ལུའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་ཝུན་ཐིང་སྲང་ལམ་སྡེ་ཁུལ་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་འབྲེལ་རྟོག་ཞིབ་གནང་སྐབས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྩ་བ་ཚུགས་རྒྱུར་སྐུལ་འདེད་བཟང་པོ་བཏང་སྟེ། སྤྱོད་ཚུལ་ནན་མོར་བརྟེན་ནས་སྔར་ལས་ལྷག་པར་དམངས་ཀྱི་སེམས་ཁྲལ་སེལ་བ་དང་དམངས་འཚོར་ཕན་པ་ཐོབ་ཏུ་འཇུག་དགོས་ཞེས་ནན་བཤད་གནང་།
རང་གཟུགས།
ཟླ11པའི་ཚེས4ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་ཝུན་ཐིང་སྲང་ལམ་སྡེ་ཁུལ་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་དང་། ཏང་འཛུགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་བྱེད་པར་སྣེ་ཁྲིད་བྱེད་པ། དམངས་འཚོ་ཞབས་ཞུའི་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ། "ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"་དམིགས་ཚད་ལས་འགན་མངོན་འགྱུར་བྱ་རྒྱུ་དང་ལེགས་པོར་སྦྲེལ་ནས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཏང་འཛུགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་གཏིང་ཟབ་ཏུ་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་། ཏན་ཏིག་སྒོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྩ་བ་ཚུགས་རྒྱུར་སྐུལ་འདེད་བཏང་ནས། སྤྱོད་ཚུལ་ནན་མོར་བརྟེན་ནས་སྔར་ལས་ལྷག་པར་དམངས་ཀྱི་སེམས་ཁྲལ་སེལ་བ་དང་དམངས་འཚོར་ཕན་པ་ཐོབ་ཏུ་འཇུག་དགོས། ཝང་ཝུའེ་ཏུང་དང་ཀྲུའུ་ཞང་ཧྥིན་རྟོག་ཞིབ་ལ་ཞུགས།
གཞན་གཟུགས།
ལུའོ་ཏུང་ཁྲོན་ཝུན་ཐིང་སྲང་ལམ་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་སུ་ཕེབས་ནས། སྡེ་ཁུལ་ཏང་ཨུའི་ཧྲུའུ་ཅིས་སྡེ་ཁུལ་གྱི་ཉེ་བའི་ལོ་ཤས་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་སྐོར་གྱི་ངོ་སྤྲོད་བྱས་པར་གསན་ཞིང་། གྲོང་ཁྱེར་དང་ཆུས། ཁྲོམ་སྲང་། སྡེ་ཁུལ་བཅས་ཀྱི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་ཀྱི་འཐུས་མི་བཅས་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཟབ་མོར་བསྐྱར་དྲན་གནང་ལ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུར་དམིགས་ནས་ངོས་འཛིན་དང་མྱོང་ཚོར་གླེང་བ་དང་། འབྱུང་འགྱུར་ནས་ཐད་ཁ་བརྡ་བྱས། ལུའོ་ཏུང་ཁྲོན་གྱིས་བཤད་རྒྱུར། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་ལོ་བརྒྱའི་ཏང་ཆེན་པོས་རང་ངོས་གསར་བརྗེ་བྱེད་པའི་བསམ་ཕྱོགས་གསར་པ་བཏོད་པ་དང་། ཏང་སྲོལ་སྲིད་སྲོལ་ལ་འགྱུར་ལྡོག་བྱུང་བ་དེས་སྤྱི་ཚོགས་ཀྱི་སྤྱོད་ཚུལ་དང་དམངས་སྲོལ་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པས། མང་ཚོགས་ཉེ་འགྲམ་དུ་མིག་མཐོང་ལག་ཟིན་ཐུབ་པའི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བྱུང་བ་ལ་འབྲེལ་བ་དམ་ཟབ་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ105འཁོར་བ་དང་། "ལོ་ལྔའི་འཆར་འགོད་བཅོ་ལྔ་པ"མགོ་ཚུགས་པའི་མཚམས་ཚིགས་གལ་ཆེན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི་་ཆོད་དོན་ནང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་བ་དེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ལ་དོ་དམ་དང་ཏང་སྐྱོང་བ་དང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བའི་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ་དང་འགན་འཁྲི་འཁུར་སེམས་ཆེན་པོ་གང་ལེགས་སྒོས་མཚོན་ལ། ཏང་ཀྲུང་དབྱང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་བློ་སྟོབས་བརྒྱུད་སྤྲོད་བྱས་ཡོད།
གཞན་གཟུགས།
ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། གཞི་རིམ་ནི་རྒྱལ་ཁབ་བཅོས་སྐྱོང་གི་ཆེས་མཇུག་སྣེ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེས་མདུན་གྲལ་ཡིན་ལ། ཏང་འཛུགས་ལས་དོན་རྩ་བ་ཚུགས་སའི་རྨང་རྡོའང་ཡིན། ཚང་འཛོམས་གྲོས་ཚོགས་ཀྱི་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པ་དང་། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བསམ་ཕྱོགས་ཁོང་དུ་གཏིང་ཟབ་ཏུ་ཆུད་པར་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་སེམས་ནུས་གཅིག་སྒྲིལ་དང་བླ་སྲོག་བསྐྲུན་པར་བྱེད་ཅིང་། རང་རྟོགས་ངང་བསམ་བློ་དང་འགུལ་སྐྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས། མི་རིགས་ཁག་གི་མང་ཚོགས་སྔར་ལས་ལྷག་པར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས། གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁ་ཕྱོགས་གསལ་པོ་བརྟན་པོར་འཛུགས་པ་དང་། གཟབ་ནན་གྱི་གདངས་དབྱངས་གཞི་རིམ་གྱི་མཇུག་སྣེ་རུ་དྲངས་ཏེ། ཀྲི་པུའུ་འཛུགས་སྐྱོང་དང་ཏང་ཡོན་དོ་དམ། གཞི་རིམ་བཅོས་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། གཞི་རིམ་གྱིས་ཏང་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་དམ་འཛིན་དང་དངོས་འབེབས་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྐྱོང་དང་འགག་སྒྲོལ་ཐག་གཅོད་ཀྱི་དམག་འཐབ་ཡག་པོར་བརྒྱབ་ནས། གཞི་རིམ་ཏང་རྩ་འཛུགས་དེ་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས། མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་བཅས་ཀྱི་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་ནས། "ཐག་རིང་གཉེན་ཉེ་ལས་ཁྱིམ་མཚེས་བཟང་བའི"འདུ་ཤེས་དེ་ཞིབ་ཕྲའི་ལས་དོན་ནང་འཇུག་པ་དང་། རིགས་སྣ་ཚོགས་ཀྱི་ཞབས་ཞུའི་གཡུལ་ས་ལེགས་པོར་སྤྱད་དེ། སེམས་རྣལ་དུ་ཕབ་ཅིང་བརྩེ་སེམས་ལ་བརྟེན་ནས་བྱ་བ་བཟང་པོ་དང་བྱ་བ་དངོས་སྒྲུབ་པ་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱས་ནས། སྤུས་ཚད་མཐོ་བའི་ཏང་འཛུགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་ལ་སྣེ་ཁྲིད་བྱེད་དགོས། ཏང་ཡོན་ལས་བྱེད་པའི་གདོང་མཆོང་དཔེ་བཟང་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་དང་། ལྷག་བསམ་ཟོལ་མེད་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བ། མང་ཚོགས་རྒྱ་ཁྱབ་ཏུ་གོང་བུར་བསྒྲིལ་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་སྟེང་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས།