སྐུ་ཞབས་སུང་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ160འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་ཚོགས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

 ཟླ11པའི་ཚེས12ཉིན།  སྐུ་ཞབས་སུང་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ160འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་ཚོགས།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

སྐུ་ཞབས་སུང་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ160འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་ཚེས12ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་ཚོགས།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན།  རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱིས་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། སྐུ་ཞབས་སུང་ཀྲུང་ཧྲན་གྱི་ཕུགས་རེ་རྒྱུན་འཛིན་བྱེད་པ་དང་།  སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལས་འགན་གལ་ཆེན་མཉམ་དུ་ཡོངས་འགྲུབ་བྱས་ནས། ཉེ་རབས་ཚུན་གྱི་རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་ཀྱིས་ཧུར་ཐག་འབད་ཐག་གིས་དོན་གཉེར་བྱེད་པའི་རླབས་ཆེན་གྱི་ཕུགས་འདུན་དེ་མཛེས་སྡུག་ལྡན་པའི་མངོན་སུམ་དུ་འགྱུར་བར་བྱེད་དགོས། 

 ཟླ11པའི་ཚེས12ཉིན།  སྐུ་ཞབས་སུང་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ160འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་ཚོགས།  ཞི་ཅིན་ཕིང་དང་ལི་ཆང་།  ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་ཚོགས་ཆེན་ལ་ཞུགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་ཚོགས་ཆེན་ལ་ཞུགས།

མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་གྱི་རྣམ་པ་རྔམ་བརྗིད་ལྡན་ཞིང་སྤྲོ་སེམས་ཀྱིས་ཁེངས་ཡོད།

