ཉེ་སྔོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་སྐབས14པའི་གྲོས་ཚོགས་ཐེངས24པ་ཡིས《མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་ཁྲིམས་འཛིན་ལྟ་བཤེར་ཚན་ཆུང་གི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས〉དང〈མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་སྐྲུན་སྲོལ་ཡིག〉དོན་འཁྱོལ་གནས་ཚུལ་ལྟ་བཤེར་སྐོར་གྱི་སྙན་ཞུ》(གཤམ་དུ《སྙན་ཞུ》ཞེས་བསྡུས་པ)ལ་མཉན་ནས་གྲོས་ཞིབ་བྱས་པ་དང་། 《སྙན་ཞུ》ཡིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི“ཁྲིམས་གཅིག་དང་སྲོལ་ཡིག་གཅིག”ཅེས་པ་མཚོ་སྔོན་དུ་ལག་བསྟར་དོན་འཁྱོལ་ནུས་ལྡན་བྱུང་འདུག་ཅེས་བསྟན།
ཞིབ་ཏུ་བརྗོད་ན། སློབ་སྦྱོང་དྲིལ་སྒྲོག་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་ཁྲིམས་ལྟར་སྲུང་སྐྱོབ་ཀྱི་ཆབ་སྲིད་རང་བཀུར་བསྟུད་མར་ཇེ་དྲག་ཏུ་ཕྱིན་པ་དང་། བར་སྟོང་དོ་དམ་ཚོད་འཛིན་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་ཏེ་སྐྱེ་ཁམས་བདེ་འཇགས་བཀོད་ཁྱབ་སྔར་བས་ལེགས་སྒྱུར་བྱས་པ། སྲུང་སྐྱོབ་ཞིག་གསོའི་ལམ་ལུགས་དོན་འཁྱོལ་ནུས་ལྡན་བྱུང་སྟེ་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་གཏན་འཇགས་རང་བཞིན་བསྟུད་མར་མཐོར་འདེགས་ཕྱིན་པ། གཅིག་གྱུར་འཆར་འགོད་ལྟར་སྲུང་སྐྱོབ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་བཏང་བ། ཁྲིམས་གཏན་ལྟ་སྐུལ་འགན་འཁྲི་ནུས་ལྡན་ལག་བསྟར་བྱས་ཏེ་ཆེས་ཚ་ནན་གྱི་ཁྲིམས་སྐྱོང་འགན་སྲུང་ནུས་པ་བསྟུད་མར་བཏོན་ཡོད།