ཀྲུང་དབྱང་སྒྲོག་བཤད་ཚོགས་པ་མཚོ་བྱང་ཁུལ་དུ་སོང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་བཤད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11པའི་ཚེས6ཉིན་ནས་ཚེས7ཉིན་བར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི་མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་དུ་བསྐྱོད་དེ་སྒྲོག་བཤད་རྟོག་ཞིབ་བྱས།

མདའ་བཞི་རྫོང་གསེར་ཐང་ཞང་ཏུང་ཏ་སྡེ་བ་རུ། ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མིས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་རིགས་སོ་སོའི་མང་ཚོགས་དང་མཉམ་དུ་ཁྱམས་ར་བསྐོར་ནས་ཁ་བརྡ་བྱས་པ་དང་འཕེལ་རྒྱས་གླེང་། ཚང་འཛོམས་གྲོས་ཚོགས་ཀྱིས་རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བཀོད་སྒྲིག་ཆ་ཚང་ལ་དམ་དུ་དམིགས་ནས། མང་ཚོགས་ལ་རྒྱལ་ཁབ་ཀྱི་འཆར་འགོད་ཆེན་པོ་དེ་ཞིང་ཁྱིམ་གྱི་ཉིན་རྒྱུན་འཚོ་བ་དང་འབྲེལ་མཐུད་བྱས་ཡོད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལས་མང་ཚོགས་ཀྱི་འཚོ་བ་གསར་པ་མཐོང་ཐུབ་པ་དང་ཤེས་ཚོར་བྱེད་དུ་བཅུག

མཚོ་བྱང་ཁུལ་མདའ་བཞི་རྫོང་གསེར་ཐང་ཞང་ཏུང་ཏ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཉིག་ཧྲིན་ཡིའུ་ཡིས་བཤད་རྒྱུར།

སྒྲོག་བཤད་ལ་ཉན་རྗེས། ཏུང་ཏ་སྡེ་བའི་རྗེས་ཕྱོགས་ཀྱི་འཕེལ་རྒྱས་དང་གཙོ་གནད་ལས་འགན་ཐད་ནས་ང་རང་ལ་གདེང་ཚོད་སྔར་ལས་གསལ་བོ་ཡོད་པ་དང་། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁྲི་དང་ཁག་ཁུར་ལ་ངོས་འཛིན་སྔར་ལས་ཟབ་མོ་བྱུང་དུ་བཅུག གོ་རིམ་རྗེས་མར། ངས་ཏུང་ཏ་སྡེ་བའི་གནས་ཚུལ་དངོས་ལ་རྐང་བཙུགས་ནས། ཡུལ་མི་ཚོའི་གོ་བདེ་བའི་སྐད་ཆའི་ལམ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མང་ཚོགས་ཀྱི་སེམས་སུ་སྐྱེལ་བ་དང་། སྡེ་བའི་ཏང་ཀྲི་པུའུ་དེ་འཐབ་འཛིང་གི་བཙན་རྫོང་བརྟན་པོར་འཛུགས་སྐྲུན་བྱེད་རྒྱུ་ཡིན། 

མཚོ་བྱང་ཁུལ་མདའ་བཞི་རྫོང་གསེར་ཐང་ཞང་ཏུང་ཏ་སྡེ་བའི་སྡེ་མི། ཀླུ་མོ་འཚོ་ཡིས་བཤད་རྒྱུར།

དེ་རིང་ཡུལ་དངོས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་བཤད་ལ་ཉན་རྗེས། ངས་སེམས་པ་ཧ་ཅང་དྲོ་ཞིང་གདེང་ཚོད་ཇེ་ཆེར་སོང་། ལོ་འདི་དག་ལ། ང་ཚོའི་ལས་བྱེད་པ་ཚོས་བྱ་བ་སྒྲུབ་པ་ཧ་ཅང་བཟང་ལ། གནད་དོན་ཡར་ཞུ་བྱས་ཚེ་དུས་ཐོག་ཏུ་ཐག་གཅོད་ཐུབ་པ་དང་། དམངས་འཚོའི་དོན་དངོས་སྣ་ཚོགས་ཡང་དོན་འཁྱོལ་བྱས་ནས་གྲུབ་འབྲས་མཐོང་ཐུབ། 

