ཁྲན་ཏང་འདི་འདྲ་ཞིག་ཡོད་མི་སྲིད་པ་དང་། དཀའ་ངལ་གྱི་མདུན་དུ་མི་ཁྲི་སེམས་གཅིག་དང་། དམངས་སེམས་གཅིག་སྒྲིལ་གྱི་ཏང་དང་མང་ཚོགས་བར་གྱི་འབྲེལ་བ་ཡོད་མི་སྲིད་ལ། རྒྱལ་སྤྱིའི་གནས་ཚུལ་འགྱུར་ལྡོག་ཆེ་བའི་ཁྲོད་ཐོག་མཐའ་བར་གསུམ་དུ་“ཆེས་མཛེས་པའི་ཡུལ་ལྗོངས་”ཀྱི་བརྟན་འཇགས་ཀྱི་ཀྲུང་གོ་ཡོད་མི་སྲིད་པ་བདེན་དཔང་བྱས་ཡོད་ཟེར།

ཀྲང་ཧྥུའུ་ཧའེ་ད་དུང་ཡུན་ནན་ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས་དུ་སོང་ནས་ཏང་ཡོན་ལས་བྱེད་པ་དང་སྤེལ་རེས་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། སློབ་གསོ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཧོའེ་ཅིན་ཕུང་གིས་ཚེས11ཉིན་ལེའོ་ཉིང་དུ་སྒྲོག་འགྲེལ་སྙན་ཞུ་ཕུལ།  ཧོའེ་ཅིན་ཕེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་གཞི་རྩའི་གནས་ཚུལ་དང་། 《ཆོད་དོན》གྱི་འཆར་ཟིན་བཀོད་ཚུལ། ཁྱད་ཆོས་གཙོ་བོ་བཅས་ངོ་སྤྲོད་བྱས་པ་དང་། གཙོ་བོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་དང་། འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན་སོགས་ལ་ཕྱོགས་ཡོངས་ནས་གོ་བ་ཡང་དག་ལེན་པའི་ཐད་ནས་ ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་སྒྲོག་འགྲེལ་དང་འཆད་འགྲེལ་གཏིང་ཟབ་བྱས།

བཅར་ལན། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། སློབ་གསོ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཧོའེ་ཅིན་ཕེང་གིས་བཤད་རྒྱུར། 《ཆོད་དོན》ལས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་དོན་འཁྱོལ་བྱས་ཡོད་པས། དགོངས་པ་འདིའི་བླང་བྱ་གཅོ་བོ་ནི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པར་གོ་བ་ཟབ་མོ་ལེན་པ་དང་། དགོངས་པ་འདིའི་ཚན་རིག་མ་ལག་དང་ཕུན་སུམ་ཚོགས་པའི་དོན་སྙིང་དང་ལག་ལེན་བླང་བྱ་བཅས་ཁོང་དུ་ཆུད་པར་བྱས་ན། ད་གཟོད《ཆོད་དོན》གྱི་བརྗོད་དོན་གཙོ་བོ་དང་བཀོད་སྒྲིག་སོ་སོ་ཡང་དག་གིས་རྒྱུས་ལོན་ཐུབ་པ་མཚོན་ཡོད་ཟེར།

ཧོའེ་ཅིན་ཕེང་ད་དུང་མཐོ་རིམ་སློབ་གྲྭ་དང་ཁེ་ལས་ཐོན་སྐྱེད་ཡུལ་དངོས་སུ་སོང་ནས་གཞི་རིམ་ཏང་ཡོན་ལས་བྱེད་མང་ཚོགས་དང་སྤེལ་རེས་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཧེ་ལུང་ཅང་ཞིང་ཆེན་ཏ་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལེའང་ཧུའེ་ལིན་གྱིས་ཚེས11ཉིན་ཧེ་ལུང་ཅང་དུ་སྒྲོག་འགྲེལ་སྙན་ཞུ་ཕུལ། ལེང་ཧུའེ་ལིན་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བའི་མཛུབ་སྟོན་བསམ་བློ་དང་རྩ་དོན། འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན་སོགས་ལ་ཕྱོགས་ཡོངས་ནས་གོ་བ་ཡང་དག་ལེན་པའི་ཐད་ནས་སྒྲོག་འགྲེལ་དང་འཆད་འགྲེལ་གཏིང་ཟབ་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཧེ་ལུང་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལེའང་ཧུའེ་ལིན་གྱིས་བཤད་རྒྱུར།  “གཏན་ཕབ་གཉིས”ནི་ཏང་གིས་དུས་རབས་གསར་པར་བླངས་པའི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྤྱི་ཡོངས་བཀོད་འདོམས་དང་ཁ་ཕྱོགས་ཁྲིད་སྟོན་ཡོད་པས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མདུན་སྐྱོད་ཀྱི་ལམ་བུའི་ཐོག་རྒྱལ་ཁ་ཐོབ་ངེས་པའི་ཡིད་ཆེས་ཀྱིས་ཁེངས་ཡོད།

ལིའང་ཧུའེ་ལིན་གྱིས་ད་དུང་ཧར་པིན་བཟོ་སྐྲུན་སློབ་ཆེན་ཧ་དམག་བཟོ་ལས་དྲན་གསོ་ཁང་དུ་སྒྲོག་འགྲེལ་བྱས་པ་མ་ཟད། ཡུལ་དངོས་ཀྱི་དགེ་སློབ་དང་སྤེལ་རེས་བྱས།  

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།