ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་དུས་རབས་གསར་པའི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རླབས་ཆེའི་གྲུབ་འབྲས་དང་རྩ་ཆེའི་ཉམས་མྱོང་ཕྱོགས་བསྡོམས་ནན་མོ་བྱས་པ་དང་། དེས་ཏང་གི་སྲིད་སྐྱོང་གོ་གནས་སྲ་བརྟན་དུ་གཏོང་བ་དང་ཏང་གི་ལས་འགན་མངོན་དུ་འགྱུར་བར་དོན་སྙིང་གལ་ཆེན་ལྡན། དམག་ཡོངས་ཀྱི་དཔོན་དམག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱི་སློབ་སྦྱོང་བྱས་ཏེ། ཚང་མས་གཅིག་གྱུར་གྱིས་བལྟས་ན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དང་ཕྱོགས་ཡོངས་ནས་དམག་དཔུང་ནན་སྐྱོང་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་བ། གཡོ་འགུལ་སྤུ་ཙམ་མེད་པར་ཏང་གིས་དམང་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་པ་རྒྱུན་འཁྱོངས་དང་དེར་ཤུགས་བསྣན་ནས། ཚོད་བགམ་གྱི་ལམ་བུ་གསར་བའི་སྟེང་སྔར་ལས་བཟང་པའི་རྒྱུགས་ལན་གསར་པ་ཞིག་སྤྲོད་དགོས་པར་འདོད།
ཚང་འཛོམས་གྲོས་ཚོགས་ལས་གྲོས་འཆམ་བྱུང་བའི་ཆོད་དོན་གྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཏང་སྟོབས་རྒྱལ་སྟོབས་ཀྱི་ལོ་རྒྱུས་ཀྱི་རང་འགུལ་ལེགས་པོར་མངོན་ཡོད་པས། དུས་རབས་གསར་བའི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་ཏང་སྟོབས་ཀྱི་རྣམ་པ་གསར་བ་སྔར་ལས་གཏོད་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལའདེད་གཏོང་རྒྱུར་གལ་ཆེའི་དངོས་ཡོད་དོན་སྙིང་དང་ཡུན་རིང་གི་མཛུབ་སྟོན་དོན་སྙིང་ལྡན། དམག་ཡོངས་ཀྱི་དཔོན་དམག་གིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་ང་ཚོའི་དམག་དཔུང་ལ་མཚོན་ནས་བཤད་ན། ཏང་གི་བཀོད་འདོམས་ལ་ཉན་པ་དང་ཆབ་སྲིད་ལ་བློ་དཀར་བའི་རྩ་བའི་གནད་དོན་འདི་དམ་འཛིན་བྱས་ནས། ང་ཚོའི་དམག་དཔུང་གི་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱུ་དེ་ཡིན།
ཀྲུང་དབྱང་དམག་ཨུའི་རྒྱལ་སྲུང་སྐུལ་སློང་པུའུ་ཆབ་སྲིད་བྱ་བའི་ཅུས་ཀྱི་མའོ་ཕེང་གིས་བཤད་རྒྱུར། ང་ཚོས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ་དང་། སྲུང་སྐྱོང་གཉིས་ལེགས་པོར་བསྒྲུབ་སྟེ། དམག་ཨུའི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མ་ལག་གི་བཀོད་སྒྲིག་དེ་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་གི་བརྒྱུད་རིམ་ཧྲིལ་བོར་མངོན་པར་བྱེད་དགོས། ཆབ་སྲིད་གླེང་བ་དང་རྒྱལ་ཁ་ལེན་པར་འཆར་འགོད་བྱེད་པ། ཞབས་འདེགས་ཞུ་བ། མིག་དཔེ་སྟོན་པ་བཅས་བྱས་ནས། འགྱུར་མེད་ཀྱི་ཡིད་ཆེས་དང་འགྱུར་མེད་ཀྱི་དད་སེམས། འགྱུར་མེད་ཀྱི་སྒྲིག་ཁྲིམས། འགྱུར་མེད་ཀྱི་ཁག་ཁུར་བཅས་ལྡན་པའི་དམག་ཨུའི་ལས་ཁུངས་ཤིག་བཙུགས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དང་ཕྱོགས་ཡོངས་ནས་དམག་ནན་སྐྱོང་བྱེད་པའི་འཐབ་ཕྱོགས་དང་པོ་ཡག་པོར་བསྐྲུན་དགོས།
སྐམ་དམག་གི་དམག་སྡེ་ཚོགས་པ83པའི“ཧུང་ཡུས་ལེན”ཝུའུ་ཧྲོས་ཀྱིས་བཤད་རྒྱུར། 1927ལོར་སན་ཝན་བཅོས་སྒྲིག་བྱས་པ་དང་། ང་ཚོའི་བརྒྱ་ཤོག་གིས་དམག་ཡོངས་ཀྱི་བརྒྱ་ཤོག་དང་པོའི་ཏང་ཀྲི་པུའུ་བཙུགས། དམར་དམག་གི་རྒྱུན་འཛིན་པ་ཡིན་པའི་ཆ་ནས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་མི་སྣ་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱེད་པ་དང་། ཏང་ཀྲི་པུའུ་ནི་གཞོམ་གཞིག་མེད་པའི་འཐབ་འཛིང་གི་བཙན་རྫོང་ཞིག་ཏུ་འགྱུར་བར་བྱེད་དགོས་ལ། ཏང་གཤིས་དང་རྩ་དོན་བརྟན་པོར་འཛུགས་པ་དང་། ཏང་གཤིས་བརྟན་པོར་བརྟེན་ནས་རང་སྟོབས་རང་སྤེལ་དང་ལས་སྒྲུབ་ལས་སྐྲུན་བྱེད་དགོས།
རྒྱལ་སྲུང་ཚན་རྩལ་སློབ་ཆེན་གྱི་ལིའུ་དབྱང་ཡའེ་ཡིས་བཤད་རྒྱུར། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་བཟོ་སྐྲུན་གསར་བར་སྐུལ་འདེད་ཟབ་མོ་གཏོང་རྒྱུར་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ང་ཚོས་ངེས་པར་དུ་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གཤིས་སློབ་གསོ་དེ་འཇོན་མི་གསོ་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། ན་གཞོན་སློབ་མ་རྣམས་ཀྱིས་དཔའ་ངར་ཆེན་པོས་ཚན་རྩལ་གྱི་འཕེལ་རྒྱས་ལ་སྙེག་པ་དང་ལྷག་བསམ་རྣམ་དག་གི་བླ་སྲོག་སྔར་ལས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས་ནས། བླ་སྲོག་ལྡན་པ་དང་འཇོན་ཐང་ལྡན་པ། ངར་སེམས་ཡོད་པ། ཀུན་སྤྱོད་བཟང་བ་བཅས་ཀྱི་དུས་རབས་གསར་པའི་གསར་བརྗེའི་དམག་མི་ཞིག་ཏུ་འགྱུར་བར་འབད་དགོས་ཟེར།
མི་དམངས་དམག་དཔུང་གི་ཏང་འཛུགས་སྐྱོང་ནི་ཏང་འཛུགས་སྐྱོང་གི་རླབས་ཆེན་བཟོ་སྐྲུན་གསར་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ང་ཚོའི་དམག་གི་ལས་དོན་ཚང་མ་ལེགས་པོར་བསྒྲུབ་པའི་རྩ་བའི་འགན་ལེན་ཡང་ཡིན། ཏང་གི་ཆབ་སྲིད་ལས་འགན་ལག་བསྟར་བྱེད་པའི་དྲག་ཆས་ཚོགས་པ་ཡིན་པའི་ཆ་ནས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར། དམག་དཔུང་གིས་ངེས་པར་དུ་ཚད་གཞི་སྔར་ལས་མཐོ་བ་དང་བླང་བྱ་སྔར་ལས་ནན་མོ་འདོན་དགོས། ཀྲང་ཡིའུ་ཞ་དང་ལིའུ་ཀྲིན་ལི་སོགས་དམག་དཔུང་གི་རུལ་སུངས་མི་སྣར་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་པ་དེས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུས་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་དོན་འཁྱོལ་མཐིན་ཕྱིན་བྱས་པའི་རྣམ་འགྱུར་གསལ་པོ་མངོན་ཡོད་ལ། རུལ་སུངས་ལ་ཆད་གཅོད་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ཁེབས་པ་དང་དམག་དཔུང་དུ་རུལ་སུངས་པ་ཡིབ་ས་གཏན་ནས་མེད་པའི་ལངས་ཕྱོགས་བརྟན་པོ་སླར་ཡང་མངོན་པར་བྱས་ཡོད། དམག་ཡོངས་ཀྱི་དཔོན་དམག་གིས་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་། ཚང་མས་འདི་ནི་དམག་དཔུང་གི་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་འགག་སྒྲོལ་དམག་འཐབ་ཡུན་རིང་དམག་འཐབ་ཀྱི་རྒྱལ་ཁ་ཆེན་པོ་ཞིག་ཡིན་པས། ངེས་པར་དུ་མི་དམངས་དམག་དཔུང་གི་སྤྱོད་གཙང་གཟི་བརྗིད་རྟག་བརྟན་ཡོང་བར་ནུས་ལྡན་གྱིས་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ཕྲག་ཏུ་འཁུར་བའི་ལས་འགན་ལེགས་པོར་བསྒྲུབ་དགོས་ཞེས་བསྟན།
