ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་མཚོ་སྔོན་གྱི་ལས་བྱེད་པས་དོ་སྣང་ཆེན་པོ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་ཏང་འཛུགས་སྐྱོང་བྱེད་པར་འཕྲད་པའི་གནས་བབ་གསར་པ་དང་ལས་འགན་གསར་པ། འགྲན་སློང་གསར་པ་བཅས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ།  ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་སྒོས་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་བྱས།   བསྟུད་མར་ཉིན་ཤས་རིང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། ཚང་མས་ངེས་པ་དོན་གྱིས་བསམ་སྦྱོར་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་བྱས་ཏེ། ནམ་ཡང་རིག་པ་གསལ་བ་དང་བློ་རྩ་བརྟན་པ། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བྱ་བ་སོ་སོ་དོན་འཁྱོལ་བྱ་རྒྱུའི་བསམ་པ་བསྟན། 

ཚང་མས་བལྟས་ན། ཚང་འཛོམས་གྲོས་ཚོགས་ལས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་རླབས་ཆེན་གྲུབ་འབྲས་དང་ཉམས་མྱོང་གལ་ཆེན་ཕྱོགས་སྡོམ་བྱས་ཏེ།  ང་ཚོ་ཏང་གིས་རང་ངོས་འཛུགས་སྐྱོང་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བའི་ཚད་མཐོའི་རང་རྟོགས་གང་ལེགས་སྒོས་མཚོན་ཡོད་པར་འདོད། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་《ཀྲུང་གུང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་སྒོས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན》ལས།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་རྒྱས་དང་ཏང་སྟོབས་ལྡན་བཅས་གཏོང་བའི་འགན་འཁྲི་འཁུར་སེམས་གཏིང་ཟབ་སྒོས་མཚོན་ཡོད། ཚང་མས་རྒྱང་སྐྱོད་ཀྱི་འཐབ་ལམ་གསར་བ་རུ། ནམ་ཡང་ལམ་དུ་ཡོད་པའི་བློ་བརྟན་འགྱུར་མེད་དང་སྙིང་རུས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་པར་རྒྱུན་འཁྱོངས་ལྷོད་མེད་སྒོས་སྐུལ་འདེད་གཏང་རྒྱུའི་བསྟན།

མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ཡིག་བསྐུར་ངོ་གཏུག་ཁང་གི་ཀྲུའུ་རེན་གཞོན་པ་ཧྥོ་ཡུས་ཕིང་གིས་བཤད་རྒྱུར། གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཀྲུང་གུང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་སྒོས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན》ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་བཟོ་སྐྲུན་རླབས་ཆེན་གསར་པར་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཡིག་སྐུར་ངོ་གཏུག་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཐད་མིག་དཔེ་སྟོན་དགོས་པ་མ་ཟད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཁྲོད་ཀྱི་ཡིག་སྐུར་ངོ་གཏུག་ཐེར་འདོན་གྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་།  ནུས་ཤུགས་ཡོད་རྒུས་སྒོ་ཁར་སྐྱེལ་བའི་མང་ཚོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་ཏེ། ཁྱོན་ཡོངས་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བར་སྟོབས་ཤུགས་འབུལ་རྒྱུ་ཡིན།

མཚོ་ནུབ་ཁུལ་སློབ་གསོ་ཅུས་ཏང་ཙུའུ་ཡི་ཁོངས་མི། ཅུས་ཀྲང་གཞོན་པ་ཝང་ཁྲེང་ཅུས་ཀྱིས་བཤད་རྒྱུར།   ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་དེང་ཕྱིན་གྱི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས།  ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་བརྟན་སྲུང་སྒོས་ཏང་གི་ཁྱོན་ཡོངས་འགོ་ཁྲིད་དེ་སློབ་གཉེར་སློབ་སྐྱོང་དང་དཔེ་ཁྲིད་ལ་བརྟེན་ནས་མི་གཞི་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་སློབ་གསོ་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་མ་ཟད། ནུས་ཤུགས་ཡོད་རྒུས་མི་དམངས་ཡིད་ཚིམ་པའི་སློབ་གསོའི་བྱ་བ་ལེགས་པོར་བསྒྲུབ་དགོས། 

མཚོ་བྱང་ཁུལ་མིན་ཡོན་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཁོངས་མི།  ཞིབ་དཔྱོད་གཞོན་པ་ཏུང་ཝེ་ཞིའུ་གིས་བཤད་རྒྱུར།   བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་ནུས་ལ་རྐང་ཚུགས་ཏེ།  “ཞིབ་དཔྱོད་ཆེན་པོ་བཞི”གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་ཞིང་ཕན་འབྲས་མཐོ་བའི་སྒོ་ནས་གྱོད་གཞི་རེ་རེ་ལེགས་པོར་བསྒྲུབས་པ་དང་། “གཏན་འབེབས་གསུམ”དོན་འཁྱོལ་ནན་མོ་བྱས་ནས། རང་རྟོགས་སྒོས་ལྟ་སྐུལ་དང་ལེན་དང་སྣེ་ཁྲིད་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་། ཁྲིམས་འཛིན་དྲང་གཞག་ལ་སྐུལ་འདེད་བཏང་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཞིབ་དཔྱོད་ཀྱི་ཡུལ་དངོས་དང་པོར་བརྒྱུད་སྒྲོག་བྱ་རྒྱུ་ཡིན། 

