ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་ཚོགས་ནས། ཀྲུང་གུང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་ཆེན་པོ་འགའ་ཞིག་སྐོར་གྱི་ཆོད་དོན་ཐད་དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་པ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིའི་བསམ་འཆར་དང་གྲོས་གཞིར་གསན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་ལ་མགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། རྒྱལ་ཁབ་སྐྱོང་ན་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་དགོས་ན་སྔོན་ལ་ཏང་སྟོབས་ལྡན་དུ་གཏོང་དགོས། སྲིད་སྐྱོང་བའི་དུས་ཡུན་ཅི་ཙམ་རིང་ན། ཞོད་འཇགས་དེ་ཙམ་རིང་བ་དང་། ཁོར་ཡུག་ཅི་ཙམ་རྙོག་འཛིང་ཆེ་ན། དེ་ཙམ་གྱིས་སེམས་ཁྲལ་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་དགོས་ལ། བདེ་སྡོད་ཉེན་བསམ་བྱེད་ཐུབ་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་གུང་ཁྲན་ཏང་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་སྟོབས་ལྡན་དུ་འགྱུར་བར་འགན་ལེན་ཏན་ཏིག་བྱ་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་བྱ་བ་ཡག་པོ་སྒྲུབ་པའི་འགག་རྩ་ནི་ཀྲུང་གོའི་གུང་ཁྲན་ཏང་ལ་ཐུག་པ་དང་། གནད་འགག་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་ཐུག་ཡོད། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ང་ཚོས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་བཏང་བས། ཀྲུང་གོའི་གུང་ཁྲན་ཏང་ཉིད་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ཁྲོད་སྔར་ལས་སྟོབས་ལྡན་འགྱུར་མེད་དུ་གྱུར་ཡོད། དུས་མཚུངས་སུ་མཐོང་དགོས་པ་ནི། འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་ཆབས་ཅིག ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་གནས་ཚུལ་གསར་པ་དང་གནད་དོན་གསར་པ་མང་པོར་འཕྲད་པ་དེ་ཡིན། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན། ཏང་གི་སྲིད་སྐྱོང་གོ་གནས་སྲ་བརྟན། ཏང་གི་འགན་འཁྲི་ལས་འགན་མངོན་འགྱུར་བཅས་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་དུ་ལངས་པར་རྒྱུན་འཁྱོངས་བྱས་ནས། ཡིད་ཆེས་བརྟན་པོ་དང་། གཏན་ཤུགས་རྒྱུན་འཁྱོངས་བྱས་ཏེ། ཏན་ཏིག་སྒོས་ཀྲུང་གོའི་གུང་ཁྲན་ཏང་བཅོས་སྐྱོང་ཡག་པོ་དང་འཛུགས་སྐྱོང་སྟོབས་ལྡན་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བར། ཏང་ནང་ཁུལ་གྱི་གནད་དོན་འབུར་ཐོན་ཐག་གཅོད་བྱེད་པར་རྒྱུན་ཆད་མེད་པར་འབད་བརྩོན་བྱེད་དགོས། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་གནས་ཚུལ་གྱི་འགྱུར་ལྡོག་གསར་པ་དང་། ཏང་འཛུགས་ལ་འཕྲད་པའི་གནས་བབ་གསར་པ་ཁོང་དུ་ཡང་དག་ཆུད་པ་དང་། དབྱེ་ཞིབ་གསལ་པོ་དང་། དོན་དངོས་གསར་པ་དང་ཟུང་འབྲེལ་གྱིས་ནུས་ལྡན་གོ་ཆོད་ཀྱི་ཁ་གཏད་འཇལ་ཐབས་ཞིབ་འཇུག་བྱེད་དགོས། ཏང་ནང་དུ་གནས་པའི་གནད་དོན་ཐག་གཅོད་བྱེད་པར། ཐོག་མར་ཀྲུང་གོའི་གུང་ཁྲན་ཏང་རང་