དབུས་རྒྱུད་འཐབ་ཁུལ་ཆབ་སྲིད་ལས་དོན་པུའུ་ཡི་ལིའུ་ཞིན་གྱིས་བཤད་རྒྱུར། ཏང་གིས་མཐའ་གཅིག་ཏུ་འགོ་ཁྲིད་པའི་མི་དམངས་དམག་དཔུང་ཡིན་པའི་ཆ་ནས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ཤེས་རྟོགས་ཟབ་མོ་བྱེད་དགོས་ན། གནད་འགག་ནི་བསམ་སྦྱོར་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱས་ནས། ཆབ་སྲིད་སྦྱོང་བརྡར་ལ་སྐུལ་འདེད་ཟབ་མོ་གཏོང་བ་དང་། མུ་མཐུད་དུ་སྤྱོད་ཚུལ་ལེགས་སྒྱུར་དང་སྒྲིག་ལམ་ནན་སྲུང་། ལྐོག་ཟ་རུལ་སུངས་ལ་ཆད་པ་གཅོད་པ་བཅས་བྱས་ཏེ། རང་ངོས་གསར་བརྗེའི་བྱེད་ཐབས་སྣ་ཚོགས་སྤྱོད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་དངོས་ཡོད་ཕན་འབྲས་དེ་དམག་དཔུང་འཛུགས་སྐྲུན་ཁྲོད་དངོས་སུ་མངོན་པར་བྱས་ཏེ། དམག་སྟོབས་དམག་དར་གྱི་ལོ་རྒྱུས་ཀྱི་རང་འགུལ་ལས་རྒྱལ་བར་བྱེད་པར་རག་ལས་ཡོད་ཟེར།
མེ་ཤུགས་འཕུར་མདའི་དམག་དཔུང་ག་གེ་མོ། པེན་སའེ་ཡིས་བཤད་རྒྱུར། དུང་བརྡ་གཏོང་མཁན་རང་གནས་སུ་འཇོག་དགོས་ན་ཐོག་མར་ཏང་གཤིས་རང་གནས་སུ་ཡོད་དགོས། རྒྱལ་ཁབ་ཆེན་པོའི་རལ་གྲི་བཀོལ་སྤྱོད་བྱེད་མཁན་ཞིག་ཡིན་པའི་ངོས་ནས། ང་ཚོས་ངེས་པར་དུ་རྒྱུན་རྣམ་ཅན་གྱི་ཆབ་སྲིད་དག་ཐེར་སྦྱོང་བརྡར་དམ་འཛིན་ནན་མོ་བྱས་ཏེ། དད་མོས་ཟམ་མི་ཆད་པར་ཇེ་གཙང་དུ་གཏོང་བ་དང་ཏང་གཤིས་སྦྱོང་བརྡར་བྱེད་པ། དམག་གི་བླ་སྲོག་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས། ལྷག་བསམ་རྣམ་དག་དང་གཙང་མ་གཙང་རྐྱང་། འགན་འཁྲི་འཁུར་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུ། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་བཀོད་འདོམས་ལ་བློ་ཐག་རྦད་ཆོད་ཀྱིས་ཉན་ཏེ། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་རྒྱལ་ཁབ་ཆེན་པོའི་རལ་གྲི་བཟུང་ནས་སྦྱོང་བརྡར་བྱེད་པ་དང་རྒྱལ་བརྟན་དམངས་བདེ་ཡོང་བར་སྲུང་སྐྱོང་བྱེད་དགོས་ཟེར།
མཚོ་དམག་གི་ཧུང་ཧོ་དམག་གྲུའི་ཧྥུ་ཀྲི་ཡོན་གྱིས་བཤད་རྒྱུར། གཟབ་ནན་བྱས་ན་གཞི་ནས་རྩ་འཛིན་དང་སྒྲིག་ཁྲིམས་ཡོ་བསྲང་བྱེད་ཐུབ་པ་དང་།གཟབ་ནན་བྱས་ན་གཞི་ནས་དམག་དཔུང་གི་ཟིལ་ཤུགས་མངོན་ཐུབ་ལ། གཟབ་ནན་བྱས་ན་གཞི་ནས་འཐབ་འཛིང་གི་ནུས་ཤུགས་ཐོན་ཐུབ།ལོ་རེར་རྒྱང་རིང་རྒྱ་མཚོ་ཆེན་པོར་གཡུལ་འགྱེད་བྱེད་པའི“སྟག་རྒོད་རྒྱུན་འཛིན་པ”ཡིན་པའི་ངོས་ནས། ལས་ཁུངས་དང་བཅའ་སྡོད་བྱ་ཡུལ་དང་རྒྱང་ཐག་ཇི་ཙམ་རིང་ནའང་།ཏང་དོ་དམ་དང་ཏང་སྐྱོང་གི་ལམ་ལུགས་ཁག་དོན་འཁྱོལ་ནན་མོ་བྱས་ཏེ། མཚོ་འགྲུལ་གྱི་རྗེས་ཤུལ་གང་དུ་སྣུར་སྲིང་བྱས་ཚེ། སྒྲིག་ཁྲིམས་ཀྱི་གཅུན་སྡོམ་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་དེའི་རྗེས་སུ་འབྲང་དགོས་ལ། ཉམས་སད་ཐེག་ཐུབ་པའི་ཏང་སྲོལ་ལ་བརྟེན་ནས་དམག་གྲུའི་དར་སྲོལ་བརྟན་པོ་བསྐྲུན་ཏེ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུ། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱིས་བཀའ་བཏང་མ་ཐག དུས་དང་རྣམ་པ་ཀུན་ཏུ་དམག་འཐབ་བྱེད་ཐུབ་པ་དང་དམག་འཐབ་བྱས་ཚེ་རྒྱལ་ཁ་ཐོབ་ངེས་ཡིན་པར་འགན་ལེན་བྱེད་དགོས་ཟེར།
མཉམ་འབྲེལ་མཁོ་སྒྲུབ་འགན་སྲུང་དཔུང་སྡེ་ཡི་ཅིན་ཕེང་གིས་བཤད་རྒྱུར། བབ་གཙང་སྤྱོད་བཟང་ཡང་འཐབ་འཛིང་གི་སྟོབས་ཤུགས་ཡིན། ང་ཚོས་སྲུང་སྐྱོབ་བྱེད་པ་ནི་དམག་ཡོངས་ཀྱི་མཁོ་སྤྲོད་འགན་ལེན་གྱི་རྒྱབ་ཕྱོགས་ཆེན་པོ་ཡིན་པ་དང་། གཏོང་ལེན་གསོག་འཇོག་དོ་དམ་དང་སྨན་བཅོས་སྐྱོབ་བཅོས། བཟོ་སྐྲུན་འཛུགས་སྐྲུན་བཅས་ཀྱི་བརྒྱུད་རིམ་ཚང་མ་གཡུལ་སར་འབྲེལ་བ་ཡོད་པས། རྒྱལ་ཁ་ལེན་རྒྱུ་དང་འབྲེལ་བ་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ངེས་པར་དུ་སྒྲིག་ཁྲིམས་ཀྱི་འགོག་སྲུང་འཛིང་རགས་ནན་སྲུང་དང་། དམག་གྲབས་ཀྱི་གཞི་རྩ་བརྟན་སྲུང་བྱས་ཏེ། དངོས་ཟོག་རེ་རེ་མདུན་སར་ཐད་ཀར་སྐྱེལ་ཐུབ་པ་དང་། འགན་སྲུང་ཚང་མས་རྒྱལ་ཁར་འདེགས་སྐྱོར་ཐུབ་པར་བྱེད་དགོས་ཟེར།
ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་ནམ་ཡང་ལམ་ན་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་བར་བརྩི་སྲུང་ཞུ་དགོས་པའི་རྩ་དོན་དོན་ཚན་བདུན་གསལ་བཤད་བྱས་པ་དང་།ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་རྒྱུའི་ཐད་གོ་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད།དམག་ཡོངས་ཀྱི་དཔོན་དམག་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་།མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ། རང་རྟོགས་ངང་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སྤྱད་དེ།དམག་དཔུང་གི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྲུན་ལ་མཛུབ་སྟོན་དང་སྐུལ་འདེད་གཏོང་བ།ལས་ཀའི་འཇུག་སྒོ་དང་ཤུགས་རྒྱག་ས་ཡང་དག་བཙལ་བ། སློབ་སྦྱོང་གི་ཕན་འབྲས་དེ་དམག་གྲབས་དང་དམག་འཐབ་ལ་དམིགས་པ་དང་།རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་བྱེད་ཐབས་སུ་བསྒྱུར་བ།དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཧུར་ཐག་བྱེད་པའི་བྱ་སྤྱོད་དངོས་སུ་འགྱུར་བར་བྱེད་དགོས།
