ཟླ11ཚེས9ཉིན། སྐབས་བཅུ་བཞི་པའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་ཚོགས་འདུ་ཐེངས་དོན་བདུན་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་དབྱང་ཧྥེང་ཁྲུན་གྱིས་མགོ་འཛིན་བྱས། ལིའུ་ཡོན་དང་ལུའེ་ཀང་། ཁྲེན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས།
ཚོགས་འདུའི་ཐོག《མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག(འཆར་ཟིན)》དང《མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་འགན་ལེན་སྲོལ་ཡིག(འཆར་ཟིན)》གཉིས་ལ་བཟོ་བཅོས་བརྒྱབ་ཚུལ་སྐོར་གྱི་སྙན་ཞུར་གསན། 《མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་འཛུགས་སྐྲུན་སྲོལ་ཡིག(འཆར་ཟིན)》དང《མཚོ་སྔོན་ཞིང་ཆེན་གྱི་སྲ་གཟུགས་གད་སྙིགས་ཀྱི་ཁོར་ཡུག་སྦགས་བཙོག་འགོག་བཅོས་སྲོལ་ཡིག(འཆར་ཟིན)》 《མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》བཅས་ལ་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་སྙན་ཞུར་གསན། 《ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྔོན་ཚོང་དང་བཟའ་སྤྱོད་བྱ་རྒྱུ་གཏན་འགོག་བྱ་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》མེད་པར་བཟོ་རྒྱུའི་སྐོར་གྱི་སྙན་ཞུར་གསན། 《ཟི་ལིང་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་གཅིག་བཟོ་བཅོས་དང་མེད་པར་བཟོ་རྒྱུའི་སྐོར་གྱི་གཏན་འབེབས》དང《མཚོ་ཤར་གྲོང་ཁྱེར་གྱི་བརླན་ས་སྲུང་སྐྱོང་སྲོལ་ཡིག》《<མཚོ་ཤར་གྲོང་ཁྱེར་གྱི་ལྗང་མདོག་སྡོད་འཚམ་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག>མེད་པར་བཟོ་རྒྱུའི་སྐོར་གྱི་མཚོ་ཤར་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཅིག་བཟོས་བཅོས་དང་མེད་པར་བཟོ་རྒྱུའི་སྐོར་གཏན་འབེབས》《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་རི་སྐྱེས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོང་དོ་དམ་སྲོལ་ཡིག》《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》 《མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རི་སྐྱེས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོང་དོ་དམ་སྲོལ་ཡིག》《ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་རང་སྐྱོང་སྲོལ་ཡིག(བཟོ་བཅོས)》《ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི〈ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག〉མཚམས་འཇོག་བྱེད་པའི་གཏན་འབེབས》གནས་ཚུལ་སྐོར་གྱི་སྙན་ཞུར་གསན། 《ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་བྱས་ཚུལ་སྐོར་གྱི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆེད་དོན་སྙན་ཞུ》དང་ཆེད་དོན་འདྲི་རྩད་ཀྱི་འབྲེལ་ཡོད་ལས་ཀའི་གནས་ཚུལ་སྐོར་གྱི་གྲོས་ཞིབ་ལ་གསན། 《ཞིང་ཆེན་མི་དམངས་སྲིད་གཞུང་གི2025ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་འགྲོ་ཡོང་གཞན་དག་རྩིས་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་དག་ཐེར་བྱས་ཚུལ་སྐོར་གྱི་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྙན་ཞུ》ལ་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུར་གསན། 《ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་ཞིབ་དཔྱོད་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ》ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་གསན་པ་དང་གྲོས་ཞིབ་བྱས། 《ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་པའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཐེངས་བཞི་པའི་འཐུས་མིའི་གྲོས་གཞི་སྒྲུབ་གཉེར་བྱས་ཚུལ་སྐོར་གྱི་སྙན་ཞུ》《ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་དམངས་འཐུས་ཆེན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་འཐུས་མིའི་གྲོས་གཞི་སྒྲུབ་གཉེར་བྱས་ཚུལ་སྐོར་གྱི་སྙན་ཞུ》བཅས་ལ་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་སྙན་ཞུར་གསན། འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་འགན་འཁྲི་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་པའི་སྐོར་གྱི་སྙན་ཞུར་གསན། མི་དོན་བསྐོ་འཐེན་གྱི་གྲོས་གཞིར་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུར་གསན། 《མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པ་འཚོག་རྒྱུའི་སྐོར་གྱི་གཏན་འབེབས(འཆར་ཟིན)》སྐོར་གྱི་སྙན་ཞུར་གསན། ཀྲུའུ་རིན་ཚོགས་འདུའི་ཐོག་གོང་གསལ་གྱི་གྲོས་གཞི་དེ་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུར་མོས་མཐུན་བྱུང་ཡོད།
ཚོགས་འདུའི་ཐོག《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》སོགས་ཁྲིམས་སྲོལ་གསུམ་གྱི་ཁྲིམས་འཛུགས་དཔྱད་དཔོག་གནས་ཚུལ་སྐོར་གྱི་སྙན་ཞུར་གསན། ཀྲུའུ་རིན་ཚོགས་འདུའི་ཐོག་སྙན་ཞུ་དེར་རྩ་དོན་ཐོག་མོས་མཐུན་བྱུང་།
ཚོགས་འདུའི་ཐོག་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་ཉེར་དྲུག་པའི་ཉིན་རེའི་ལས་རིམ(འཆར་ཟིན)སྐོར་གྱི་སྙན་ཞུར་གསན། ཀྲུའུ་རིན་ཚོགས་འདུ་ལས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་གྲོས་འཆམ་འབྱུང་རྒྱུར་འབུལ་རྒྱུར་མོས་མཐུན་བྱུང་ཡོད།