ཟླ11པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཕྱིར་སྡོད་རང་མིའི་ལས་དོན་གྲོས་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཀོ་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱིར་སྡོད་རང་མིའི་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། དུས་རབས་གསར་བའི་ཕྱིར་སྡོད་རང་མིའི་ལས་དོན་གྱི་གཙོ་ཐིག་དང་ཁ་ཕྱོགས། བྱེད་སྟངས་དང་བྱེད་ཐབས་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ཕྱོགས་སོ་སོའི་བརྩོན་སེམས་ཆེ་རུ་སྐྱེད་དེ། བྱ་བའི་སྒྲིལ་ཤུགས་གྲུབ་པར་བྱེད་དགོས། ཕྱིར་སྡོད་རང་མིའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་གོ་སྐབས་གསར་པ་དང་འགྲན་སློང་གསར་པར་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱེད་དགོས་ལ། ཕྱིར་སྡོད་རང་མིའི་སེམས་ཤུགས་དང་བློ་གྲོས་གཅིག་ཏུ་བསྡུ་བར་དམིགས་ཏེ། རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤྱི་འདོམས་ལ་ཤུགས་བསྣན་ནས། ཕྱི་རྒྱལ་གྱི་རྒྱལ་གཅེས་སྟོབས་ཤུགས་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་དགོས། ས་གནས་སོ་སོའི་ཕྱིར་སྡོད་རང་མི་དང་འབྲེལ་བའི་སྡེ་ཁག་སོ་སོས་“འཐབ་ཕྱོགས་གཅིག་གྱུར་ཆེན་པོ་”དང་“ཕྱིར་སྡོད་རང་མིའི་ལས་དོན་ཆེན་པོ་”ཡི་འདུ་ཤེས་བརྟན་པོ་ཆགས་པ་དང་། མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་གཡུལ་ས་སྟོབས་ལྡན་དུ་གཏོང་བ། ཐོན་ཁུངས་སྡེབ་སྒྲིག་བྱེད་པའི་སྟེང་ཤུགས་བཏོན་ནས། མི་རབས་གསར་པའི་ཕྱིར་སྡོད་རང་མིའི་ལས་རིགས་ཀྱི་སྟོབས་ཤུགས་གསར་པ་གསོ་སྐྱོང་བྱ་རྒྱུར་དོ་སྣང་བྱེད་པ་དང་། ཕྱིར་སྡོད་རང་མིའི་སྟོབས་ཤུགས་འདོན་སྤེལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་དགོས། ཕྱིར་སྡོད་རང་མིར་ཞབས་འདེགས་ཞུ་བའི་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་། ཕྱིར་སྡོད་རང་མིར་ཞབས་འདེགས་ཞུ་བའི་ཆུ་ཚད་མཐོ་རུ་གཏོང་བ། ཕྱིར་སྡོད་རང་མིའི་ལས་དོན་ཐད་ཀྱི་ལས་བྱེད་པའི་སྲིད་ཇུས་གསོ་སྦྱོང་ལ་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་ཕྱིར་སྡོད་རང་མིའི་ལས་དོན་གྱི་སྤུས་འདེགས་ཕན་སྐྱེད་ལ་སྐུལ་འདེད་གཏོང་དགོས།