མཁའ་དམག་གི“ཝང་ཧའེ་རུ་ཆེན”གྱི་ལི་ཏེ་པིན་གྱིས་བཤད་རྒྱུར། འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་པའི་འཛམ་གླིང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ཀྱི་མདུན་དུ། ང་ཚོས་གནས་བབ་ཅི་ཙམ་རྙོག་འཛིང་ཆེ་བ་དང་ལས་འགན་ཇི་ལྟར་དཀའ་ཚེགས་ཆེ་ན། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་ཏང་གི་བྱ་གཞག་དམ་འཛིན་ཡག་པོ་བྱེད་པའི་རྩ་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་སྔར་ལས་བརྟན་པོར་ངེས་དགོས་པ་དང་། མཁའ་དབྱིངས་སུ་འཕུར་ཐེངས་རེ་རེ་དངོས་འཐབ་ཏུ་བརྩིས་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཞབས་འདེགས་ཞུ་བའི་དམག་སྦྱོང་དམག་གྲབས་ཀྱི་ལས་འགན་གཉིས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས། ཏང་གི་བཀོད་འདོམས་ལ་ཉན་པ་དང་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་ཧྲག་དམག་སྟོབས་ལྡན་སྦྱོང་བརྡར་བྱེད་དགོས་ཟེར།
དྲག་ཆས་ཉེན་རྟོག་པེ་ཅིང་སྤྱི་ཁྱབ་རུ་ཁག་གི་ཡན་ལག་རུ་ཁག་ག་གེ་མོའི་ཧྲན་ལིན་གྱིས་བཤད་རྒྱུར། རྒྱལ་སར་སྡོད་པའི་དཔུང་སྡེ་ཞིག་ཡིན་པའི་ངོས་ནས། ཏང་ལ་བློ་དཀར་མཐའ་གཅིག་ཏུ་བྱ་རྒྱུ་ནི་ང་ཚོའི་ཚེ་སྲོག་གི་རང་གཤིས་དང་ལས་འགན་གྱི་རང་མདངས། འབད་འཐབ་ཀྱི་རང་གཤིས་བཅས་ཡིན། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆབ་སྲིད་ཀྱི་སྤྲོ་སེམས་དེ་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པའི་བྱ་སྤྱོད་དངོས་སུ་བསྒྱུར་ཏེ། དམག་དཔུང་ལ་ཕྱོགས་ཡོངས་ནས་བླང་བྱ་ནན་མོ་འདོན་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱེད་པ། རིམ་པ་གཅིག་གིས་རིམ་པ་གཅིག་གི་སྣེ་ཁྲིད་དེ་ལས་ཀ་སྒྲུབ་པ། རིམ་པ་གཅིག་གིས་སྒྲུབ་པ་རིམ་པ་གཅིག་ལ་སྟོན་པ་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱིས་སྤྲད་པའི་ལས་འགན་སོ་སོ་བློ་ཐག་རྦད་ཆོད་ཀྱིས་ཡོངས་འགྲུབ་བྱེད་དགོས་ཟེར།
རྒྱལ་སྲུང་སློབ་ཆེན་གྱི་ལིའུ་ཝན་ཞ་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པའི་ཚུན་དུ། རང་རེའི་ཏང་གིས་བློ་བརྟན་འགྱུར་མེད་ངང་སྤྱོད་བཟང་སྒྲིག་ཁྲིམས་ཇེ་དམ་དུ་གཏོང་བ་དང་རུལ་རྒོལ་ངན་གཅོད་བྱས་པས། རང་ངོས་གསར་བརྗེ་དེ་ཟང་ཟིང་བཅོས་སྐྱོང་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ལས་བརྒལ་བའི དྲིས་ལན་གཉིས་པ་དེ་རྙེད་ཡོད། མི་དམངས་དམག་དཔུང་གི་ངོས་ནས་བཤད་ན། ཏང་གི་འགོ་ཁྲིད་ལྟོས་མེད་དེ་དམག་དཔུང་འཛུགས་སྐྲུན་གྱི་ཁྱབ་ཁོངས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ལག་ལེན་མཐར་ཕྱིན་བྱེད་པ་དང་། དམིགས་འབེན་གྱི་ཁྲིད་སྟོན་དང་གནད་དོན་གྱི་ཁྲིད་སྟོན་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་བཏང་ནས། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཐག་གཅོད་བྱས་ཏེ། མེ་མདའ་ནམ་ཡང་ཏང་ལ་བློ་དཀར་བ་དང་བློ་གཏད་ཆོག་པའི་མིའི་ལག་ཏུ་འཛིན་ཐུབ་པར་འགན་ལེན་ནན་མོ་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉེར་གཅིག་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས་ཟེར།