རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པ་པེ་ཅིང་དུ་ཚོགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཚེས2ཉིན་གྱི་སྔ་དྲོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ཚོགས་ཤིང་།   ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་འགོ་འཛིན་མཛད།

ཚོགས་འདུའི་ཐོག་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཧོང་མུན་གྱིས་ཕུལ་བའི་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུར་ཉན།

ཚོགས་འདུའི་ཐོག་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཀྲོའུ་ཀོང་ཆོན་གྱིས་ཕུལ་བའི་ལྷོ་སྣེའི་བྱེད་སྒོ་དང་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུར་ཉན།

ཚོགས་འདུའི་ཐོག་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཚུང་པིན་གྱིས་ཕུལ་བའི་ཆུའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུར་ཉན།

ཚོགས་འདུའི་ཐོག་ཀྲོའུ་ཀོང་ཆོན་གྱིས་ཕུལ་བའི་རྒྱལ་ཁོངས་བརྒལ་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུར་ཉན།

ཚོགས་འདུའི་ཐོག་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཝང་ཧུང་ཞང་གིས་ཕུལ་བའི་རྒྱལ་དབང་རྒྱུ་ནོར་བཅའ་ཁྲིམས་འཆར་ཟིན་བཟོ་བཅོས་བྱས་པའི་སྐོར་གྱི་སྙན་ཞུར་ཉན།

ཚོགས་འདུའི་ཐོག་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཞིན་ཁྲོན་དབྱིན་གྱིས་ཕུལ་བའི་དངུལ་རྩའི་བཅའ་ཁྲིམས་འཆར་ཟིན་བཟོ་བཅོས་བྱས་པའི་སྐོར་གྱི་སྙན་ཞུར་ཉན།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཚོགས་འདུའི་ཐོག་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྲོས་ཞིབ་ཏུ་ཕུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན།  ཨུ་ཡོན་ཀྲང་ཚོགས་འདུའི་བཀའ་མངགས་ལྟར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲེན་ཁྲོན་ཡའོ་ཡིས་གསལ་བཤད་བྱས།

རྒྱལ་ཡོངས་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གིས་བསྐྱར་འབྱུང་ནུས་ཁུངས་ཀྱི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྲོས་ཞིབ་ཏུ་ཕུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན།  རྒྱལ་ཡོངས་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཨུ་པའོ་ཕིང་གིས་གསལ་བཤད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲལ་བསྡུ་དོ་དམ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྲོས་ཞིབ་ཏུ་ཕུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ ཧུའུ་ཅིན་ལིན་གྱིས་གསལ་བཤད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་ཁ་གཏད་འཇལ་བའི་བཅའ་ཁྲིམས་སོགས་བཅའ་ཁྲིམས15ཡི་བཟོ་བཅོས་འཆར་ཟིན་གྲོས་ཞིབ་ཏུ་ཕུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར་ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་ཧི་རུང་གིས་གསལ་བཤད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར།   ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྭ་ཁྲོན་དབྱིན་གྱིས《འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་འཛུགས་རྒྱུའི་སྐོར་གྱི་གྲོས་ཆོད》གྲོས་ཞིབ་ལ་ཆོག་མཆན་ཞུ་རྒྱུ་གྲོས་ཞིབ་ཏུ་ཕུལ་རྒྱུའི་སྐོར་གྱི་གྲོས་གཞིར་གསལ་བཤད་བྱས།

ཚོགས་འདུའི་ཐོག་རྒྱལ་ཡོངས་དམངས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་དབྱང་ཞའོ་ཁྲའོ་དང་།  ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ཀྲུང་ཧྲན། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ལུའུ་ཞིན་ཧྲི།   ཞིང་ལས་དང་ཞིང་སྡེ་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ཏུའུ་ཅ་ཧའོ།  སྤྱི་ཚོགས་འཛུགས་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་དབྱང་ཀྲེན་ཝུའུ་བཅས་ཀྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པར་གྲོས་ཞིབ་ཏུ་ཕུལ་བའི་འཐུས་མིས་བཏོན་པའི་གྲོས་གཞིར་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུར་ཉན།

ཚོགས་འདུའི་ཐོག་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དབྱང་ཞའོ་ཁྲའོ་ཡིས་ཕུལ་བའི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་ཉན།

ཚོགས་འདུ་ལས་འབྲེལ་ཡོད་བསྐོ་འཐེན་གྱོད་དོན་ལ་གྲོས་ཞིབ་བྱས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།