ཟླ11པའི་ཚེས6ཉིན་ནི་པེ་ཅིང་གི་གྲོང་ཁྱེར་དང་ཆུས་དང་ཞང་དང་གྲོང་རྡལ་རིམ་པ་གཉིས་ཀྱི་དམངས་ཆེན་འཐུས་མིའི་སྐབས་བརྗེ་འདེམས་བསྐོའི་འདེམས་ཤོག་འཕེན་པའི་ཉིན་མོ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཁར་ནུབ་ཆུས་ཀྲུང་ནན་ཧའེ་འདེམས་ཁུལ་ཧོའེ་རེན་ཐང་གི་འདེམས་ཤོག་འཕེན་སའི་ས་ཚིགས་སུ་ཆུས་ཀྱི་དམངས་ཆེན་འཐུས་མིའི་འདེམས་བསྐོའི་འདེམས་ཤོག་འཕེན་པར་ཞུགས་སྐབས། དམངས་ཆེན་འཐུས་མི་འདེམས་བསྐོ་བྱེད་པ་ནི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་ལེགས་པོ་དང་འཐུས་སྒོ་ཇེ་ཚང་། འཁོར་སྐྱོད་ལེགས་པོ་བཅས་བྱེད་པའི་རྨང་གཞི་ཡིན་པས། རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ནང་གི་དོན་ཆེན་ཞིག་ཡིན། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱས་ནས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་དམངས་གཙོ་དར་སྤེལ་གང་ལེགས་བྱེད་པ། ཁྲིམས་ལྟར་བྱ་བ་སྒྲུབ་པར་ནན་མོ་བཅས་བྱེད་པ། འདེམས་བསྐོའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། འདེམས་བསྐོའི་བྱ་བ་ཁ་ཕྱོགས་ཡང་དག་པ་དང་སྤྱོད་གཙང་དྲང་གཞག་ཡོང་བར་ཁག་ཐེག་དང་། མི་དམངས་ཡིད་ཚིམ་པའི་འཐུས་མི་འདེམས་པར་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན།