ཟླ11ཚེས5ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཆེད་དོན་སྲིད་དོན་གནས་ཚུལ་ཁྱབ་བསྒྲགས་ཚོགས་འདུ་བསྡུས།
ཚོགས་འདུ་མ་བསྡུས་གོང་། ཞིང་ཆེན་སྲིད་གྲོས་ཀྱིས་བརྗོད་གཞི་འདེམས་པའི་འདོད་བློ་རྒྱ་ཁྱབ་ཏུ་འཚོལ་སྡུད་བྱས་ཏེ། དོ་སྣང་བྱེད་ཚད་མཐོ་ཞིང་མཚོན་བྱེད་རང་བཞིན་ལྡན་པ། འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་པ་བཅས་ཀྱི་གཙོ་གནད་གདམ་གསེས་ལེགས་སྒྲིག་དང་འདེམས་སྒྲུག་བྱས་པ་མ་ཟད། ཞིང་ཆེན་རིམ་པའི་འབྲེལ་ཡོད་འགན་ནུས་ལས་ཁུངས་དང་འབྲེལ་མཐུད་བྱས་ཏེ། ཚོགས་འདུའི་ཐོག་གཅིག་སྡུད་ཀྱིས་བརྡ་ཁྱབ་བཏང་།
ཚོགས་འདུའི་ཐོག ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་སོགས་ལས་ཁུངས་ཀྱིས་ཆེད་དོན་མི་འདྲ་བར་དམིགས་ནས་ལས་ཀའི་ཕན་འབྲས་དང་མིག་སྔའི་སྐུལ་འདེད་བརྒྱུད་རིམ་ནང་གནས་པའི་དཀའ་གནད་དང་འགག་གནད་བརྡ་ཁྱབ་བཏང་།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྲིད་དོན་གནས་ཚུལ་བརྡ་ཁྱབ་གཏོང་བའི་ཚོགས་འདུ་ནི་སྲིད་གྲོས་ཨུ་ཡོན་དང་། ཚོགས་ཞུགས་ལས་ཁུངས་སོ་སོས་གནས་ཚུལ་ཤེས་རྟོགས་དང་སྲིད་དོན་གསལ་རྟོགས་ཀྱི་ཐབས་ལམ་གལ་ཆེན་ཞིག་རེད། དམངས་གཙོའི་ཏང་ཁག་སོ་སོ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། སྲིད་གྲོས་ཨུ་ཡོན་བཅས་ཀྱིས་ཐེངས་འདིའི་བརྡ་ཁྱབ་ཚོགས་འདུ་གོ་སྐབས་སུ་བཟུང་སྟེ། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་ཡང་དག་པར་ཁོང་དུ་ཆུད་པ་དང་། གཙོ་གནད་ལས་ཀའི་བཀོད་སྒྲིག་ཁོང་དུ་ཆུད་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། གནད་འཁེལ་ཇུས་འདོན་གྱིས་སྲིད་དོན་སྐྱོང་རོགས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་ཆེད་བློ་གྲོས་དང་སྟོབས་ཤུགས་གང་ལེགས་འབུལ་དགོས་པའི་རེ་བ་བཏོན།