སྔ་དྲོའི་དུས་ཚོད10སྟེང་། ཚོགས་ཆེན་འགོ་བརྩམས་པ་དང་། ཚང་མ་ཡར་ལངས་ནས་རྒྱལ་གླུ་བླངས།

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། སྐུ་ཞབས་སུང་ཀྲུང་ཧྲན་ནི་རླབས་ཆེ་བའི་མི་རིགས་ཀྱི་དཔའ་བོ་དང་། རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ། ཀྲུང་གོ་དམངས་གཙོ་གསར་བརྗེའི་རླབས་ཆེ་བའི་སྔོན་བྱོན་པ་བཅས་ཡིན་ལ། ཀྲུང་གོ་བསྒྱུར་བཀོད་བྱེད་ཆེད་ཚེ་གང་འབད་འཐབ་གནང་ནས། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ཆེད་དུ་མཛད་རྗེས་ཁྱད་དུ་འཕགས་པ་བཞག་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱིས་སེམས་གཏིང་ནས་གུས་བཀུར་ཞུ་བཞིན་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་གུང་ཁྲན་ཏང་མི་ནི་སྐུ་ཞབས་སུང་ཀྲུང་ཧྲན་གྱི་གསར་བརྗེའི་ལས་དོན་གྱི་ཆེས་བརྟན་པོའི་རྒྱབ་སྐྱོར་མཁན་དང་། ཆེས་བློ་དཀར་བའི་མཉམ་ལས་པ། ཆེས་གཞུང་དྲང་གི་རྒྱུན་འཛིན་པ་བཅས་ཡིན། ལོ་ངོ100ལྷག་གི་རིང་། ང་ཚོ་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་རླབས་ཆེའི་གྲུབ་འབྲས་གསར་སྐྲུན་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ཐོག་ཆེས་རྒྱ་ཆེ་བའི་ལོ་རྒྱུས་སྙན་ངག་བརྩམས། འདི་ཐམས་ཅད་ཀྱིས་སྐུ་ཞབས་སུང་ཀྲུང་ཧྲན་གྱི་དཔའ་བོའི་རྣམ་ཤེས་ལ་སེམས་གསོ་བྱེད་ཐུབ།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་ངོ100ལྷག་གི་རིང་། སྐུ་ཞབས་སུང་ཀྲུང་ཧྲན་གྱི“ཀྲུང་ཧྭ་དར་རྒྱས་གཏོང་བའི”འབོད་ཚིག་གིས་མི་རབས་ནས་མི་རབས་ཀྱི་ཀྲུང་གོ་བར་སྐུལ་ལྕག་བྱས་ཤིང་། རྒྱུན་ཆད་མེད་པར་དུས་རབས་ཀྱི་དོན་སྙིང་དང་ནང་དོན་གསར་པ་བསྩལ་ཡོད།  དེ་རིང་ང་ཚོས་སྐུ་ཞབས་སུང་ཀྲུང་ཧྲན་ལ་རྗེས་དྲན་ཞུ་བའི་ཆེས་བཟང་བའི་བྱེད་ཐབས་ནི་ཁོང་གི་རྩ་ཆེའི་སྙིང་སྟོབས་སློབ་སྦྱོང་དང་རྒྱུན་འཛིན། དར་སྤེལ་བཏང་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། སྐུ་ཞབས་སུང་ཀྲུང་ཧྲན་གྱི་སྐུ་ཚེ་ཧྲིལ་པོར་རྒྱལ་གཅེས་རྒྱལ་སྐྱོབ་གནང་། ང་ཚོས་ཁོང་གི་རྩ་ཆེའི་སྙིང་སྟོབས་སློབ་སྦྱོང་དང་རྒྱུན་འཛིན། དར་སྤེལ་བཅས་བྱེད་ན། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པར་འབད་བརྩོན་བྱེད་དགོས། འཐབ་ལམ་གསར་པའི་སྟེང་ང་ཚོས་རྒྱལ་ཁབ་ལ་དགའ་ཞེན་དང་ཏང་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བྱེད་པ་བཅས་ཕན་ཚུན་གཅིག་གྱུར་བྱེད་རྒྱུ་མཐའ་འཁྱོངས་དང་།  ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱིས་རྒྱལ་གཅེས་ཀྱི་བརྩེ་སེམས་དང་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བའི་བློ་སྟོབས་རྒྱུན་མ་ཆད་པར་ཆེ་རུ་བསྐྱེད་པར་སྐུལ་སློང་བྱས་ནས། མཉམ་དུ་རླབས་ཆེན་གྱི་མེས་རྒྱལ་སྔར་ལས་མཛེས་སྡུག་ལྡན་པར་འཛུགས་སྐྲུན་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐུ་ཞབས་སུང་ཀྲུང་ཧྲན་གྱི་སྐུ་ཚེ་ཧྲིལ་པོར་མང་ཚོགས་ཡིད་ལ་བཟུང་ཡོད། ང་ཚོས་ཁོང་གི་རྩ་ཆེའི་སྙིང་སྟོབས་སློབ་སྦྱོང་དང་རྒྱུན་འཛིན། དར་སྤེལ་བྱེད་ན། ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱ་དགོས། འཐབ་ལམ་གསར་པའི་སྟེང་། ང་ཚོས་རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན་པ་ཡིད་ལ་བརྟན་པོར་བཅངས་པ་དང་། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་འགྲེང་བ། མི་དམངས་ཀྱི་བསམ་འདུན་ཁོང་དུ་ཆུད་པར་བྱེད་པ་དང་། མི་དམངས་ཀྱི་གསར་གཏོད་ལ་བརྩི་འཇོག་བྱེད་པ། མི་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་ཏེ། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་དང་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་ཐད་གོམ་སྟབས་བརྟན་པོ་སྤོ་བར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།  སྐུ་ཞབས་སུང་ཀྲུང་ཧྲན་གྱིས་སྐུ་ཚེ་ཧྲིལ་པོར་བདེན་དོན་བརྩོན་ལེན་གནང་། ང་ཚོས་ཁོང་གི་རྩ་ཆེའི་སྙིང་སྟོབས་སློབ་སྦྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་བྱེད་དགོས་ན།  “ཟུང་འབྲེལ་གཉིས”རྒྱུན་འཁྱོངས་དང་། ལག་ལེན་གྱི་རྨང་གཞིའི་སྟེང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།  འཐབ་ལམ་གསར་པའི་སྟེང་།  ང་ཚོས་རིགས་པའི་གཞུང་ལུགས་འཚོལ་ཞིབ་དང་གསར་གཏོད་བྱེད་ཕོད་པར་བྱེད་དགོས་པ་དང་།  ཚན་རིག་དང་མཐུན་པའི་སྒོ་ནས་ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་ལན་འདེབས་དགོས་པར་མ་ཟད།   བབ་བསྟུན་མདུན་སྐྱོད་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་ནས། རྒྱུན་ཆད་མེད་པར་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ལེའུ་གསར་པ་རྩོམ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐུ་ཞབས་སུང་ཀྲུང་ཧྲན་གྱི་སྐུ་ཚེ་ཧྲིལ་པོར་ལན་བརྒྱར་ཕམ་རུང་དཔའ་ཞུམ་མེད། ང་ཚོས་ཁོང་གི་རྩ་ཆེའི་སྙིང་སྟོབས་སློབ་སྦྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་བྱེད་དགོས་ན། འགག་སྒྲོལ་དཀའ་སེལ་བྱེད་ཕོད་པར་བྱེད་པ་དང་། ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། འཐབ་ལམ་གསར་པའི་སྟེང་། ང་ཚོས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་ཆེན་པོ་གཉིས་ལ་གཅིག་འདོམས་བྱེད་དགོས་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་དགོས་ལ།  འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་ནས།   དུས་དང་རྣམ་པ་ཀུན་ཏུ་ཉམས་སད་ཆེན་པོ་ཐེག་ཐུབ་པར་བྱེད་དགོས་ཤིང་།  སྟོབས་ཤུགས་ཡོད་རྒུས་མདུན་སྐྱོད་བགྲོད་ལམ་སྟེང་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྒྱལ་ཐུབ་པར་བྱས་ཏེ།  རྒྱུན་ཆད་མེད་པར་དུས་རབས་གསར་པའི་རླབས་ཆེན་འཐབ་རྩོད་ལ་རྒྱལ་ཁ་གསར་པ་ལེན་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།  སྐུ་ཞབས་སུང་ཀྲུང་ཧྲན་གྱིས་སྐུ་ཚེ་ཧྲིལ་པོར་མཐུན་སྒྲིལ་དར་སྤེལ་གནང་། ང་ཚོས་ཁོང་གི་རྩ་ཆེའི་སྙིང་སྟོབས་སློབ་སྦྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་བྱེད་དགོས་ན།   འཐབ་ཕྱོགས་གཅིག་གྱུར་རྒྱུན་འཁྱོངས་དང་། ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱི་མཐུན་སྒྲིལ་ཆེན་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། འཐབ་ལམ་གསར་པའི་སྟེང་། ང་ཚོས་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་ཡོད་ཚད་མཐུན་སྒྲིལ་བྱེད་དགོས་པ་དང་། སྐུལ་སློང་ཐུབ་པའི་མཐུན་རྐྱེན་མཐའ་དག་སྐུལ་སློང་བྱས་ནས། སྲིད་ཏང་གི་འབྲེལ་བ་དང་། མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། གྲལ་རིམ་གྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་བཅས་འཆམ་མཐུན་ཡོང་བར་སྐུལ་སྤེལ་གཏོང་དགོས་ལ། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐུ་ཞབས་སུང་ཀྲུང་ཧྲན་གྱིས་སྐུ་ཚེ་ཧྲིལ་པོར་གནམ་འོག་ཐུགས་ལ་བཅངས་ཡོད། ང་ཚོས་ཁོང་གི་རྩ་ཆེའི་སྙིང་སྟོབས་སློབ་སྦྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་བྱེད་དགོས་ན།  མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག  ང་ཚོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་མིག་རྒྱང་ཐོག་ནས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དོ་ཁུར་བྱེད་དགོས་ལ། མིའི་རིགས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཆེན་པོ་དང་། འཛམ་གླིང་འགྱུར་ལྡོག་གི་གནས་བབ་ཆེན་པོ། ཀྲུང་གོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཆེན་པོ་བཅས་ནས་ཕྱི་རོལ་གྱི་འཛམ་གླིང་བར་གྱི་འབྲེལ་བར་ངོས་འཛིན་དང་ཐག་གཅོད་ཡང་དག་བྱས་ཏེ། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དོན་འཁྱོལ་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས་ལ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་ཀྲུང་གོའི་བྱས་རྗེས་འཇོག་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།   སྐུ་ཞབས་སུང་ཀྲུང་ཧྲན་གྱིས་ཐོག་མཐའ་བར་གསུམ་དུ་བློ་རྩ་བརྟན་པོས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་། རྒྱལ་ཁབ་ཁ་བྲལ་དང་མི་རིགས་ཁ་བྲལ་གཏོང་བའི་གཏམ་བརྗོད་དང་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་གནང་ཡོད། ཁོང་གིས་མེས་རྒྱལ་གཅིག་གྱུར་ལ་བཅངས་པའི་འདུན་པ་དྲག་པོ་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ཀྱིས་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ལ་སྔ་ཕྱི་བར་གསུམ་དུ་བློ་སྒོ་ཕྱེ་བ་དང་། སློབ་གསོ། སྐུལ་ལྕག་བཅས་བྱེད་བཞིན་ཡོད། ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱས་ནས་མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བར་བྱ་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འགྱུར་མེད་དམ་བཅའ་བཞག་པའི་ལོ་རྒྱུས་ཀྱི་ལས་འགན་ཡིན་ལ། ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཡང་ཡིན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན། ངོགས་གཉིས་ཀྱི་སྤུན་ཟླ་དང་དེ་མིན་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱིས་ལག་གདང་སྦྲེལ་ནས། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་སྟོབས་ཤུགས་ལ་ཐུན་མོང་ཐོག་ངོ་རྒོལ་དང་། ངོགས་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་གཏོང་བ་དང་མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་ཆེད་ཐུན་མོང་ཐོག་འབད་བརྩོན་བྱ་དགོས། 

