ཏང་དང་མི་དམངས་ཀྱི་ཆེད་དུ་གཞི་རིམ་གྱི“མགྲིན་ཚབ་པ”ལེགས་པར་འདེམ་དགོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར།

རིམ་པ་སོ་སོའི་ཏང་གི་འཐུས་མི་ཚོགས་ཆེན་ཡག་པོར་འཚོག་རྒྱུ་ནི་གཞི་རིམ་ཏང་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། ས་ཁོངས་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ལ་འབྲེལ་བ་ཡོད། ཏང་གི་འཐུས་མི་འདེམས་པའི་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་དང་། གཞི་རིམ་གྱི“མགྲིན་ཚབ་པ”ལེགས་འདེམ་ཧྲག་སྒྲིག་བྱ་རྒྱུ་ནི་རིམ་པ་སོ་སོའི་ཏང་གི་འཐུས་མི་ཚོགས་ཆེན་བདེ་བླག་ངང་འཚོགས་པའི་འགག་རྩའི་འགན་ལེན་ཡིན་ལ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས“གཏན་འཁེལ་གཉིས”ལ་བརྩི་བཀུར་དང་། “སྲུང་སྐྱོང་གཉིས”ལེགས་པོར་བསྒྲུབ་ཐུབ་པའི་གཞི་རྩའི་ལག་ལེན་ཡང་ཡིན།

ཐོག་མའི་བསམ་འདུན་ལ་དམིགས་ནས“ཆབ་སྲིད་ལ་བལྟ”དགོས། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དེ་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་དང་རྩོད་སྒྲུབ་གཅིག་གྱུར་ཡོང་བ་དང་མཉམ་འདྲེས་ཕན་ལྡན་ཡོང་བ་ནི་ཏང་གི་འཐུས་མི་འདེམས་པའི་བྱ་བའི་ཐད་ངེས་པར་དུ་བརྩི་སྲུང་ནན་པོ་བྱེད་དགོས་པའི་ལྟེ་བའི་ཚད་གཞི་ཞིག་ཡིན་པས། བླང་བྱ་འདི་གཉིས་གཞི་གཅིག་དང་འབྲེལ་མཐུད་ཐུབ་པ་དང་གཅིག་ཀྱང་ཆད་མི་རུང་། ཏང་གི་འཐུས་མི་འདེམས་པར་ཆབ་སྲིད་རང་བཞིན་གསལ་པོ་དང་། གོ་རིམ་རང་བཞིན་ནན་མོ།རྒྱ་ཁྱབ་ཀྱི་མང་ཚོགས་རང་བཞིན་བཅས་ལྡན་པས། ངེས་པར་དུ་ཆབ་སྲིད་ཀྱི་ཚད་གཞི་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་པ་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། “འདུ་ཤེས་བཞི”ཇེ་དྲག་དང་། “རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”ཀྱི་ལྟེ་བའི་བླང་བྱ་ཕྱོགས་ཡོངས་དང་ཕྱོགས་མང་པོའི་སྒོ་ནས་འོས་མིའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཏང་གཤིས་བློ་སྦྱོང་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བར་ཞིབ་འཇུག་བརྡར་གཅོད་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་འགག་སྒོ་ནན་སྲུང་དང་རྨང་གཞི་གཙིགས་འཛིན་བྱེད་དགོས། དུས་མཚུངས་སུ་ཏང་ཡོན