ཟླ11པའི་ཚེས9ཉིན་ནས་ཚེས12ཉིན་བར། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་མཉམ་འབྲེལ་སྒོས་སྤེལ་བའི་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཁྲིམས་ཁང་གི་འགོ་གཙོའི་སློབ་སྦྱོང་དང་གསོ་སྦྱོང་འཛིན་གྲྭ་ཐེངས་གསུམ་པ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་མཚོ་སྔོན་ཡན་ལག་སློབ་གླིང་དུ་བསྡུས།
གསོ་སྦྱོང་ལ་མཚོན་ན“ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་སྒོས་ས་གནས་ཀྱི་ཁྲིམས་འཛུགས་དང་། ཁྲིམས་འཛིན་འདྲི་གཅོད་དགེ་མཚན་ལྡན་པའི་ངང་མཉམ་འགུལ་རོགས་རེས་དང་ཁྲིམས་སྐྱོང་མཉམ་སྒྲུབ་བྱེད་པར་སྐུལ་འདེད་བཏང་སྟེ། ཆུ་ཚད་སྔར་ལས་མཐོ་བའི་ཁྲིམས་སྐྱོང་མཚོ་སྔོན་བསྐྲུན་དགོས”ཞེས་པ་བརྗོད་དོན་དུ་བཟུང་ཡོད། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཇེ་བརྟན་དུ་གཏོང་བ་གཙོ་གནད་དུ་བཟུང་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་དགོས་ལ། འགན་འཁྲི་དང་ལས་སྒོ་གཙོ་བོར་དམིགས་ཏེ་སྤུས་ཚད་མཐོ་བའི་ཁྲིམས་སྐྱོང་ལག་ལེན་གྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྲུང་སྐྱོང་དང་སྣེ་ཁྲིད་བྱེད་དགོས། རང་ངོས་འཛུགས་སྐྱོང་ཇེ་བརྟན་དུ་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་རྒྱུར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་དགོས་ལ། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བསྣན་ནས་ནུབ་རྒྱུད་ཀྱི་ཁྲིམས་སྐྱོང་མཐོ་ས་འབད་པས་མཉམ་སྐྲུན་བྱ་དགོས།
གསོ་སྦྱོང་ལ་ཞུགས་པའི་སློབ་མ་ཚོས་བསྟན་དོན། གསོ་སྦྱོང་དང་སློབ་སྦྱོང་གི་ཕན་འབྲས་དེ་ཁྲིམས་འཛིན་དྲང་གཞག་དྲང་བདེན་སྲུང་སྐྱོང་དང་། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་གྲུབ་འབྲས་སུ་བསྒྱུར་ནས། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་འབད་པས་གཏོད་དགོས།