《མཚོ་སྔོན་ཞིང་ཆེན་གྱི་བརླན་ས་སྲུང་སྐྱོབ་སྲོལ་ཡིག》ཟླ11པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

གཞན་གཟུགས།   ཟླ10ཚེས29ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིང་གིས《མཚོ་སྔོན་ཞིང་ཆེན་གྱི་བརླན་ས་སྲུང་སྐྱོང་སྲོལ་ཡིག》གི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཚོགས་ནས་སྲོལ་ཡིག་གི་ཁྲིམས་འཛུགས་རྒྱབ་ལྗོངས་དང་། ཁྲིམས་འཛུགས་བརྒྱུད་རིམ། ནང་དོན་གཙོ་བོ། ཐག་གཅོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནང་དོན་གཙོ་བོ་དང་རྗེས་མར་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་ཕྱོགས་དང་བྱེད་ཐབས་ངོ་སྤྲོད་བྱས།

གཞན་གཟུགས།   མཚོ་སྔོན་གྱི་བརླན་སའི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་ཁྱབ་རྒྱ་ཆེ་ལ ། བརླན་སའི་རྩྭ་ཐང་དང་། འདམ་སོལ་བརླན་ས། མཚེའུ་དང་གཙང་པོ་སོགས་བརླན་སས་ཆུ་ཁུངས་གསོ་བ་དང་།   གནམ་གཤིས་སྙོམ་སྒྲིག་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འགན་སྲུང་བྱེད་པ་བཅས་ཀྱི་ཐད་ཚབ་བྱེད་མི་ཐུབ་པའི་གནད་འགག་གི་ནུས་པ་འདོན་བཞིན་ཡོད།

གཞན་གཟུགས།  《མཚོ་སྔོན་ཞིང་ཆེན་གྱི་བརླན་ས་སྲུང་སྐྱོང་སྲོལ་ཡིག》དེ2026ལོའི་ཟླ11པའི་ཚེས1ཉིན་དངོས་སུ་ལག་བསྟར་བྱས་པ་ཡིན་ལ། བཟོ་བཅོས་བརྒྱབ་རྗེས་ཀྱི་སྲོལ་ཡིག་ལ་ཁྱོན་བསྡོམས་ལེའུ་བདུན་དང་དོན་ཚན་ཞེ་དགུ་ཡོད།   གཙོ་བོ་འགན་དབང་དབྱེ་མཚམས་གསལ་པོ་བཟོ་བ་དང་ཕྱོགས་ཁག་གི་འདམ་ར་སྲུང་སྐྱོབ་ཀྱི་འགན་འཁྲི་ནན་དུ་གཏོང་བ། དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས་བརླན་སའི་ཐོན་ཁུངས་བཀོད་སྒྲིག་ཚད་ལྡན་དུ་གཏོང་བ། སྲུང་སྐྱོབ་དང་བེད་སྤྱོད་སྤྱི་འདོམས་བྱས་ནས་སྐྱེ་ཁམས་བདེ་འཇགས་དང་དམངས་འཚོ་འཕེལ་རྒྱས་ལ་ལྟ་རྟོག་བྱེད་པ། མ་ལག་ཚང་བའི་ལྟ་བ་རྒྱུན་འཁྱོངས་སྒོས་ཚན་རིག་དང་མཐུན་པའི་བརླན་ས་ཉམས་གསོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ།   ལྟ་སྐུལ་ཆད་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ།   ཁྲིམས་སྲོལ་གྱི་འགྱུར་མེད་གཅུན་ནུས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་གཏན་འབེབས་བྱས་ཡོད།

གཞན་གཟུགས།   《མཚོ་སྔོན་ཞིང་ཆེན་གྱི་བརླན་ས་སྲུང་སྐྱོང་སྲོལ་ཡིག》གིས་ཕྱོགས་ལྔའི་ཐད་ཀྱི་གནད་དོན་གཙོ་བོ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་ཏེ།   ཕྱོགས་ཡོངས་ནས་གོང་གནས་བཅའ་ཁྲིམས་དང་།    བརླན་ས་སྲུང་སྐྱོབ་ཀྱི་ཁྲིམས་སྐྱོང་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ།   འགན་འཁྲི་ཁག་བགོས་ཁ་གསལ་བཟོས་ནས་མཉམ་དུ་བཅོས་སྐྱོང་བྱེད་པའི་བརླན་ས་སྲུང་སྐྱོབ་ཀྱི་རྣམ་པ་ཞིག་གཏོད་དགོས་པ་དང་།   བརླན་ས་བདེ་སྤྱོད་ཚོད་འཛིན་ནན་མོ་བྱས་ཏེ་བརླན་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་ཐིག་ནན་སྲུང་བྱེད་དགོས།  བརྒྱུད་རིམ་ལྡན་པའི་ངང་ཉམས་གསོ་བྱ་རྒྱུ་རྒྱུན་འཁྱོངས་སྒོས་ཚན་རིག་དང་མཐུན་པའི་སྒོ་ནས་བརླན་སའི་སྐྱེ་ཁམས་ནུས་པ་ཆེ་རུ་གཏོང་དགོས།   སྤྱི་འདོམས་སྲུང་སྐྱོབ་དང་བེད་སྤྱོད་བྱས་ནས་བརླན་སའི་སྐྱེ་ཁམས་རིན་ཐང་མངོན་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས།

བཅར་ལན།    མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཏང་ཙུའི་ཁོངས་མི།  ཅུས་ཀྲང་གཞོན་པ།    田剑 ཐེན་ཅན།

ང་ཚོས《སྲོལ་ཡིག》ལག་བསྟར་བྱ་རྒྱུ་དེ་འགོ་འཛུགས་ས་གསར་པར་བཟུང་ནས།   སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་ཐིག་ནན་སྲུང་དང་། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་བརླིང་རང་བཞིན་ཇེ་མཐོར་གཏོང་བར་ཤུགས་རྒྱག་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བཅས་བྱ་དགོས། བརླན་སའི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྱུར་བར་རང་བྱུང་སླར་གསོ་གཙོ་བོར་འཛིན་པ་དང་མི་ཐབས་ཀྱིས་ཐེ་གཏོགས་བྱེད་པ་རམ་འདེགས་སུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པར་ཉམས་གསོ་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལྟར། བརླན་ས་སྲུང་སྐྱོབ་ལམ་ལུགས་ནན་མོ་དེ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་ནས་ཞིང་ཆེན་ཡོངས་ཀྱི་བརླན་ས་སྲུང་སྐྱོབ་བྱ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།