མཚོ་སྔོན་གྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་ནགས་རྩྭའི་འཆར་འགོད་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11ཚེས9ཉིན་མཚོ་སྔོན་ཞིང་ཆེན་གྱི“‘ལོ་ལྔའི་འཆར་འགོད་བཅོ་ལྔ་པ’མགོ་རྩོམ་པ”བརྗོད་དོན་དུ་བཟུང་བའི་མུ་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལས་ནགས་ལས་དང་རྩྭ་ཐང་སྲུང་སྐྱོང་འཕེལ་རྒྱས་སྐོར་གྱི་ཆེད་དོན་ཚོགས་འདུ་འཚོགས་ཤིང་། ཚོགས་ཐོག་ཏུ་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐེན་ཅན་གྱིས་གསར་འགྱུར་གཏམ་བཤད་སྤེལ་ནས་འཆར་འགོད་ཀྱི་བསམ་ཕྱོགས་དང་། དམིགས་ཚད་ལས་འགན། གཙོ་གནད་བྱ་ཐབས། མགོ་རྩོམ་ལས་དོན་སོགས་ཀྱི་ཐད་ནས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། 

མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་ནགས་རྩྭའི་ལས་དོན་དེས་ཞིང་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་བསམ་བློ་ལག་ལེན་གཏིང་ཟབ་བསྟར་ནས་སྐྱེ་ཁམས་ཀྱི་བྱེད་ནུས་ཆེ་རུ་བསྐྱེད་པའི་ལས་འགན་གཙོ་བོ་མངོན་འགྱུར་དང་། ཚད་གཞི་སྔར་ལས་མཐོ་བའི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བཏོད་པའི་ཐད་ལ་ནུས་ཤུགས་ཡོད་རྒུ་བཏོན་ཏེ། “ལྗང་མདོག་གསུམ”མཉམ་སྤེལ་དང“མཛོད་བཞི”མཉམ་འགུལ་མཐའ་འཁྱོངས་བྱས།  “ཚན་རིག་དང་མཐུན་པའི་སྲུང་སྐྱོང་དང་། བརྒྱུད་རིམ་ལྡན་པས་བཅོས་སྐྱོང་། ལུགས་མཐུན་བེད་སྤྱོད”བཅས་ལ་གཅིག་གྱུར་འཆར་འགོད་བཟོས་ཏེ་འདེབས་འཛུགས་དང་དོ་དམ་མཉམ་འཛིན། སྐྱེ་ཁམས་དང་ཐོན་ལས་མཉམ་སྤེལ། མི་དང་རང་བྱུང་མཉམ་གནས་བཅས་ལ་སྐུལ་འདེད་བཏང་ནས“བརྙན་ཤེལ་གཉིས་དང་། ཁུལ་གསུམ། བར་ཁྱམས་མང་པོ་ཅན་གྱི”སྐྱེ་ཁམས་བདེ་འཇགས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ་དང་།  བློ་བརྟན་འགྱུར་མེད་ངང་ནས“ཀྲུང་ཧྭའི་ཆུ་མཛོད”ཀྱི་སྲུང་སྐྱོབ་པ་ཡག་པོ་ཞིག་བྱས་ཏེ་ནུས་ཤུགས་ཡོད་རྒུས་མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏང་འཆར་ཡོད། 

ཆུ་ཚད་མཐོ་བའི་སྒོ་ནས་ནགས་རྩྭ་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་སྒོ་ནས་ནགས་རྩྭ་གོང་སྤེལ་ལ་དམིགས་ཏེ།  ལྟེ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ཁ་གསལ་བཟོས་པ་ནི། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་བྱེད་གནས་ཀྱི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ།  “ཉིང་རྡུལ་གསུམ་གྱིས་སྣེ་ཁྲིད་དང་། ཉིང་རྡུལ་ཚོགས་གཞི་གཅིག་ཅན་བྱས་ནས་ཐུན་མོང་ཐོག་མཉམ་སྐྲུན་མཉམ་ཁུར”ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྣམ་པ་གཏོད་དགོས།   རྒྱལ་ཁོངས་བར་སྟོང་བཅོས་སྐྱོང་གི་རྣམ་པ་རྒྱུན་ཆད་མེད་པར་ལེགས་པོར་བསྒྱུར་ཏེ། ལྗང་འགྱུར་གྱི་བར་མཐོངས་ལ་གཅིག་གྱུར་གྱི་འཆར་འགོད་ཡག་པོ་དང་ནགས་རྩྭ་ཁ་གསབ་ཀྱི་བར་མཐོངས་ལ་བཀོད་སྒྲིག་ཡག་པོ་བྱས་ཏེ་རྨོ་འདེབས་དང་། ནགས་ཚལ། རྩྭ་ས་བཅས་ཀྱི་བར་མཐོངས་མཐུན་སྦྱོར་ལེགས་པོ་བྱས་ནས་བཅོས་སྐྱོང་ཀྱི་རྣམ་པ་གསར་པ་ཆགས་སུ་འཇུག་དགོས།  “བྱང་གསུམ”ལས་གཞིའི་འགག་སྒྲོལ་ལས་ཀ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས་ན།  གཙོ་གནད་ཚྭ་འདམ་གཤོངས་ས་དང་གསེར་ཆེན་གཤོང་ས་སོགས་སྐྱེ་ཁམས་ས་ཁོངས་གཙོ་བོར་བཟུང་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་བྱེ་འགྱུར་ས་ཞིང་གི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་དང་རྒྱལ་ཁབ་ཀྱི་ས་ཁོངས་ལྗང་སྒྱུར་གྱི་བྱ་སྤྱོད་རྒྱུན་མཐུད་གྱིས་སྤེལ་ནས་ས་ནག་གི་ཕྱོགས་བསྡུས་བཅོས་སྐྱོང་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་དགོས།  ས་མཐོའི་ཁྱད་ལྡན་ནགས་རྩྭའི་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་སྟེ།  “ཤར་རྒྱུད་ཀྱི་གླ་ཚེར་དང་། ནུབ་རྒྱུད་ཀྱི་སྨན་རྩྭ། ལྷོ་རྒྱུད་ཀྱི་བོད་ཇ། རྨ་ཙོང་གི་སིལ་རིགས་སྣ་ཚོགས”བཅས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་བཀོད་པ་རྒྱུན་ཆད་མེད་པར་ཆེ་རུ་བསྐྱེད་དགོས།