ངོས་ཀྱི་སྟོབས་ཤུགས་ལ་རྐང་བཙུགས་ཏེ། རྒྱུན་ཆད་མེད་པར་ཏང་རང་ཉིད་གཙང་འགྱུར་དང་། རང་ཉིད་འཐུས་ཚང་། རང་ཉིད་གསར་བཅོས། རང་ཉིད་མཐོར་འདེགས་བཅས་ཡོང་བར་བྱེད་དགོས། ད་དུང་མི་དམངས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས། རང་འགུལ་གྱིས་མི་དམངས་ཀྱི་ལྟ་སྐུལ་དང་ལེན་དང་། ཁེངས་སྐྱུང་གིས་མང་ཚོགས་ཀྱི་སྐྱོན་བརྗོད་ལ་ཉན་ཏེ། མི་དམངས་མང་ཚོགས་ཀྱི་གོང་བཀུར་དང་རྒྱབ་སྐྱོར་དེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་གཏོང་བར། ངེས་པར་དུ་བརྒྱུད་རིམ་ལྡན་པའི་བསམ་གཞིགས་རྒྱུན་འཁྱོངས་དང་། རྒྱང་ལྟའི་རང་བཞིན་གྱི་བསམ་གཞིགས་དང་། སྤྱི་ཡོངས་རང་བཞིན་གྱི་ཇུས་འགོད། ཁྱོན་ཡོངས་རང་བཞིན་གྱི་སྐུལ་སྤེལ་བཅས་ལ་ཤུགས་སྣོན་དགོས། དུས་རབས་གསར་པའི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན། རྩ་བའི་དགོངས་གཞི་ནན་མོ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱེད་པ་བཅས་བྱས་ནས། ཏང་གི་ཕྱོགས་སོ་སོའི་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཏང་གཤིས་དང་ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྤྱོད་གཙང་སྒྲིག་ནན་རུལ་རྒོལ་བཅས་ཕན་ཚུན་འབྲེལ་མཐུད་དང་། མི་སྣ་དོ་དམ་དང་། དོན་དག་དོ་དམ། དབང་ཆ་དོ་དམ་བཅས་ཟུང་འབྲེལ་དམ་ཟབ་བྱས་ནས། ཏང་གཤིས་སྦྱོང་བརྡར། ནུས་པ་ཆེར་གཏོང་། ཁོར་ཡུག་གཙང་མ་བཅས་གཅིག་གྱུར་ཡོང་བར་བྱེད་དགོས། གོང་འོག་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འགོ་ཁྲིད་ལས་བྱེད་པ་ནས་དམ་འཛིན་ནན་མོ་བྱེད་པའི་འགོ་བརྩམསཏེ། སློབ་གསོ་དང་དོ་དམ། ལྟ་སྐུལ་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་ཡོན་དང་ལས་བྱེད་པར་སྣེ་ཁྲིད་དེ་རང་གཟབ་དང་སྔ་ཟོན། ཆུང་ཟོན། རང་བརྩི་རང་བརྟག་རང་གཟབ་རང་སྐུལ་བཅས་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པ་རྒྱུན་འཁྱོངས་དང་འཕེལ་རྒྱས་ཡག་པོ་གཏོང་དགོས། དམངས་གཙོའི་ཏང་ཤོག་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཏང་མང་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་སྟེ། ཐབས་འདོན་ཇུས་འབུལ་ཧུར་ཐག་གིས་བྱས་ནས་དམངས་གཙོ་ལྟ་སྐུལ་གྱི་འགན་ནུས་ལེགས་པར་བསྒྲུབས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་བློ་འདྲི་སའི་གྲོགས་པོ་བཟང་པོ་དང་རོགས་པ་བཟང་པོ། ལས་གྲོགས་བཟང་པོ་བྱེད་དགོས།
དབྱིན་ལི་དང་ཧྲི་ཐའེ་ཧྥེང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ལི་ཧུང་ཀྲུང། ཧོ་ལི་ཕེང་། ཁྲེན་ཝུན་ཆིང་། ལིའུ་ཅིན། ཝང་ཞའོ་ཧོང་། ཀྲང་ཧྲེང་རྨིན། ཝུའུ་ཀྲེང་ལུང་། མུའུ་ཧུང་སོགས་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཞུགས་མོལ་ཚོགས་འདུར་ཞུགས།
བཞུགས་མོལ་ཚོགས་འདུར་ཞུགས་པའི་ཏང་ཕྱིའི་མི་སྣ་གཞན་དག་ལ་ད་དུང་ཧྲའོ་ཧུང་དང་ཧོ་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡོང་ཞིན། དབྱང་ཀྲེན་དེ་བཞིན་ཀྲང་ཨེན་ཏི་དང་ཨན་ལི་ཅཱ། ཝུ་ཁྲེང་སོགས་ཀྱང་ཡོད་པ་རེད། །