བསྟུད་མར་ཉིན་འགའི་རིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མིས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོར་སྒྲོག་བཤད་བྱས་པར་མ་ཟད། གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་བརྗེ་རེས་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཏིང་ཟབ་དང་ཏན་ཏིག་གིས་སློབ་སྦྱོང་བྱ་རྒྱུར་སྐུལ་འདེད་བཏང་།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་གིས་ཚེས10ཉིན་རྒྱལ་ཡོངས་དམངས་ཆེན་ལས་ཁུངས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་བཤད་བྱས། ལི་ཧུང་ཀྲུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་དང་འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན་བཅས་ལ་ཆ་ཚང་ཞིང་ཡང་དག་སྒོས་གོ་བ་ལེན་པ་སོགས་ཀྱི་ཕྱོགས་ནས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་མ་ལག་གི་སྒྲོག་བཤད་དང་འགྲེལ་བཤད་ཟབ་མོ་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་གསར་པར་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གསལ་བོར་བཏབ་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཁ་ཕྱོགས་གསལ་པོ་བསྟན་ཡོད།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲེང་མིང་གིས་ཚེས9ཉིན་དམག་ཨུའི་ལས་ཁུངས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱི་སྒྲོག་བཤད་སྙན་ཞུ་ཕུལ། ཀྲང་ཧྲེང་མིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང《ཆོད་དོན》སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམིགས་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། དམག་དཔུང་གི་དོན་དངོས་དང་ཟུང་འབྲེལ་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སྒྲོག་བཤད་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ། ཀྲང་ཧྲེང་མིང་གིས་བཤད་རྒྱུར། ང་ཚོའི་དམག་དཔུང་ནི་ཏང་གིས་མཐའ་གཅིག་ཏུ་འགོ་ཁྲིད་པའི་མི་དམངས་དམག་དཔུང་ཡིན་པས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུ། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང། མདུན་གྲལ་དུ་བསྐྱོད་པའི་ཚད་གཞིའི་བླང་བྱ་ལྟར། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དང་ཕྱོགས་ཡོངས་ནས་དམག་ནན་སྐྱོང་བྱེད་པར་བློ་བརྟན་འགྱུར་མེད་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་དགོས་ལ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་སྒྲིག་འཛུགས་བྱ་རྒྱུ་རྒྱུན་འཁྱོངས་དང་བེད་སྤྱོད། འཕེལ་རྒྱས་ཡག་པོ་བཅས་བྱས་ཏེ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཕན་འབྲས་གསར་པས་དམག་སྟོབས་དམག་དར་གྱི་རྣམ་པ་གསར་བ་གཏོད་དགོས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གི་ཉིན་རྒྱུན་ལས་དོན་ལ་བྱེ་བྲག་གིས་དོ་དམ་བྱེད་པའི་སློབ་གཙོ་གཞོན་པ།(ཡོན་ཀྲང་གཞོན་པ)ཞུའེ་ཁྲུན་ཐའོ་ཡིས་དེ་རིང་སི་ཁྲོན་དུ་སྒྲོག་བཤད་སྙན་ཞུ་ཕུལ། ཞུའེ་ཁྲུན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》ལ་དམིགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་འགྲེལ་བཤད་ཟབ་མོ་བྱས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་དང་། འཐབ་ཇུས་ཀྱི་ལས་འགན། བྱེད་ཐབས་གལ་ཆེན་སོགས་ལ་ཕྱོགས་ཡོངས་ནས་འགྲེལ་བཤད་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གི་ཉིན་རྒྱུན་ལས་དོན་ལ་བྱེ་བྲག་གིས་དོ་དམ་བྱེད་པའི་སློབ་གཙོ་གཞོན་པ།(ཡོན་ཀྲང་གཞོན་པ)ཞུའེ་ཁྲུན་ཐའོ་ཡིས་བཤད་རྒྱུར། དུས་རབས་གསར་བར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་ཏེ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ལྷོད་གཡེང་བག་མེད་ཀྱི་གནས་བབ་རྩ་བ་ནས་བསྒྱུར་ཡོད་པ་དང་། ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་ཁུལ་དུ་གནས་པའི་མི་མངོན་པའི་རྐྱེན་ངན་ཚབས་ཆེན་མེད་པར་བཟོས་པས། ཏང་དེ་གསར་བརྗེའི་རང་བཞིན་གྱི་འཛུགས་སྐྱོང་ཁྲོད་སྔར་ལས་སྟོབས་ལྡན་དུ་གྱུར་ཡོད། ང་ཚོས་གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་གོང་བཀུར་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་ནས། ཐོབ་དཀའ་བའི་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་ལེགས་པོ་གཏོང་དགོས།
ཞུའེ་ཁྲུན་ཐའོ་ད་དུང་ཁྲེང་ཏུའུ་གྲོང་ཁྱེར་ཕི་ཏུའུ་ཆུས་ཀྲན་ཆི་སྡེ་བར་སོང་ནས། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དང་མཉམ་འགུལ་རྣམ་པའི་བཞུགས་མོལ་སྒྲོག་བཤད་བྱས།