་གྱི་བྱེད་པོའི་གནས་བབ་ལ་བརྩི་འཇོག་གང་ལེགས་བྱེད་པ་དང་། ཏང་ཡོན་ཞུགས་པའི་ཐབས་ལམ་ཤར་གཏོང་བྱེད་པ། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ཞུགས་རྒྱུ་ཡོངས་སུ་ཁྱབ་པ་བཅས་བྱས་ཏེ་འདེམས་པའི་བརྒྱུད་རིམ་ནང་ཏང་ཡོན་གྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་གཞི་རིམ་གྱི་དོན་དངོས་དང་མཐུན་པར་བྱས་ཏེ་འདེམས་པའི་བྱ་བར་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་དམངས་ལ་བརྩེ་སེམས་ཟབ་མོ་ལྡན་པར་བྱེད་དགོས།

ལས་ཡུལ་དང་པོར་གཞི་བཙུགས་ནས“གྲུབ་འབྲས་དངོས་ལ་བལྟ”དགོས། ཏང་གི་འཐུས་མི་ནི་རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ཀྱི་སྔོན་ཐོན་ཚད་ཤིང་ཡིན་པ་དང་། མཁས་པ་དང་ནུས་པ་ཅན་འདེམས་པའི་སྲོག་ཤིང་ནི་འགན་འཁྲི་འཁུར་བ་དང་། བྱ་སྤྱོད་དངོས་སྒྲུབ་བྱ་རྒྱུ་དེ་ཡིན་པས། གོ་གནས་ཀྱི་རིམ་པ་གླེང་བ་དང་། བསླབ་པ་ལེགས་སྒྲིག གོ་གནས་ལ་ལྟ་བ་བཅས་ཀྱི་ཁྲིད་ཕྱོགས་མཐའ་གཅིག་ཏུ་དོར་རྒྱུ་དེ་ཡིན། དུས་རབས་གསར་པའི་ཏང་གི་འཐུས་མི་འདེམས་པར་ངེས་པར་དུ་སྲོལ་རྒྱུན་གྱི་འོས་མི་འདེམས་པའི་བཀག་རྒྱ་གཏོར་བ་དང་། “ལྔ་བཅོ་ལྔའི”འཕེལ་རྒྱས་བཀོད་སྒྲིག་ལ་དམ་པོར་དམིགས་ནས། གཞི་རིམ་བཅོས་སྐྱོང་དང་། ཐོན་ལས་རིམ་སྤོར།གྲོང་གསེབ་དར་སྤེལ། དམངས་འཚོའི་ཞབས་ཞུ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་འདེམ་སྒྲུག་གི་གཙོ་གནད་ཇེ་ཟབ་ཏུ་བཏང་ནས་མི་སྣ་འདེམ་རྒྱུའི་མཐོང་རྒྱ་ཆེ་རུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་དོན་ལ་བརྟེན་ནས་མི་ལ་རྟོག་ཞིབ་དང་། དོན་གྱི་གཤིས་ལུགས་བརྒྱུད་ནས་མི་ལ་རྒྱུས་ལོན་བྱེད་པ། གྲུབ་འབྲས་ལ་བརྟེན་ནས་མི་སྡུད་ལེན་བཅས་རྒྱུན་འཁྱོངས་བྱས་ཏེ་རྣམ་པ་ཅན་དང་གཅིག་དཔེ་བརྒྱ་འགེབས་ཀྱི་མི་འདེམས་སྟངས་གཏན་འགོག་བྱེད་པ་དང་། འོས་མིའི་འགན་འཁྲི་སྒྲུབ་པའི་ཕན་འབྲས་དང་། བསམ་བློ་ཀུན་སྤྱོད། སྤྱོད་གཙང་སྤྱོད་ཚུལ། མང་ཚོགས་ཀྱི་བསྔགས་བརྗོད་བཅས་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིག་བཏང་སྟེ། རིམ་པ་བཞིན་ལེགས་འདེམས་དང་འཐུས་མིའི་དཔུང་ཁག་གི་གྲུབ་ཆ་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ནས། ཐོན་སྐྱེད་དང་ལས་ཀའི་འཐབ་ས་དང་པོའི་འཐུས་མིས་བསྡུར་ཚད་འཛིན་རྒྱུ་འགན་ལེན་བྱེད་པ་དང་། ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་སྔོན་ཐོན་ཏང་ཡོན་རྒྱ་ཁྱབ་ཏུ་སྡུད་ལེན་བྱས་ཏེ། འཐབ་ས་དང་པོར་ལས་དོན་ཞིབ་ཏུ་གཉེར་བ་དང་། དངོས་སྒྲུབ་འགན་འཁུར་བ།མང་ཚོགས་ལ་སེམས་པ་འཆང་བ་བཅས་ཀྱི་རྐང་འཛིན་སྟོབས་ཤུགས་ཀྱིས་ལས་སྟེགས་ཐོག་ལངས་ནས་གཞི་རིམ་གྱི་སྐད་ཆ་འདོན་པའི་འཐུས་མི་ཡག་པོ་ཞིག་བྱེད་དགོས།

མཐའ་ཐིག་དམ་སྲུང་བྱས་ནས“སྒྲིག་ལམ་ལ་བལྟ”དགོས། གོ་རིམ་ཚད་ལྡན་དུ་གཏོང་རྒྱུ་ནི་དམངས་གཙོའི་སྤུས་ཚད་དང་ཕན་འབྲས་འགན་ལེན་བྱེད་པའི་རྨང་གཞི་ཡིན་པ་དང་། སྒྲིག་ཁྲིམས་ནན་འཛིན་ནི་འདེམས་བསྐོའི་སྤུས་ཚད་བརྟན་པོ་བཟོ་བའི་རྩ་བ་ཡིན། ཏང་གི་འཐུས་མི་འདེམས་བསྐོའི་གོ་རིམ་གཟབ་ནན་དང་། ཚད་གཞི་ནན་མོ། སྤྱི་ཚོགས་ཐོག་དོ་ཁུར་བྱེད་ཚད་མཐོ་བ་བཅས་ཀྱི་ཐོག་ནས་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་གིས་ངེས་པར་དུ་ཚོད་འཛིན་ནན་མོ་དང་དོན་འཁྱོལ་ཞིབ་ཚགས་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས“འོག་ནས་གོང་དང་། གོང་འོག་ཟུང་འབྲེལ།ཡང་ཡང་ནང་མོལ། རིམ་བཞིན་འདེམས་སྒྲིག”བཅས་ཀྱི་ལས་ཀའི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ཏེ། འོས་སྦྱོར་མིང་འདོན་དང་། ཆད་གྲངས་རྟོག་ཞིབ། ཡོངས་བསྒྲགས་ལྟ་སྐུལ། ཚོགས་འདུ་འདེམས་བསྐོ་སོགས་ཁྲིམས་བཀོད་བརྒྱུད་རིམ་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་པ་དང་། ལས་ཀའི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། རིམ་པའི་འགན་འཁྲི་ནན་དུ་གཏོང་བ། སློབ་གསོ་དམིགས་སུ་འཛིན་པ་དང་། ཉེན་བརྡ་སྔོན་ལ་གཏོང་བ། སྔོན་འགོག་སྔོན་ལ་བྱེད་པ་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། འདེམས་བསྐོའི་སྒྲིག་ཁྲིམས་ཉེན་ཟོན་སློབ་གསོ་རྒྱུན་རྣམ་ཅན་དུ་སྤེལ་བ་དང་། འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཚད་ལྡན་འདེམས་པའི་བྱ་བའི་སྒྲིག་ལམ་ནན་མོ་དང་ཚད་ལྡན་འདེམས་སྒྲུག་གི་ཆབ་སྲིད་སྐྱེ་ཁམས་བཟང་པོ་གསོ་སྐྱོང་བྱས་ནས། ཏང་གི་འཐུས་མི་འདེམས་པའི་བྱ་བའི་སྒྲིག་སྲོལ་ལྟར་གོ་རིམ་ལྡན་པ་དང་། སྤུས་ཚད་མཐོ་ཞིང་ལས་ཆོད་ཆེ་བའི་ངང་དོན་འཁྱོལ་བྱེད་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།