དྲང་བདེན་དང་ཁྲིམས་མཐུན་སྲུང་སྐྱོབ་བྱས་ཏེ་སྤུས་ཚད་མཐོ་བའི་ཁྲིམས་འཛིན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱབ་སྐྱོར་བྱེད་དགོས།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཁྲིམས་འཛིན་དྲང་གཞག་ནི་སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྲུང་སྐྱོང་བྱེད་པའི་འགོག་སྲུང་འཛིང་རགས་མཐའ་མ་ཡིན། དུས་རབས་གསར་བའི་ཚུན་དུ།མི་དམངས་ཁྲིམས་ཁང་ལ་འཕོ་འགྱུར་གཏིང་ཟབ་ཅིག་འབྱུང་བཞིན་ཡོད་པ་སྟེ། ཁྲིམས་རའི་ནང་རྩོད་གཞི་མཚམས་འཇོག་པ་ཙམ་མིན་པར་རྒྱལ་ཁབ་བཅོས་སྐྱོང་དང་དམངས་འཚོ་འགན་ལེན། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་གནས་ལུགས་ནང་དེ་བས་གཏིང་ཟབ་ངང་ཞུགས་ནས་སྤུས་ཚད་མཐོ་བའི་ཁྲིམས་འཛིན་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྲུང་སྐྱེལ་བྱེད་བཞིན་ཡོད།

བདེ་འཇགས་ནི་མི་དམངས་བདེ་སྐྱིད་ལྡན་པའི་གཞི་རྩའི་བླང་བྱ་ཡིན། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་ཉེས་གསོག་རིགས་ལ་མི་དམངས་ཁྲིམས་ཁང་གིས་རྡུང་རྡེག་ཚ་ནན་བཏང་ནས་བཟོད་སྒོམ་གཏན་ནས་བྱེད་མི་རུང་། ཁྲིམས་ཁང་གིས་འབར་མའི་བྱང་རྒྱུད་ཀྱི་ཁྱིམ་རྒྱུད་ཆེན་པོ་བཞིའི་ཉེས་གསོག་ཚོགས་པའི་ཉེས་གསོག་པ་གཙོ་བོ19ལ་ཁྲིམས་ལྟར་སྲོག་ཁྲིམས་བཅད་པ་དེས་རང་རྒྱལ་གྱི་སྤྱི་དམངས་ལ་གནོད་འཚེ་གཏོང་བའི་བྱས་ཉེས་ཅན་ལ་རྒྱང་ཐག་རིང་ཡང་རྩད་གཅོད་བྱེད་དགོས་པ་མངོན་པར་བྱས་ཡོད། 2025ལོར།ལྐོག་ཟ་རུལ་སུངས་ཀྱི་གྱོད་གཞི་སུམ་ཁྲི་དྲུག་སྟོང་དང་ཞུ་སྦྱོར་ཕྱི་མ་བ་བཞི་ཁྲི་ལ་ཁྲིམས་ལྟར་ཆད་པ་བཅད་དེ་རུལ་སུངས་ཡོད་ཚེ་ངེས་པར་དུ་ངོ་རྒོལ་བྱེད་པ་དང་ལྐོག་ཟ་བྱས་ཚེ་ངེས་པར་དུ་གཙང་སེལ་བྱེད་པའི་ཉེན་བརྡ་དྲག་པོ་རྒྱུན་མཐུད་ངང་བཏང་། ནག་འཇོམས་ངན་སེལ་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ་སྟེ་ད་ལོའི་ཟླ་བདུན་པར་རྒྱལ་ཡོངས་སུ་ཆེད་དོན་འཐབ་རྩོད་སྐོར་ཐེངས་གསར་པ་སྤེལ་འགོ་བརྩམས་ཏེ།གཙོ་བོ་དྲ་རྒྱའི་ནག་ཚོགས་དང་གཡོ་སྒྱུའི་གཏུམ་སྤྱོད་ལ་གདོང་གཏད་ནས་ཟླ་བཅུ་གཅིག་པའི་ཟླ་སྟོད་བར་འདྲི་གཅོད་ཐོག་མས་ནག་གཤེད་དང་འབྲེལ་བའི་གྱོད་གཞི340བདག་སྤྲོད་བྱས།

ཅང་སུའུ་ཁྲང་ཀྲོའུ་གྲོང་ཁྱེར་གྱི་གྲོང་མི་ཀྲའོ་ཆན་གྱིས་དྲ་ལམ་གྱི་གཡོ་སྒྱུའི་གཏུམ་སྤྱོད་ནི་ང་ཚོའི་ཉེ་འགྲམ་དུ་ཚོར་དཀའ་བའི་བྱ་བ་ཞིག་རེད། ད་ལྟ་ཁྲིམས་ལྟར་ཆད་པ་གཅོད་ཐུབ་ན། ང་ཚོས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།

ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ཡག་ཤོས་རེད། དུས་རབས་གསར་བའི་ཚུན་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གསར་པར་དམིགས་ནས་མི་དམངས་ཁྲིམས་ཁང་གིས་སྒྲིག་སྲོལ་བཙུགས་ནས་སྲུང་སྐྱོང་ཤུགས་ཆེན་བྱས་པ་དང་ཐོན་སྐྱེད་ནུས་ཤུགས་གསར་པ་སྲུང་སྐྱེལ་བྱས་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཤེས་བྱའི་བདག་དབང་ཁྲིམས་རས་ལོ་བདུན་རིང་གྱོད་གཞི58ཀྱི་ཁྲོད་དུ་ཆད་གཅོད་རང་བཞིན་གྱི་གུན་གསབ་ཁྱོན་བསྡོམས་སྒོར་ཐེར་འབུམ་གཉིས་དང་བྱེ་བ་ལྔ་སྤྱད་འཐུས་བྱས་ཏེ་ནུས་ཤུགས་ཡོད་རྒུས་གསར་གཏོད་འགན་ལེན་བྱེད་པའི་འགྱུར་མེད་ཀྱི་བརྡ་རྟགས་བཏང་བ་རེད། Alམིག་འཕྲུལ་དང་བདག་དབང་སོགས་གནད་དོན་གསར་པའི་མདུན་དུ་ཁྲིམས་ཁང་གིས་དབྱེ་མཚམས་བཀར་བ་བརྒྱུད་ཚད་མཚམས་གསལ་པོ་ཕྱེ་ནས་འཕེལ་རྒྱས་དང་བདེ་འཇགས་ལ་ལྟ་རྟོག་བྱེད་དགོས།དུས་མཚུངས་སུ་ཁེ་ལས་དང་འབྲེལ་བ་ཡོད་པའི་ཉེས་སྐྱོན་ཆུང་ཡང་ཆད་པ་ལྗིད་མོ་གཅོད་པའི་རིགས་དང་སྒྲིག་འགལ་གྱིས་རྒྱ་བཏབ་པ་ཡོ་བསྲང་དང་བཅོས་སྐྱོང་མཐའ་གཅིག་ཏུ་བྱས།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་དམངས་དོན་ཐིང་གཉིས་པའི་ཐིང་ཀྲང་ཝང་ཁྲོང་གིས་དྲང་བདེན་གྱི་ཐག་གཅོད་དེ་སྲིད་གཞུང་གི་ཡིག་ཆ་མང་པོ་ལས་ལྷག་པ་དང་། ཁེ་ལས་པ་རྣམས་ལ་ཆེ་བས་ཆུང་བར་བརྙས་ཚེ་དོ་དམ་བྱེད་མཁན་ཡོད་པ་དང་།ཉེས་སྐྱོན་ཆུང་ཡང་ཆད་པ་ལྗིད་མོ་བཅད་ན་ལྟ་རྟོག་བྱེད་མཁན་ཡོད་པ་ཤེས་སུ་བཅུག་ན་ཚང་མས་གཞི་ནས་བློ་བདེའི་ངང་གསར་གཏོད་དང་བློ་བདེའི་ངང་འཕེལ་རྒྱས་གཏོང་ཐུབ་ཟེར།

ཁྲིམས་འཛིན་གྱི་དྲོད་ཚད་དེ་རྟག་ཏུ་མང་ཚོགས་ཀྱི་ཉེ་འགྲམ་གྱི་གྱོད་གཞི་ཆུང་གྲས་ཁྲོད་མངོན་གྱིན་ཡོད།ལོ་ལྔའི་འཆར་འགོད་བཅུ་བཞི་བའི་རིང་། མི་དམངས་ཁྲིམས་ཁང་གིས་སློབ་གསོ་དང་ལས་ཞུགས། རྒན་གསོ། སྨན་བཅོས་སོགས་དམངས་འཚོའི་སྐོར་གྱི་གྱོད་གཞི་བྱེ་བ་གཉིས་ས་ཡ་གསུམ་དང་བཞི་འབུམ་དྲུག་ཁྲི་དྲུག་སྟོང་འདྲི་གཅོད་བྱས་ནས་མཇུག་སྒྲིལ་ཡོད། རྒན་གསོའི་མགོ་སྐོར་ནས་རིན་གོང་མཐོ་བའི་གཉེན་རྟགས་ཀྱི་རྩོད་གཞི། དེ་ནས་སྔོན་སྤྲོད་རྣམ་པའི་འཛད་སྤྱོད་ཀྱི་བྱང་བུ་གར་སོང་མི་ཤེས་པ་སོགས་མང་ཚོགས་ཀྱི་དཀའ་ཁག་གང་དུ་ཡོད་ན་ཁྲིམས་འཛིན་གྱི་གྲི་ཁ་རྣོན་པོ་དེ་རུ་གཏད་ཡོད།མང་ཚོགས་ཀྱིས་བསམ་འཆར་ཤུགས་དྲག་བཏོན་པའི་ལག་བསྟར་བྱེད་དཀའ་བའི་རིགས་ཀྱི་གནད་དོན་ལ་དམིགས་ཏེ་ད་ལོའི་ལོ་སྟོད་བར་རྒྱལ་ཡོངས་ཁྲིམས་ཁང་གིས་ལག་བསྟར་བྱས་ཟིན་པའི་གྱོད་གཞི་ཁྱོན་བསྡོམས་དྲུག་འབུམ་བཞི་ཁྲི་བདུན་སྟོང་ཟིན་པ་དང་ལག་བསྟར་མ་དངུལ་སྒོར་ཁྲག་ཁྲིག་གཉིས་དང་ཐེར་འབུམ་དྲུག་དུང་ཕྱུར་བརྒྱད་བྱེ་བ་བཞིར་སླེབས་ཡོད།

འཐབ་ལམ་བུ་གསར་པའི་ཐོག་རྒྱལ་ཡོངས་ཁྲིམས་ཁང་གིས་སྒྱུར་བཅོས་དེ་བས་གཏིང་ཟབ་དང་ཚད་གཞི་དེ་བས་ནན་མོ། བརྩེ་དྲོད་དེ་བས་ལྡན་པ་བཅས་ཀྱི་ཐོག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྔར་ལས་སྟོབས་ལྡན་གྱི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།