གསར་བརྗེའི་རྨང་གཞི་ཡོད་པའི་རྡུལ་ཕྲན་མཁར་རྗེས་དྲན་ཁང་ནི་ཏང་གཤིས་ཞུན་བརྡར་དང་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་གསར་བརྗེའི་སློབ་ཚན་ཡིན། རྡུལ་ཕྲན་མཁར་རྗེས་དྲན་ཁང་དུ་སྒྲོག་བཤད་བྱེད་སྐབས། ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མིས་དུས་རབས་གསར་པའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ལས་འགན་དང་ཟུང་འབྲེལ་བྱས་ནས། ཡུལ་དངོས་ཀྱི་ཏང་ཡོན་ལས་བྱེད་པ་དང་གསོ་སྦྱོང་ལ་ཞུགས་པའི་སློབ་མ། ན་གཞོན་དང་བླངས་པ་བཅས་ཀྱིས་དད་སེམས་ཇེ་བརྟན་དུ་བཏང་ནས། སྙིང་སྟོབས་ཀྱི་འབོད་སྐུལ་དེ་འགན་འཁྲི་སྒྲུབ་པ་དང་གཞི་རིམ་ལ་ཞབས་འདེགས་ཞུ་བ། དངོས་སྒྲུབ་ཁག་ཁུར་བྱེད་པའི་ལག་ལེན་དངོས་སུ་བསྒྱུར་བར་ཁྲིད་སྟོན་བྱས། 

ནུབ་རྒྱུད་འཆར་གཞིའི་དང་བླངས་པ། མཚོ་བྱང་ཁུལ་ཧེ་ཡན་རྫོང་དཔལ་སྦྱིན་ཞང་སྲིད་གཞུང་གི་ལས་སྒྲུབ་མི་སྣ་ཝང་མེ་ཆན་གྱིས་བཤད་རྒྱུར།

གཞི་རིམ་གྱི་བྱ་བའི་ཁྲོད་དུ། ངས་རང་འགུལ་སྒོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་རྒྱུན་ལྡན་གྱི་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་རྒྱུ་ཡིན་ལ། དད་སེམས་བརྟན་པོར་གཏོང་བ་དང་། གཞི་རིམ་དུ་རྐང་ཚུགས་པ། ན་གཞོན་གྱི་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ། ཐོག་མཐའ་བར་གསུམ་དུ་ནུབ་རྒྱུད་འཆར་གཞིའི་དང་བླངས་ཞབས་ཞུའི་ཐོག་མའི་དམ་བཅའ་བརྟན་སྲུང་དང་། གཞི་རིམ་གྱི་ལག་ལེན་ཁྲོད་འཇོན་ཐང་སྦྱོང་བརྡར་དང་འགན་འཁྲི་འཁུར་ཕོད་པར་བྱས་ནས། ལང་ཚོའི་སྟོབས་ཤུགས་གྲོང་གསེབ་དར་སྤེལ་དང་གཞི་རིམ་བཅོས་སྐྱོང་གི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་འདྲེས་པར་བྱས་ཏེ་ནུབ་རྒྱུད་དུ་རྐང་ཚུགས་པ་དང་གཞི་རིམ་དུ་བྱས་རྗེས་འཇོག་དགོས།  

མཚོ་བྱང་ཁུལ་ཏང་ཨུའི་ཏང་གི་སློབ་གྲྭའི་མཐོ་རིམ་འཆད་ཁྲིད་ཆེན་དགེ་རྒན་ལི་ཝུན་ཞུའེ་ཡིས་བཤད་རྒྱུར།

ཚང་འཛོམས་གྲོས་ཚོགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་ཞིབ་ཕྲ་བྱས་པ་དེ་ལས་རང་རེའི་ཏང་གི་རང་ངོས་གསར་བརྗེའི་ཆོད་སེམས་བརྟན་པོ་གང་ལེགས་ཀྱིས་མཚོན་ཡོད། ཏང་གི་སློབ་གྲྭའི་དགེ་རྒན་ཞིག་ཡིན་པའི་ཆ་ནས།  ངས་སྔོན་ལ་སློབ་སྦྱོང་ཏན་ཏིག་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་ནང་འདྲེས་པར་བྱ་རྒྱུ་དང་།  ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཚན་རིག་གི་ནང་དོན་གསལ་པོར་བཤད་རྒྱུ་ཡིན་པ་མ་ཟད།   སློབ་མར་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ཏང་གཤིས་སྦྱོང་བརྡར་བྱས་ཏེ། དངོས་སྒྲུབ་ལ་བརྟེན་ནས་ཏང་གི་སློབ་གྲྭའི་དགེ་རྒན་གྱིས་ཏང་ལ་འཇོན་མི་སྐྱེད་སྲིང་དང་ཏང་ལ་ཐབས་འདོན་ཇུས་འབུལ་བྱེད་པའི་ལས་འགན་སྒྲུབ་པར་ཁྲིད་སྟོན་བྱ་རྒྱུ་ཡིན།  

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།