ཞི་ཅིན་ཕིང་གིས་མཇུག་ཏུ་གསུང་རྒྱུར།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ལ། དེ་ནི་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱི་རྒྱང་སྐྱོད་གསར་པ་ཞིག་ཡིན་པ་དང་། སྐུ་ཞབས་སུང་ཀྲུང་ཧྲན་གྱི“ཀྲུང་ཧྭ་དར་སྤེལ”གྱི་ཕུགས་བསམ་མངོན་འགྱུར་བྱེད་པའི་ངེས་བརྒྱུད་ལམ་བུ་ཞིག་ཀྱང་རེད། ངས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱིས་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། སྐུ་ཞབས་སུང་ཀྲུང་ཧྲན་མཆོག་གི་ཕུགས་རེ་རྒྱུན་འཛིན་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་མཛད་སྒོ་གཟབ་རྒྱས་ངང་མཉམ་དུ་སྒྲུབ་པ་དང་། ཉེ་རབས་ནས་བཟུང་རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་ཀྱིས་ཧུར་ཐག་འབད་ཐག་གིས་དོན་གཉེར་བྱེད་པའི་རླབས་ཆེན་གྱི་ཕུགས་འདུན་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་རྒྱུན་ཆད་མེད་པར་བསྒྱུར་དགོས།

