“སྐྱོད་བཞིན་པའི་བསམ་བློ་ཆབ་སྲིད་སློབ་ཁྲིད་ཆེན་མོའི་སྨྱན་སྦྱོར་འགུལ་སྐྱོད་བྱེད་བཞིན་ཡོད”ཅེས་པའི་བྱེད་སྒོ་མཇུག་བསྒྲིལ་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ10པའི་ཚེས28ཉིན། “སྐྱོད་བཞིན་པའི་བསམ་བློ་ཆབ་སྲིད་སློབ་ཁྲིད་ཆེན་མོའི‘ཀྲུང་ཧྭ་མི་རིགས་ཐུན་མོང་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱ་ཆེད། མཚོ་སྔོན་གཏམ་རྒྱུད་ལེགས་པར་འཆད’ཅེས་པའི་སྨྱན་སྦྱོར་འགུལ་སྐྱོད་བྱེད་བཞིན་ཡོད”ཅེས་པའི་བརྗོད་དོན་བྱེད་སྒོ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་མཇུག་བསྒྲིལ་པ་རེད།

ཉིན་གསུམ་རིང་གི་བྱེད་སྒོའི་ཁྲོད། བཅར་འདྲི་ཚོགས་པ་སྔ་རྗེས་སུ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ལྔ་བཅུ་གྲོང་རྡལ་པན་ཡན་སྡེ་བ་དང་ཟི་ལིང་གྲོང་ཁྱེར་ཙོང་ཁ་དགོན། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་། མཚོ་སྔོན་རྡུལ་ཕྲན་མཁར་རྗེས་དྲན་ཁང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ་སོགས་སུ་ཟབ་འཇུག་བྱས་པ་དང་། ཡུལ་གཞན་གནས་སྤོར་དར་སྤེལ་འཕེལ་རྒྱས་དང་དམར་པོའི་སྙིང་སྟོབས་རྒྱུན་འཛིན། མི་རིགས་མཐུན་སྒྲིལ་མཉམ་སྐྲུན་བཅས་ཀྱི་ལག་ལེན་གསོན་པོ་ལ་དམིགས་པ། མི་རིགས་སོ་སོས་སོ་སྲུང་རོགས་རེས་དང་ཐུནམོང་འཕེལ་རྒྱས་ཀྱི་དཔེ་གཞི་གསོན་ཉམས་ལྡན་པ་ཟིན་ཐོར་བཀོད་དེ། གཙང་གསུམ་འབྱུང་ཡུལ་གྱི་ས་གཞི་ཆེན་པོའི་ཐོག་གི་མཐོང་རྒྱུ་རེག་རྒྱུ་ཡོད་པའི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྒྱུ་ཆ་སྔོག་འདོན་བྱས།

མཇུག་སྡུད་པའི་ཉིན་གྱི་བསམ་བློ་ཆབ་སྲིད་སློབ་ཁྲིད་ཆེན་མོའི་ཐོག ཁྱབ་ཁོངས་མི་འདྲ་བ་ནས་ཡོང་བའི་ཆེད་མཁས་པས། ཡུལ་གཞན་གནས་སྤོར་འཕེལ་རྒྱས་ཀྱི་ལམ་བུ་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་སོགས་བརྗོད་དོན་བྱས་པའི་སློབ་ཁྲིད་གནང་བ། ཡུལ་དངོས་སུ་དུས་མཉམ་དུ་དངོས་ཟིན་བརྙན་ཐུང་བཏང་སྟེ། ཡུལ་དངོས་བཅར་འདྲིའི་མཐོང་ཐོས་མྱོང་ཚོར་རྣམས་སློབ་ཁྲིད་ནང་དོན་དུ་བསྒྱུར། སློབ་ཁྲིད་ཡུལ་དངོས་སུ་མི་རིགས་སོ་སོའི་སློབ་མ་རྣམས་ཀྱིས་སྒྲོག་བཤད་ལ་ནན་ཏན་གྱིས་མཉན་པ་དང་། བརྗེ་རེས་བགྲོ་གླེང་ཧུར་ཐག་གིས་སྤེལ་བ། མྱོང་སིམ་རྣམ་པའི་བསམ་བློ་ཆབ་སྲིད་སློབ་གསོའི་ཁྲོད་རྒྱལ་ཁབ་ཀྱི་བློ་ཁོག་སྐྱེད་སྲིང་བྱས་ཏེ། མི་རིགས་སོ་སོ་སྐྱིད་སྡུག་གཅིག་པའི་བསམ་པའི་སྟོབས་ཤུགས་ལ་རོལ་མྱོང་བྱས།

ཚང་མས་མགྲིན་གཅིག་ཏུ། བྱེད་སྒོས་མྱོང་སིམ་རྣམ་པའི་བཅར་འདྲི་དང་བསམ་བློ་ཆབ་སྲིད་སློབ་གསོ་ཟུང་འབྲེལ་ཟབ་མོ་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་མཐོང་རེག་ཕན་གསུམ་ཡོད་པར་དངོས་ལ་འབེབས་པར་སྐུལ་འདེད་བཏང་ཡོད། རྗེས་ཕྱོགས་སྨྱན་སྦྱོར་གྱི་དྲིལ་སྒྲོག་སྣེ་ཁྲིད་ནུས་པ་མུ་མཐུད་དུ་འདོན་པ་དང་། མི་རིགས་མཐུན་སྒྲིལ་གྱི་གཤིན་སར་གཞི་འཛུགས་པ་དང་ཐུན་མོང་ལ་ཡོད་པའི་བསམ་པའི་ཁྱིམ་གཞི་དྲོད་མོ་སྐྲུན་པ། དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏམ་རྒྱུད་སེམས་ཞིབ་མོ་དང་བརྩེ་བ་རྣལ་མོས་ལེགས་པར་འཆད་དེ། མི་རིགས་སོ་སོ་སེམས་པ་སྣོན་གཅིག་གིས་ཏང་ལ་ཕྱོགས་པ་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཆེས་མཛེས་པའི་མཚོ་སྔོན་གྱི་ལེའུ་ཡག་པོ་བརྩམ་རྒྱུ་ཡིན་པའི་བསམ་ཚུལ་བསྟན། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།