དེ་དང་ཆབས་ཅིག་ནགས་རྩྭའི་སྐྱེ་ཁམས་ཀྱི་བདེ་འཇགས་འགན་ལེན་ནུས་པ་ཆེར་སྐྱེད་དང་།  རིག་ནུས་ནགས་རྩྭ་འཛུགས་སྐྲུན་གོམ་ཁ་ཇེ་མགྱོགས་སུ་བཏང་སྟེ།   “མཁའ་དབྱིངས་དང་ས་དྲ་གཞི་གཅིག་ཅན”གྱི་ལྟ་ཞིབ་ཚད་ལེན་དྲ་རྒྱ་གཏོད་ནས་བརྟག་དཔྱད་ལྟ་ཞིབ་ཚད་ལེན་དང་།   ནགས་རྩྭའི་བརླན་ས་དང་སྐམ་ས།  རང་བྱུང་སྲུང་སྐྱོང་ཁུལ་གྱི་མཁའ་འགྲུལ་སྐོར་གཡེང་སོགས་ཀྱི་ཉེར་སྤྱོད་རྣམ་པ་གཙོ་གནད་ཐོག་གཏོད་དེ་མི་མེད་གནམ་གྲུས་སྐྱེ་ཁམས་ཉམས་གསོ་བྱེད་པའི་ལས་ཀའི་བྱེད་སྟངས་གོ་རིམ་ལྡན་པའི་སྒོ་ནས་རྒྱ་ཆེར་གཏོང་དགོས།     ནགས་རྩྭ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ“ནགས་ཚལ(རྩྭ་)སྐྱེ་འཕེལ+”མཉམ་འགུལ་གྱི་ལམ་སྲོལ་སྔར་ལས་ཇེ་ལེགས་སུ་བཏང་ནས་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།    ནགས་རྩྭའི་ཐོན་ཁུངས་བཀོལ་སྤྱོད་བྱས་ཏེ“ལྗང་སྲུང་གསེར་བརྗེ་དང་།   ལྗང་འདུས་གསེར་བསྒྱུར།   ལྗང་ལས་གསེར་འབྱུང”གི་སྐྱེ་ཁམས་རིན་ཐང་བསྒྱུར་ཐབས་ལ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་དགོས། 

ད་ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”མགོ་ཚུགས་པའི་ལོ་ཡིན།  ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་འཆར་འགོད་གནད་དུ་བཟུང་ཞིང་། ལས་གཞི་དང་སྒྱུར་བཅོས་སོགས་ཀྱི་ལས་དོན་གཙོ་བོ་དམ་འཛིན་བྱས་ཏེ། འཆར་འགོད་ནང་གཏན་འཁེལ་བྱས་པའི་གཙོ་གནད་ལས་འགན་ཆེན་པོ་ལྔ་རེ་རེ་བཞིན་ཁག་སོ་སོར་བགོས་ནས་ཞིབ་ཐོ་ཅན་དང་རྩིས་ཐོ་ཅན་གྱི་དོ་དམ་བྱེད་ཐབས་ལག་བསྟར་བྱས། “བྱང་གསུམ”ལས་གཞི་དེ་ལས་གཞི་ལ་སྐུལ་འདེད་གཏོང་བའི་གཡུལ་ས་གཙོ་བོ་ཡིན་པའི་ངོས་ནས་མིག་གིས་མཐོང་ཐུབ་ཅིང་རེག་ན་ཚོར་ཐུབ་པའི་ལས་ཀའི་ཚད་སྐོར་ཞིག་ཐོག་མར་ཆགས་སུ་འཇུག་དགོས་པ་དང་།  ལས་གཞི་གསོག་འཇོག་ཐད་ནས་སྤུས་ཚད་མཐོ་རུ་གཏོང་བའི་དུས་མགོའི་ལས་དོན་མགྱོགས་སུ་བཏང་ནས“ལས་ཀ་ཁག་ཅིག་མགོ་རྩོམ་པ་དང་། ཁག་ཅིག་གསོག་འཇོག་བྱེད་པ། ཁག་ཅིག་འཆར་འགོད”ཀྱི་འཁོར་འགྲིལ་རྣམ་པ་དང་འབྲེལ་མི་ཐུབ་པར་འགན་ལེན་བྱས། ཟི་ལིང་གི་ལྷོ་བྱང་གི་ནགས་རི་ས་ཁུལ་གྱི་སྒྱུར་བཅོས་ཚོད་ལྟ་དང་། གཞུང་ཁོངས་ནགས་ར་སྤྱི་ཚོགས་ལ་སྒོ་འབྱེད་པ། དེང་རབས་ཅན་གྱི་གཞུང་ཁོངས་ནགས་ར་གསར་བཟོ་སོགས་ཀྱི་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།