2026ལོའི་ཟླ11པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་གྱི་རེས་སྐོར་གཉིས་པའི་སྐོར་ཐེངས་དང་པོའི་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་ཚན་ཆུང་གསུམ་པོ་ལྟ་ཞིབ་བཅའ་སྡོད་བྱས།
བཅའ་སྡོད་སྐུལ་སློང་ཚོགས་འདུའི་ཐོག ལྟ་ཞིབ་ཚན་ཆུང་སོ་སོའི་འགོ་གཙོ་ཡིས་བསྟན་དོན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ནི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་སྣུར་སྲིང་དང་ཁ་གསབ་ཅིག་ཡིན་ལ། སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་འགན་ཡུན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་ཅན་ལྟ་ཞིབ་སྤེལ་བ་ནི། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་གནང་བའི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། འབུར་དུ་ཐོན་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་འཇུག་སྒོ་གལ་ཆེན་ཞིག་ཡིན། ཚང་མས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་མཐོར་གཏོང་བ་དང་། རེས་སྐོར་འདིའི་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་ཅན་ལྟ་ཞིབ་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱུང་ཚུལ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་འཛིན་པ། གནད་དོན་གྱི་ཁྲིད་ཕྱོགས་དང་གཟབ་ནན་གྱི་གཞི་གདངས་རྒྱུན་འཁྱོངས་བྱེད་པ། གནད་འཁེལ་དང་ཚན་རིག་དང་མཐུན་པ། ཁྲིམས་ལྟར་ལྟ་ཞིབ་བྱེད་པ་རྒྱུན་འཁྱོངས་བྱས་ནས། མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ལྟ་ཞིབ་བྱ་ཡུལ་གྱི་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོས་སྐུལ་སློང་གཏམ་བཤད་སྤེལ་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་བཏོན་པའི་བླང་བྱ་གལ་ཆེན་མཐའ་གཅིག་ཏུ་ལག་ལེན་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། རང་རྟོགས་སྒོས་ལྟ་ཞིབ་དང་ལེན་བྱེད་པ། གནས་ཚུལ་ཇི་མ་ཇི་བཞིན་ཡར་ཞུ་བྱེད་པ། ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། ལྟ་ཞིབ་བྱ་བ་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུར་འགན་སྲུང་བྱ་རྒྱུའི་བསམ་པ་བསྟན།
བྱ་བའི་བཀོད་སྒྲིག་ལྟར་ན། རེས་སྐོར་གཉིས་པའི་སྐོར་ཐེངས་དང་པོའི་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་ཅན་ལྟ་ཞིབ་བཅའ་སྡོད་དུས་ཡུན་ནི་ལས་སྒྲུབ་ཉིན་གྲངས10ཡིན། བཅའ་སྡོད་སྐབས་སུ། ལྟ་ཞིབ་ཚན་ཆུང་སོ་སོས་ཆེད་དོན་ལས་རེས་ཁ་པར་དང་། སྦྲག་སྲིད་ཡིག་སྒམ། ཐེར་འདོན་གོང་ཞུའི་རྩ་གཉིས་ཨང་རྟགས་སོ་སོར་བཀོད་སྒྲིག་བྱས་ནས། ལྟ་ཞིབ་བྱ་ཡུལ་དང་འབྲེལ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཁ་པར་དང་འཕྲིན་ཡིག དྲ་ཐོག་ཐེར་འདོན་དང་ལེན་བྱེད་དགོས། ཐེར་འདོན་ཁ་པར་དང་ལེན་དུས་ཚོད་ནི་ཉིན་རེའི་སྔ་དྲོའི་ཆུ་ཚོད8:00ནས་དགོང་མོའི་ཆུ་ཚོད20:00བར་ཡིན།
ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དང་པོ། ལྟ་ཞིབ་བྱ་ཡུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།
བཅའ་སྡོད་དུས་ཡུན། 2026ལོའི་ཟླ11པའི་ཚེས10ཉིན་ནས་ཟླ11པའི་ཚེས23ཉིན་བར།
ལས་རེས་ཁ་པར། 0974-8541470
ཐེར་འདོན་ཁ་པར་དང་ལེན་དུས་ཚོད། 8:00-20:00
སྦྲག་སྲིད་ཡིག་སྒམ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལA019རྟགས་ཅན་གྱི་སྦྲག་སྲིད་ཡིག་སྒམ།
ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གཉིས་པ།
ལྟ་ཞིབ་བྱ་ཡུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ།
བཅའ་སྡོད་དུས་ཡུན། 2026ལོའི་ཟླ11པའི་ཚེས8ཉིན་ནས་ཟླ11པའི་ཚེས20ཉིན་བར།
ལས་རེས་ཁ་པར། 0970—7681277
ཐེར་འདོན་ཁ་པར་དང་ལེན་དུས་ཚོད། 8:00—20:00
སྦྲག་སྲིད་ཡིག་སྒམ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལA013རྟགས་ཅན་གྱི་སྦྲག་སྲིད་ཡིག་སྒམ།
ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གསུམ་པ།
ལྟ་ཞིབ་བྱ་ཡུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ།
བཅའ་སྡོད་དུས་ཡུན། 2026ལོའི་ཟླ11པའི་ཚེས8ཉིན་ནས་ཟླ11པའི་ཚེས20ཉིན་བར།
ལས་རེས་ཁ་པར། 0973-8797512
ཐེར་འདོན་ཁ་པར་དང་ལེན་དུས་ཚོད། 8:00—20:00
སྦྲག་སྲིད་ཡིག་སྒམ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལA014རྟགས་ཅན་གྱི་སྦྲག་སྲིད་ཡིག་སྒམ།