བསམ་བློ་ནི་དཔལ་འབར་དང་འདྲ་བར་འོད་སྟོང་འཕྲོ་བའི་འཐབ་ལམ་གསལ་བར་བྱེད། ཚང་མས་ཧུར་བརྩོན་རྒྱལ་སྐྱོང་དང་ཤུགས་སྐྱེད་སྟོབས་སྤེལ་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་འཐབ་ཇུས་བཀོད་སྒྲིག་དེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་བཟོ་སྐྲུན་གསར་པའི་འགུལ་སྐྱོད་དུ་བསྒྱུར་ཏེ།  ནམ་ཡང་ལམ་དུ་ཡོད་པའི་འགྱུར་མེད་འདུ་ཤེས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་གཏིང་ཟབ་ཏུ་སྤེལ་དགོས་ཤིང་།  རྒྱུགས་སྤྲོད་ཀྱི་ལམ་གསར་པའི་སྟེང་བྱས་རྗེས་གསར་པ་བཞག་ནས།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་བརྩོན་དགོས། 

མཚོ་སྔོན་ཞིང་ཆེན་དམངས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་ཉིང་གིས་བཤད་རྒྱུར།  ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་གལ་ཆེན་ཁོང་དུ་བརྟན་པོར་ཆུད་ཏེ།  གཞི་གདངས་ནན་མོ་དེ་དམངས་ཆེན་ལྟ་ཞིབ་ཁྲིམས་འཛིན་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མིའི་བྱ་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་གོ་རིམ་སོ་སོར་ཁྱབ་པར་བྱེད་དགོས། “ལས་ཁུངས་བཞིའི”གཏན་གནས་ལ་རྐང་ཚུགས་ཏེ།   ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་དམངས་ཀྱི་དོན་དུ་འགན་འཁྲི་སྒྲུབ་པ་རྒྱུན་འཁྱོངས་བྱ་དགོས་ཤིང་། ཉམས་སད་ཐེག་པའི་སྤྱོད་ཚུལ་ལ་བརྟེན་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ཏུ་བསྟར་ཏེ།    ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཕན་འབྲས་དེ་བྱ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འགུལ་སྐྱོད་དངོས་སུ་བསྒྱུར་རྒྱུ་ཡིན།

མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་དྲ་རྒྱའི་ཉོ་ཚོང་དང་གློག་རྡུལ་ཚོང་དོན་ལྟ་སྐུལ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ལིས་ཡུན་ཅན་གྱིས་བཤད་རྒྱུར།   ང་ཚོས་སྤྱོད་ཚུལ་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་དང་།  ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ནན་དུ་བཏང་ནས།   སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་དྲ་རྒྱའི་ཉོ་ཚོང་ལྟ་སྐུལ་དོ་དམ་བྱ་བ་སྒྲུབ་དགོས།   སྒྲིག་ཁྲིམས་དང་སྒྲིག་སྲོལ་ལྟར་ལྟ་སྐུལ་དོ་དམ་དང་སྤྱོད་གཙང་ལྟ་སྐུལ་དོ་དམ་བྱས་ཏེ།  ཡུལ་དངོས་དང་དྲ་ཐོག་མཉམ་འགུལ་མཐུན་སྦྱོར་བྱ་དགོས་པ་མ་ཟད། དྲ་རྒྱའི་གཉེར་སྐྱོང་སྒྲིག་ལམ་མུ་མཐུད་དུ་ཚད་ལྡན་དུ་གཏོང་བ་དང་།  ཁེ་དབང་འཛིན་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ།   སྤྱོད་གཙང་གཞུང་དྲང་དང་དྲང་གཞག་འགྲན་རྩོད་ཀྱི་དྲ་རྒྱའི་ཚོང་གཉེར་ཁོར་ཡུག་ཅིག་གཏོད་དགོས། 

​མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི།   ཅུས་ཀྲང་ལུང་ཞུའེ་ལིན་གྱིས་བཤད་རྒྱུར།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བཟང་བོ་བྱས་ཏེ། “རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས”འཛུགས་སྐྲུན་དང “རྨ་ཀླུང་རིང་མོ”ཞེས་པའི་སྐྱེ་ཁམས་ཡུལ་སྐོར་ཁུལ་འཛུགས་སྐྲུན་བྱེད་པའི་ཁྲོད། རྣམ་གྲངས་ཀྱི་མ་དངུལ་དང་དབང་ཆ་བཀོལ་སྤྱོད་ཚད་ལྡན་དུ་གཏོང་དགོས་ལ། དུས་མཚུངས་སུ་རིག་རྩལ་གྱི་རྣམ་པ་སྤྱད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲིལ་སྒྲོག་བྱས་ཏེ།  རིག་གནས་ཀྱིས་དམངས་ལ་སློབ་གསོ་གཏོང་བའི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།