དཔོན་རིགས་ནན་སྐྱོང་མཐའ་འཁྱོངས་བྱས་ཏེ། རྩ་འཛུགས་མ་ལག་སྟོབས་ལྡན་འཛུགས་དགོས།
--ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཏང་གི་ཡུན་རིང་སྲིད་སྐྱོང་གོ་གནས་སྲ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་མགོ་བརྩམས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བཀོད་པ་བྱས་བགྱིས་པ་རྒྱུད་རིམ་ལྡན་པའི་བཀོད་སྒྲིག་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་འགག་རྩ་ནི་དཔོན་རིགས་ནན་པོར་སྐྱོང་བར་ཐུག་ཡོད”དང་། “ཏང་གི་རིམ་ཁག་རྩ་འཛུགས་ནི་ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བའི་གྲུབ་ཆ་གཙོ་བོ་ཡིན”ཞེས་ནན་བཤད་བྱས་ཏེ། མི་རིགས་བསྐྱར་དར་གྱི་ལས་འགན་ལྗིད་པོ་འཁུར་ཕོད་ཅིང་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་དང་། གོང་འོག་འབྲེལ་མཐུད་ལག་བསྟར་ནུས་ལྡན་ཐུབ་པའི་རྩ་འཛུགས་མ་ལག་ནན་པོ་སྒྲིག་འཛུགས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གྲྭ་གསར་པ་རྒྱུན་ཆད་མེད་པར་མདུན་དུ་སྐུལ་འདེད་བཅས་ལ་འབད་བྱའི་ཁ་ཕྱོགས་བསྟན།
ཀྲུང་གོའི་གུང་ཁྲན་ཏང་ཐོག་མར་དབུ་བརྙེས་དུས་སུ་ཏང་ཡོན50ལྷག་ལས་མེད་ཅིང་། ཕྱིས་ཏང་ཡོན་དུང་ཕྱུར1ལྷག་ཙམ་དང་གཞི་རིམ་ཏང་རྩ་འཛུགས་ཁྲི540ལྷག་ཙམ་ལ་བསླེབས་ཡོད་པའི་འཛམ་གླིང་ཐོག་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཆེ་ཤོས་སུ་འཕེལ་ཡོད། ལོ་ངོ105ཡི་རིང་ལ། ང་ཚོའི་ཏང་གི་ཏང་ཡོན་གྱི་དཔུང་ཁག་བརྟན་པོའི་ངང་སྟོབས་ཆེར་ཕྱིན་པ་དང་། རྩ་འཛུགས་མ་ལག་ཉིན་རེ་བཞིན་དམ་དུ་ཕྱིན་ཡོད། འདི་ནི་འཛམ་གླིང་ཐོག་སྲིད་ཏང་གཞན་གང་ལ་ཡང་མེད་པའི་དགེ་མཚན་ཆེན་པོ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གི་རྩ་འཛུགས་འཛུགས་སྐྱོང་ཁྲོད་གནས་པའི་གནད་དོན་མངོན་གསལ་དོད་པོ་ལ་དམིགས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་ཏེ། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་དང་། ཏང་གི་རྩ་འཛུགས་མ་ལག་འཐུས་ཚང་། མི་སྣ་འདེམ་སྤྱོད་ཚད་གཞི་དང་ལས་ཀའི་ནང་རྐྱེན་འཐུས་ཚང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་དང་རྩ་འཛུགས་འཚོ་བའི་ལམ་ལུགས་འཐུས་ཚང་བཅས་གཏོང་བའི་ཐད་ལ་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་སྤྱད་པ་མ་ཟད། ཏང་གི་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་ཤུགས་སྣོན་དང་། ཏང་གི་སྤྱོད་ཚུལ་ལེགས་སྐྱོང་ལ་ཤུགས་སྣོན། ཏང་གི་སྒྲིག་ཁྲིམས་ནན་འཛིན་བཅས་རུལ་སུངས་ལ་ངོ་རྒོལ་ཀྱི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་འབྲེལ་ནས་གསར་བརྗེའི་རང་བཞིན་ལྡན་པའི་རྡུང་བཟོ་ཁྲོད་ཏང་ལ་སྔར་ལས་སྟོབས་དང་ལྡན་ཞིང་གསོན་ཤུགས་རྒྱས་པར་སྐུལ་འདེད་བཏང་། ལག་ལེན་གྱི་ཁྲོད་ནས་རྟགས་མཚན་ཁྱད་པ་ཞིག་མངོན་བྱུང་བ་ནི། བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཆེན་པོ་ཞིག་འཛུགས་སྐྱོང་བྱས་ཏེ། ཏང་གི་རྩ་འཛུགས་མ་ལག་གི་དགེ་མཚན་ཆེན་པོ་འདོན་སྤེལ་གང་ལེགས་བྱས་ན། ད་གཟོད་དཀའ་ཚེགས་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་པའི་སྟོབས་ཤུགས་ཆེན་པོ་ཞིག་ལྡན་ཐུབ་པ་དེ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་གིས་ཏང་དོ་དམ་བྱེད་ན། ཐོག་མར་ལས་བྱེད་པར་དོ་དམ་ཡག་པོ་བྱེད་དགོས་པ་དང་། ཏང་ནན་པོར་སྐྱོང་དགོས་ན། འགག་རྩ་ནི་དཔོན་རིགས་ནན་པོར་སྐྱོང་བར་ཐུག་ཡོད”ཅེས་གཏིང་ཟབ་མོས་བསྟན་ཡོད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ་ལ་ཡང་ངེས་པར་དུ་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ལས་བྱེད་གསོ་སྐྱོང་དང་། གདམ་གསེས་བསྐོ་སྤྱོད། ལྟ་སྐུལ་དོ་དམ་བཅས་ནན་མོར་བཟོས་ནས་ཆབ་སྲིད་ཀྱི་ནུས་པ་ཐེག་ཐུབ་པ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་བཟང་བ། སྒྲིག་ཁྲིམས་ནན་པོ་སྲུང་བའི་ ལས་བྱེད་པ་བྱང་ཚད་མཐོ་ཤོས་ཅན་གྱི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས།
མཁས་པ་གཅིག་གིས་མཁས་བརྒྱ་ཚོགས་བཞིན་འདྲེན། མཁས་པ་མཁས་པའི་གྲལ་ན་མཛེས་པས་རྒྱན། ཞེས་གསུངས་པ་ལྟར་ལས་བྱེད་ལ་ཡར་སྐུལ་བྱེད་སྟངས་ལེགས་ཤོས་ནི་མི་བེད་སྤྱོད་ལ་ཁྲིད་སྟོན་ཡང་དག་པ་བྱ་རྒྱུ་དེ་ཡིན་ཞིང་། མི་ཞིག་བེད་སྤྱོད་ཡག་པོ་བྱས་ན་མི་མང་པོ་ཞིག་ལ་སྐུལ་ལྕག་གཏོང་ཐུབ་པས། མི་བཀོལ་སྤྱོད་ལ་ཁྲིད་སྟོན་ཡང་དག་དང་ཚན་རིག་དང་མཐུན་པའི་སྒོ་ནས་འདེམས་སྤྱོད་གནད་ལ་འཁེལ་བ་རྒྱུན་འཁྱོངས་བྱས་ཏེ། ལྷག་བསམ་རྣམ་པར་དག་ཅིང་། འགན་འཁྲི་འཁུར་དུ་ཐེག་ཐུབ་པའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པ་འདེམ་བསྐོ་བྱེད་དགོས། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ནི་ལས་བྱེད་པའི་ཏང་གཤིས་དང་སྤྱོད་ཚུལ་འཇལ་བྱེད་ཀྱི་ཚད་གཞི་ཡིན། ལས་བྱེད་པར་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་དེ་ལག་ལེན་བསྟར་བར་སྐུལ་འདེད་བཏང་སྟེ། ལས་བྱེད་པས་མི་དམངས་ཀྱི་དོན་དུ་སྲིད་སྐྱོང་གྲུབ་འབྲས་ལེན་པ་དང་། དངོས་སྒྲུབ་ཀྱིས་སྲིད་དོན་ལག་རྗེས་འཇོག་པར་ཁྲིད་སྟོན་བྱེད་དགོས། ལག་ལེན་སྦྱོང་བརྡར་དང་ཆེད་ལས་སྦྱོང་བརྡར་ལ་ཤུགས་བསྣན་དང་། ནང་སྒོས་སུ་འཐབ་རྩོད་གལ་ཆེན་ཁྲོད་ལས་བྱེད་པ་སྦྱོང་བརྡར་བྱེད་པར་མཐོང་ཆེན་བྱས་ཏེ་ལས་བྱེད་པའི་ལས་སྒྲུབ་བྱ་གཞག་གསར་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། ་ན་གཞོན་ལས་བྱེད་ཕུལ་བྱུང་ཅན་སྐྱེད་སྲིང་དང་འདེམ་བསྐོ་བྱེད་པའི་སྤུས་ཀ་ཇེ་ལེགས་སུ་གཏང་དགོས། ལས་བྱེད་པ་དོ་དམ་དང་ལྟ་སྐུལ་ལ་ཤུགས་བསྣན་ཏེ། ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད་ལེགས་པོ་བཅས་བྱས་ནས་ཕྱོགས་གང་ཅིའི་ཐད་ཀྱི་ཤེས་ལྡན་མི་སྣ་ཕུལ་བྱུང་ཅན་མི་དམངས་ཀྱི་ཁྲོད་དང་མི་དམངས་ཀྱི་བྱ་གཞག་ཁྲོད་བསྡུས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་ལ་ཤེས་ལྡན་མི་སྣའི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས།
ཏང་གི་སྟོབས་ཤུགས་ནི་རྩ་འཛུགས་ལས་བྱུང་བ་ཡིན། ཚགས་དམ་པའི་རྩ་འཛུགས་མ་ལག་ནི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གི་དགེ་མཚན་དང་སྟོབས་ཤུགས་གནས་ས་ཡིན། ཏང་གི་མགོ་ཁྲིད་དང་། ཏང་དོ་དམ། ཏང་སྐྱོང་གི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། ཏང་གི་ཀྲུང་དབྱང་རྩ་འཛུགས་དང་། ས་གནས་ཀྱི་རྩ་འཛུགས། གཞི་རིམ་རྩ་འཛུགས་བཅས་ཚང་མ་ངེས་པར་དུ་སྟོབས་དང་ལྡན་ལ་བདེ་བླག་ངང་འཁོར་སྐྱོད་བྱེད་ཐུབ་དགོས། ཏང་གི་རྩ་འཛུགས་མ་ལག་དམ་པོར་སྦྲེལ་ན་ད་གཟོད་ཏང་གི་རིམ་པ་ཁག་གི་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་ཐུབ་པས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་ན་གཞི་ནས་རྒྱུན་མཐུད་གཏིང་ཟབ་ཏུ་སྤེལ་ཐུབ།
