མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ11པའི་ཚེས5ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཀྲུའུ་ཀི་ཡུས་ཅེ་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཞིན་མིན་ཞང་ཞ་ཧྲན་སྡེ་བར་སྐྱོད་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ལ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་གཞི་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཕན་འབྲས་གསར་པར་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་དགོས་ཞེས་ནན་གྱིས་བསྟན།
ཀྲུའུ་ཀི་ཡུས་ཅེ་ཞ་ཧྲན་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་ཡོང་ནས། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིར་བཞུགས་མོལ་སྤེལ་རེས་བྱས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས། ཁོས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འགག་རྩའི་དུས་སྐབས་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོར་ཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི《ཆོད་དོན》ནང་། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་རིང་གི་ཏང་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བའི་མདུན་དུ་ལྷགས་པའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་བྱས་ཡོད་ལ། དུས་རབས་གསར་པའི་ཏང་ལེགས་སྐྱོང་གི་ལས་གཞི་རླབས་ཆེན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན།
ཀྲུའུ་ཀི་ཡུས་ཅེ་ཡིས་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་ཁག་དོན་འཁྱོལ་བྱེད་པར་གཞི་རིམ་ནི་གནད་འགག་ཡིན། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཁྲིད་སྟོན་ལ་ཤུགས་བསྣན་ནས་ཏང་ཡོན་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བྱས་ཏེ། སྡེ་བའི་ཏང་ཀྲི་པུའུ་དེ་སྲ་ཞིང་བརྟན་པའི་དམག་འཐབ་བཙན་རྫོང་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། སེམས་ནུས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་བྱ་བ་དངོས་ཡག་པོར་སྒྲུབ་དགོས་ལ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་ལ་དམ་པོར་དམིགས་ཏེ་དམངས་ཕན་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་རྒྱུན་མཐུད་ངང་སྟོབས་ཆེར་གཏོང་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས་ལ། ཞིང་འབྲེལ་ཞིང་ཁྲིད་ཞིང་ཕྱུག་གི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་ཤེས་དཔལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་གནས་ཡུལ་དང་འཚམ་པ། ཡུལ་སྲོལ་དཔལ་ཡོན། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས།
སྒྲོག་འགྲེལ་མ་བྱས་སྔོན། ཀྲུའུ་ཀི་ཡུས་ཅེ་ཞ་ཧྲན་སྡེ་བའི་བྱ་གསོ་ར་བར་སོང་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། ཚང་མར་གྲོང་གསེབ་ཀྱི་ཐོན་ལས་སྟོབས་ཆེར་བཏང་ནས། “ཐོན་ལས་དར་རྒྱས”ལ་བརྟེན་ནས“སྡེ་མི་ཕྱུག་པོར་འགྱུར་བར”སྐུལ་ཁྲིད་བྱེད་དགོས་པའི་སྐུལ་མ་བཏང་།
ཝུའུ་ལ་ཙི་པེ་ཁི·རེ་སུའུ་ལི་ཧན་བཞུགས་མོལ་ལ་ཞུགས།