ཟླ11པའི་ཚེས12ཉིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་ཁོངས་མི་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིང་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིང་དུ་སྒྲོག་བཤད་བྱེད་པར་བསྐྱོད་དེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་སེམས་ནང་སིམ་པ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད།
ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་ཁོངས་མི། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཡན་ཀའོ་གོ་ཡིས་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིང་ལ་ཆེད་དོན་སྒྲོག་བཤད་སྙན་ཞུ་ཕུལ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གལ་ཆེའི་རང་བཞིན་དང་དགོས་གལ་རང་བཞིན། དེ་བཞིན་མཛུབ་སྟོན་བསམ་བློ། རྩ་དོན། འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན་བཅས་གཙོ་གནད་དུ་བཟུང་ནས་གསལ་བཤད་བྱས་ཏེ། གུང་ཁྲན་ཏང་མིའི་ཏང་གཤིས་ཤུགས་ཆེ་རུ་གཏོང་བ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་ཏན་བྱེད་པ། རྒྱུན་ཆད་མེད་པར་སྤྱོད་སྲོང་སྒྲིག་ནན་བྱེད་པ། ལམ་ལུགས་ལྟར་ཏང་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་སྐོར་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིང་གིས་ཞིང་ཆེན་ཏང་ཨུའི་ཇུས་ཐག་གཅོད་པར་ཞབས་ཞུ་དང་། འཁོར་སྐྱོད་དོན་འཁྱོལ་ཡོང་བར་འགན་སྲུང་བྱེད་པའི“ཞབས་ཞུ་གསུམ”གྱི་ལས་དོན་དངོས་དང་སྦྲེལ་མཐུད་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་འཆད་འགྲེལ་ཡོད་ལ་ལག་ལེན་གྱི་སྟོན་ཕྱོགས་ཀྱང་ཡོད་པས། ཏང་ཡོན་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་འགན་འཁྲི་གཙང་སྒྲུབ་ཀྱི་ཆབ་སྲིད་རང་རྟོགས་དང་བྱ་སྤྱོད་རང་རྟོགས་ལ་བསྒྱུར་བར་དམིགས་གཏད་རང་བཞིན་དང་མཛུབ་སྟོན་རང་བཞིན་ཆེན་པོ་ལྡན་ཡོད།
ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་ཁོངས་མི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཀྱི་ཏང་ཙུའུ་ཁོངས་མི། གཞུང་སྒྲུབ་ཐིང་གི་ཀྲུའུ་རེན་གཞོན་པ་马守平མཱ་ཧྲོའུ་ཕིང་གིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིང་དུ་ཆེད་དོན་སྒྲོག་བཤད་སྙན་ཞུ་ཕུལ། སྙན་ཞུའི་ནང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱ་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པར་དམིགས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་དང་། འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་གསལ་བཤད་བྱས། སྙན་ཞུ་ཧྲིལ་བོའི་བརྗོད་དོན་གསལ་དག་དང་། རིག་ལམ་གསལ་བ། འགྲེལ་བཤད་གཏིང་ཟབ། དམངས་ཆེན་བྱ་བའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ཡོད་པས། རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་ཡོད་ལ་ལག་ལེན་གྱི་ཉམས་མྱོང་ཡང་ཡོད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གནད་སྨིན་ཁོང་དུ་ཆུད་པ་དང་། བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་རྒྱུར་མཛུབ་སྟོན་རང་བཞིན་ཆེན་པོ་ལྡན་ཡོད།
མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྲོལ་ཁྲུའུ་དང་པོའི་རིམ་པ་བཞི་པའི་རྟོག་ཞིབ་པ་ཅིན་ཡ་ཐིང་གིས་བཤད་རྒྱུར། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། འཆར་ཟིན་རྟོག་ཞིབ་དང་། རྟོག་ཞིབ་རིགས་པས་ཁུངས་སྐྱེལ། དམངས་བློ་བསྡུ་ལེན་སོགས་ཀྱི་ལས་རིམ་ལ་ཤུགས་ཆེན་པོ་བརྒྱབ་སྟེ། ཁྲིམས་འཛུགས་ཀྱི་བྱ་བ་སོ་སོ་བློ་རྩེ་གཅིག་སྒྲིམ་གྱིས་ལེགས་པར་བསྒྲུབ་ནས། ཁྲིམས་འཛུགས་ཞིབ་ཚགས་ཅན་གྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་སྟེ། སྤུས་ཚད་མཐོ་བའི་ས་གནས་ཁྲིམས་འཛུགས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་དགོས།