མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ11པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་པའི་ཀྲུའུ་རེན་གྲོས་ཚོགས་ཐེངས་དོན་བདུན་པ་བསྡུས། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན་གྱིས་འགོ་འཛིན་བྱས། ལིའུ་ཐུང་ཏེ་དང་། ལུའི་ཀང་། ཁྲེན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས།

ཚོགས་འདུ་ལས《མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་སྲོལ་ཡིག(འཆར་ཟིན)》དང་། 《མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་འགན་སྲུང་སྲོལ་ཡིག(འཆར་ཟིན)》གཉིས་ལ་བཟོ་བཅོས་བྱས་པའི་སྐོར་གྱི་སྙན་ཞུར་གསན། 《མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་འཛུགས་སྐྲུན་སྲོལ་ཡིག(འཆར་ཟིན)》དང་། 《མཚོ་སྔོན་ཞིང་ཆེན་གྱི་སྲ་གཟུགས་སྙིགས་རོའི་ཁོར་ཡུག་སྦགས་བཙོག་འགོག་བཅོས་སྲོལ་ཡིག(འཆར་ཟིན)》།《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སའི་འཛུགས་སྐྲུན་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》བཅས་ལ་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་སྙན་ཞུར་གསན། གཞན་ཡང《མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་གྱིས་རྔོན་པ་དང་། ཉོ་ཚོང་། ཁ་ཟས་སུ་སྤྱོད་པ་བཅས་གཏན་འགོག་བྱ་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་མེད་པར་བཟོ་རྒྱུའི་སྐོར་གྱི་སྙན་ཞུར་གསན། 《ཟི་ལིང་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཅིག་ལ་བཟོ་བཅོས་དང་མེད་པར་བཟོ་རྒྱུའི་སྐོར་གྱི་གཏན་འབེབས》དང་། 《མཚོ་ཤར་གྲོང་ཁྱེར་གྱི་བརླན་སའི་སྲུང་སྐྱོབ་སྲོལ་ཡིག》《〈མཚོ་ཤར་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《མཚོ་ཤར་གྲོང་ཁྱེར་གྱི་ལྗང་མདོག་གནས་སྡོད་འཚམ་པའི་གྲོང་ཁྱེར་འཛུགས་སྐྲུན་གྱི་སྐུལ་སྤེལ་སྲོལ་ཡིག〉མེད་པར་བཟོ་རྒྱུའི་སྐོར་གྱི་གཏན་འབེབས》། 《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཅིག་ལ་བཟོ་བཅོས་དང་མེད་པར་བཟོ་རྒྱུའི་སྐོར་གྱི་གཏན་འབེབས》《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་རི་སྐྱེས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དོ་དམ་སྲོལ་ཡིག》དང《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་སྐུལ་སྤེལ་སྲོལ་ཡིག》《མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རི་སྐྱེས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དོ་དམ་སྲོལ་ཡིག》《ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་རང་སྐྱོང་སྲོལ་ཡིག》(བཟོ་བཅོས)》《ཧི་ནན་སོག་རིགས་རང་སྐྱོང་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་〈ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག》མེད་པར་བཟོ་རྒྱུའི་གཏན་འབེབས་སྐོར་གྱི་སྙན་ཞུར་གསན། 《ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་བྱས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ》དང་ཆེད་དོན་འདྲི་རྩད་ཀྱི་འབྲེལ་ཡོད་བྱ་བའི་སྐོར་གྱི་སྙན་ཞུར་གསན། 《ཞིང་ཆེན་མི་དམངས་སྲིད་གཞུང་གི་2025ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གཏོང་ཡོང་རྩིས་བཤེར་གཞན་དག་ལས་རྩད་ཆོད་པའི་གནད་དོན་དག་ཐེར་བྱས་པའི་སྐོར་གྱི་སྙན་ཞུར》ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུར་གསན།  《ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་ཞིབ་དཔྱོད་བྱ་བའི་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་གསན། 《ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་འཐུས་མིའི་གྲོས་གཞི་སྐུལ་སྒྲུབ་བྱས་ཚུལ་སྐོར་གྱི་སྙན་ཞུ》དང་། 《ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་འཐུས་མིའི་གྲོས་གཞི་འགན་བསྒྲུབས་སྐོར་གྱི་སྙན་ཞུ》བཅས་ལ་གྲོས་ཞིབ་བྱས་པའི་སྙན་ཞུར་གསན། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་འགན་བསྒྲུབས་བྱས་པའི་གནས་ཚུལ་ལ་གྲོས་ཞིབ་བྱས་པའི་སྐོར་གྱི་སྙན་ཞུར་གསན། མི་དོན་བསྐོ་འཐེན་གྲོས་གཞི་ལ་གྲོས་ཞིབ་བྱས་པའི་སྐོར་གྱི་སྙན་ཞུར་གསན། 《མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པ་འཚོག་རྒྱུའི་སྐོར་གྱི་གཏན་འབེབས(འཆར་ཟིན)》སྐོར་གྱི་སྙན་ཞུར་གསན། ཀྲུའུ་རེན་གྲོས་ཚོགས་ལས་གོང་གསལ་གྲོས་དོན་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་གྲོས་མཐུན་འགོད་པར་སྤྲོད་རྒྱུར་མོས་མཐུན་བྱུང་།

ཚོགས་འདུ་ལས《གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》སོགས་ཁྲིམས་སྲོལ་གསུམ་གྱི་ཁྲིམས་འཛུགས་དཔྱད་དཔོག་བྱས་པའི་སྐོར་གྱི་སྙན་ཞུར་གསན། ཀྲུའུ་རེན་ཚོགས་འདུ་ལས་རྩ་དོན་སྟེང་སྙན་ཞུ་འདིར་མོས་མཐུན་བྱུང་།

ཚོགས་འདུ་ལས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ཉེར་དྲུག་པའི་ཉིན་རེའི་ལས་རིམ་(འཆར་ཟིན)སྐོར་གྱི་སྙན་ཞུར་གསན། ཀྲུའུ་རེན་གྲོས་ཚོགས་ལས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་གྲོས་མཐུན་འགོད་པར་སྤྲོད་རྒྱུར་མོས་མཐུན་བྱུང་།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།