ཝང་ཧུའུ་ཉིང་གིས་ཚོགས་འདུར་འགོ་འཛིན་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་སྐུ་ཞབས་སུང་ཀྲུང་ཧྲན་གྱིས་མི་རིགས་རང་བཙན་དང་སྤྱི་ཚོགས་ཡར་ཐོན། མི་དམངས་བདེ་སྐྱིད་བཅས་ཀྱི་ཆེད་དུ་བཞག་པའི་ཉམས་པ་མེད་པའི་མཛད་རྗེས་ལ་སེམས་གཏིང་ནས་རྗེས་དྲན་ཞུས་པ་དང་། ཀྲུང་གོའི་གུང་ཁྲན་ཏང་མིས་སྐུ་ཞབས་སུང་ཀྲུང་ཧྲན་གྱི་ཕུགས་རེ་རྒྱུན་འཛིན་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འབད་འཐབ་ལྷོད་མེད་ཀྱིས་གསར་སྐྲུན་བྱས་པའི་རླབས་ཆེན་གྲུབ་འབྲས་ལ་ཕྱིར་ལྟ་དང་ཕྱོགས་བསྡོམས་བྱས་ཤིང་། སྐུ་ཞབས་སུང་ཀྲུང་ཧྲན་གྱི་རིན་ཐང་གཞལ་དུ་མེད་པའི་དགོངས་དོན་སློབ་སྦྱོང་དང་རྒྱུན་འཛིན་བྱས་ཏེ། ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་པ་དང་། ངོགས་གཉིས་ཀྱི་སྤུན་ཟླ་དང་དེ་མིན་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོས་མཉམ་དུ་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་གཏོང་བ་དང་མེས་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་ཆེད་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཤུགས་དྲག་ལྡན་ལ། ང་ཚོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་ལག་བསྟར་དོན་འཁྱོལ་དམ་འཛིན་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱིས་བློ་སེམས་གཅིག་ཏུ་ཕྱོགས་པ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས། ཀྲུང་ཧྭ་མི་རིགས་གྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་སྒྲིལ་ཤུགས་སྟོབས་ལྡན་གྲུབ་པར་བྱེད་དགོས།

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་གཙོ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་གཙོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཚོགས་འདུར་ཞུགས།

ཀྲུང་དབྱང་ཏང་སྲིད་དམག་དམངས་བཅས་ཀྱི་སྡེ་ཁག་སོ་སོ་དང་པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་གཙོ་བོ། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་པ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་དམངས་ཆེན་གྱི་འཐུས་མི་ཁག་ཅིག པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཨུ་ཡོན་ཁ་ཤས། མི་རིགས་དང་ཆོས་ལུགས་ལས་རིགས། འབྲེལ་ཡོད་སྤྱི་ཚོགས་ཚོགས་པའི་འཐུས་མི་དང་། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ་ཁ་ཤས། སྐུ་ཞབས་སུང་ཀྲུང་ཧྲན་གྱི་གཉེན་ཉེའི་འཐུས་མི། ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་འབྲེལ་ཡོད་མི་སྣའི་འཐུས་མི་དང་ཕྱི་རྒྱལ་གྱི་སྐུ་མགྲོན། རྒྱལ་སའི་ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་མི། པེ་ཅིང་དུ་སྡོད་པའི་དམག་དཔུང་གི་དཔོན་དམག་གི་འཐུས་མི་སོགས་ཕལ་ཆེར་མི་སུམ་སྟོང་ལྷག་ཚོགས་འདུར་ཞུགས།

རྗེས་དྲན་ཚོགས་འདུའི་སྔོན་ལ། ཞི་ཅིན་ཕིང་སོགས་ཀྱིས་སྐུ་ཞབས་སུང་ཀྲུང་ཧྲན་གྱི་གཉེན་ཉེ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་འཐུས་མིར་བརྩེ་བའི་ངང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།