ཏང་གི་རྩ་འཛུགས་མ་ལག་ཚགས་དམ་དུ་གཏོང་བའི་འགག་རྩ་ནི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་ཡིན་ཞིང་། རྩ་བ་ནི“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་ཐུག་ཡོད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་རིམ་པ་ཁག་དང་མངའ་ཁོངས་ཁག་གི་ཏང་རྩ་འཛུགས་འཛུགས་སྐྱོང་དེ་མ་ལག་ཅན་དུ་འགྱུར་བར་སྐུལ་འདེད་དང་། ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་ཀྱི་བྱེད་ནུས་ལ་ཤུགས་བསྣན་ན་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། ཏང་ཀྲུང་དབྱང་ཀྱི་ཐབས་ཇུས་བཀོད་སྒྲིག་བཅས་ལག་བསྟར་དོན་འཁྱོལ་བྱེད་པར་གོང་འོག་མཐུན་སྦྱོར་ལེགས་པོ་ཐུབ་པར་འགན་ལེན་བྱེད་ཐུབ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི“ཐོག་མའི་སྤྱི་ལེ་གཅིག”ཡིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དེ་ཆབ་སྲིད་བཤད་ས་དང་། སྒྲིག་ཁྲིམས་སྲུང་ས། འགན་འཁྲི་འཁུར་ས། ལས་ཆོད་ཆེ་ས་བཅས་ཀྱི་དཔེ་བཟང་ལས་ཁུངས་ཞིག་ཏུ་འཛུགས་སྐྲུན་བྱས་ན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱི་མིག་དཔེ་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཐུབ། ས་གནས་ཏང་ཨུད་ཀྱི་བྱེད་ནུས་ཆེ་རུ་བཏང་སྟེ། མངའ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་གཅིག་གྱུར་འཆར་འགོད་ཐོག་སྐུལ་འདེད་གཏོང་དགོས་ལ། དེའི་ནང་དུ་གསར་དར་མངའ་ཁོངས་ཀྱི་ཏང་འཛུགས་སྐྱོང་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ཏེ། གསར་དར་མངའ་ཁོངས་ཁྲོད་ཀྱི་ཏང་གི་འབོད་སྐུལ་ནུས་ཤུགས་དང་གོང་བུར་འགྲིལ་ཤུགས། ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ནས་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ཏང་གི་རིམ་པ་ཁག་གི་རྩ་འཛུགས་སྐྱ་འཐིབས་པའི་ནང་རྐྱེན་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་མགོ་ཁྲིད་དང་བསམ་བློར་སྣེ་ཁྲིད་ཀྱི་ནུས་པ། མང་ཚོགས་སྒྲིག་འཛུགས་ཀྱི་ནུས་པ། སྤྱི་ཚོགས་འབོད་སྐུལ་གྱི་ནུས་པ་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་སྟེ། མངའ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་སྣེ་ཁྲིད་སྲ་ཞིང་བརྟན་པོ་ཡོང་བའི་འཐབ་འཛིང་གི་བཙན་རྫོང་དུ་བསྒྱུར་བ་དང་། བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་བརྟན་ལྷིང་ཁྲོད་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ན། ང་ཚོའི་ཏང་གིས་རྒྱ་ཆེའི་མི་དམངས་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་ཐུབ་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཡང་གཅིག་ཏུ་སྡུད་ཐུབ་ངེས་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འདི་སྐད། “སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩ་ནི་ཏང་དང་མི་ལ་ཐུག་ཡོད”ཅེས་གཏིང་ཟབ་མོས་བསྟན་ཡོད། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་གཏིང་ཟབ་བྱས་ནས་བློ་དཀར་ཞིང་ལྷག་བསམ་ཆེ་བ། འགན་འཁྲི་འཁུར་དུ་ལེན་པའི་བྱང་ཚད་མཐོ་ཤོས་ཅན་གྱི་ཆེད་ལས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་དགོས་པ་དང་། ཏང་གི་རྩ་འཛུགས་མ་ལག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་མཐའ་འཁྱོངས་ཐོག་ཤུགས་སྣོན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་ཐོག་འཕེལ་རྒྱས་གཏོང་བ་ལ་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་པ་ནན་གྱིས་བསྟན།