《མི་དམངས་ཉིན་རེའི་ཚགས་པར》སྟེང་དཔྱད་བརྗོད་པའི་རྩོམ་ཡིག་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

《མི་དམངས་ཉིན་རེའི་ཚགས་པར》སྟེང་གཟབ་ནན་གྱི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱས་ནས་ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སློང་བྱེད་པ་སྟེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱ་རྒྱུའི་སྐོར་གླེང་བ་ཞེས་པའི་དཔྱད་བརྗོད་པའི་རྩོམ་ཡིག་སྤེལ། 

རང་གཟུགས། 

ཚེས་གཉིས་ཉིན་པར་དུ་བསྐྲུན་པའི《མི་དམངས་ཉིན་རེའི་ཚགས་པར》སྟེང་གཟབ་ནན་གྱི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱས་ནས་ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སློང་བྱེད་པ་སྟེ།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱ་རྒྱུའི་སྐོར་གླེང་བ་ཞེས་པའི་དཔྱད་བརྗོད་པའི་རྩོམ་ཡིག་སྤེལ།

རྩོམ་ཡིག་ནང་བསྟན་དོན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགག་རྩ་ནི་ནན་སྐྱོང་ཡིན་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་ངེས་པར་དུ་ལག་བསྟར་དོན་འཁྱོལ་དང་ནན་སྐྱོང་མཐར་ཐུག་བྱེད་པར་སྐུལ་འདེད་གཏོང་དགོས།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བར་འཐབ་ཇུས་བཀོད་སྒྲིག་བྱས་ཤིང་། ཕྱོགས་ཡོངས་ནས་ནན་པོར་སྐྱོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ”དེ་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་རྩ་དོན་གལ་ཆེན་གྱི་གྲས་ཤིག་ཏུ་བརྩིས་ནས།  རྩ་བའི་གཞི་གདངས་ལ་གཡོ་འགུལ་མི་གཏོང་བ”དང་། “ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སློང་གང་ལེགས་བྱེད་དགོས”ཞེས་ནན་བཤད་བྱས་ཡོད། དེ་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་སྤེལ་དང་ཏང་སྟོབས་ལྡན་བཅས་ཀྱི་ཏང་ནང་ཁུལ་གྱི་ཆོས་ཉིད་ཁོང་དུ་ཆུད་པ་མཚོན་པར་མ་ཟད། ང་ཚོའི་ཏང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་ཏིང་ཟབ་ས་ནས་སྐུལ་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་པའི་ཆོས་སེམས་མངོན་ཡོད། 

ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་ནམ་ཡང་ལམ་དུ་ཡོད། དོ་དམ་དང་ལྟ་སྐུལ་ལ་གཟབ་ནན་བྱེད་པ་དང་འགན་འཁྲི་འཁུར་བར་བསྔགས་སྐུལ་བྱ་རྒྱུ་དེ་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ། དོ་དམ་དང་གཟབ་ནན་དངོས་འབེབས་དང་། དོ་དམ་དང་གཟབ་ནན་བྱེད་ཕོད་པ། ཡུན་རིང་དོ་དམ་དང་ཡུན་རིང་གཟབ་ནན་བཅས་བྱས་ན་འགོ་ཁྲིད་ཀྱི་སྟོབས་ཤུགས་སྔར་ལས་སྟོབས་ལྡན་དུ་འགྱུར་ངེས་ལ། སྔར་ལས་རྒྱ་ཆེ་བའི་འབད་འཐབ་སྟོབས་ཤུགས་གོང་བུ་གཅིག་སྒྲིལ་བྱེད་ཐུབ།

ང་ཚོའི་ཏང་ནི་འཛམ་གླིང་སྟེང་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཆེ་ཤོས་ཡིན། དོ་དམ་དང་བཅོས་སྐྱོང་ནན་མོ་བྱས་ཚེ། ད་གཟོད་ཏང་ཆེན་པོར་ལྡན་དགོས་པའི་ཉམས་འགྱུར་རྒྱུན་འཁྱོངས་བྱས་ཏེ། རང་རེའི་ཏང་འདི་ཉིད་སྔར་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་བྱེད་ཐུབ། ཏང་ཡོངས་ཀྱིས་བསམ་སྦྱོར་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱས་ནས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ། རྒྱུན་ཆད་མེད་པར་ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བཅོས། རང་ངོས་མཐོར་འདེགས་བཅས་མངོན་འགྱུར་བྱས་ཏེ་ཏང་གི་འགན་འཁྲི་དང་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་འགྲུབ་བྱེད་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།