ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས2ཉིན་ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི2026ལོའི“རྒྱལ་ཡོངས་ཀྱི་གསར་འགྱུར་ལས་དོན་པ་ཕུལ་བྱུང་བཅུའི”དྲིལ་སྒྲོག་འདེམས་སྒྲུག་བྱེད་སྒོའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། གསར་འགྱུར་ལས་དོན་པ10ལ“རྒྱལ་ཡོངས་ཀྱི་གསར་འགྱུར་ལས་དོན་པ་ཕུལ་བྱུང་བཅུའི”མཚན་སྙན་སྤྲད་པ་རེད།
2026ལོའི“རྒྱལ་ཡོངས་ཀྱི་གསར་འགྱུར་ལས་དོན་པ་ཕུལ་བྱུང་བཅུའི”མཚན་སྙན་ཐོབ་མཁན་ནི། མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་ཁང་གི་ཞུས་ནུའོ་དང་། ཞིན་ཧྭ་གསར་འགྱུར་ཁང་རྒྱལ་ནང་གསར་འགྱུར་རྩོམ་སྒྲིག་པུའི་ཀྲུའུ་ཅི་ཁྲའེ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགྱུར་ལྟེ་གནས་ཀྱི་ལི་ཀྲེང་། དཔལ་འབྱོར་ཉིན་རེའི་ཚགས་པར་ཁང་གི་ཐོན་སྐྱེད་དཔལ་འབྱོར་གསར་འགྱུར་པུའི་ཞུང་ལི། ཀྲུང་གོ་ཉིན་རེའི་ཚགས་པར་ཁང་གི་སྨྱན་སྦྱོར་གསར་པའི་ལྟེ་གནས་ཀྱི་ཞུས་ཕན་དབྱི་རུའུ། ཞིན་ཅིང་ཚགས་པར་ཁང་གི་སྤྱི་ཚོགས་གསར་འགྱུར་ལྟེ་གནས་ཀྱི་ཧན་ཧྥུའུ་ཐའོ། ལྕགས་རི་རིང་པོའི་སྨྱན་སྦྱོར་གསར་པའི་ཚོགས་པའི་སྐབས་དོན་གསར་འགྱུར་གལ་ཆེན་པུའུ་ཡི་ཀྲང་ཞན། ཅང་སུའུ་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ལི་ཀྲི་གསར་འགྱུར་ལྟེ་གནས་ཀྱི་ཅང་ཁྲའོ་ནན། ཅང་ཞི་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་གྲོང་ཁྱེར་འཕྲིན་ལམ་གྱི་ཀྲོའུ་ཏུང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ནག་ཆུ་གསར་འགོད་ས་ཚིགས་ཀྱི་ཀྲའོ་ཧྲུའུ་པིན་བཅས་རེད།
ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས2026ལོའི“རྒྱལ་ཡོངས་ཀྱི་གསར་འགྱུར་ལས་དོན་པ་ཕུལ་བྱུང་བཅུའི”མཚན་སྙན་ཐོབ་པའི་གསར་འགྱུར་ལས་དོན་པ་ནི་གསར་འགྱུར་འཐབ་ཕྱོགས་ཀྱི“རྐང་ཤུགས་དང་། མིག་ཤུགས། ཀླད་ཤུགས། སྨྱུག་ཤུགས”བཅས་ཆེ་རུ་གཏོང་བའི་སྔོན་ཐོན་དཔེ་མཚོན་པ་དང་། རྒྱ་ཆེའི་གསར་འགྱུར་ལས་དོན་པ་གཡུལ་ས་གཙོ་བོར་བསྐྱོད་ནས་གཙོ་ཤུགས་དམག་གི་འགན་འཁུར་བའི་ཕུལ་བྱུང་འཐུས་མི་བཅས་ཡིན། ཁོང་ཚོས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན། གསར་འགྱུར་གྱི་ཕུགས་འདུན། ལས་ཀའི་ཁ་ཕྱོགས་བཅས་མཐའ་འཁྱོངས་བྱས་ཏེ། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཟབ་སྐྱོད་དང་མི་དམངས་ཀྱི་བརྩེ་སེམས་རྒྱུན་འཁྱོངས་བྱས་ནས། གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་འགན་འཁྲི་དང་ཁག་ཁུར་ལྷག་བསམ་རྣམ་དག་ངང་སྒྲུབ་པ་དང་། “དྲང་ནུས་དང་། སྤུས་ཚད་མཐོ་བ། རྒྱུག་ཚད་ཆེ་བ”བཅས་ཕན་ཚུན་གཅིག་གྱུར་གྱི་ཕུལ་བྱུང་བརྩམས་ཆོས་ཁག་གཅིག་གསར་རྩོམ་བྱས་ཏེ། གཙོ་རྒྱུན་སྨྱན་བྱད་ཀྱི་བརྒྱུད་རིམ་རང་བཞིན་གྱི་འཕོ་འགྱུར་གཏིང་ཟབ་ཏུ་གཏོང་བའི་ཁྲོད་དུས་རབས་ཀྱི་འགན་འཁྲི་འཁུར་བ་དང་། བློ་སྤོབས་ཆེན་པོས་འགན་འཁྲི་འཁུར་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། “རྒྱལ་ཡོངས་ཀྱི་གསར་འགྱུར་ལས་དོན་པ་ཕུལ་བྱུང་བཅུའི”དྲིལ་བསྒྲགས་འདེམས་སྒྲུག་བྱེད་སྒོའི་དམིགས་ཡུལ་ནི་གསར་འགྱུར་འཐབ་ཕྱོགས་ཀྱི་འབུར་ཐོན་གྱི་ལེགས་སྐྱེས་མངོན་པ་དང་། རྒྱ་ཆེའི་གསར་འགྱུར་ལས་དོན་པ་ཚོས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱེད་པ། རང་རྟོགས་ངང་དུས་རབས་གསར་པའི་རིག་གནས་འགན་འཁྲི་འཁུར་བ། གཙོ་རྒྱུན་སྨྱན་བྱད་ཀྱི་བརྒྱུད་རིམ་རང་བཞིན་གྱི་འཕོ་འགྱུར་གཏིང་ཟབ་ཏུ་གཏོང་བ། དུས་རབས་གསར་པར་འབད་འཐབ་མདུན་སྐྱོད་བྱེད་པའི་གཙོ་རྒྱུན་བསམ་བློ་དང་གླེང་ཕྱོགས་སྲ་བརྟན་དང་རྒྱ་ཆེར་བཏང་ཡོད། །