ཉེ་ཆར། མཚོ་བྱང་ཁུལ་མདོ་ལ་རྫོང་གིས་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བ་རྩ་འཛུགས་བྱས་ཏེ། ཨ་མྱེས་སྟོང་སོ་ནགས་ཀློང་སྒར་འདེབས་རྟེན་གཞི་རུ། ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བར་རྗེས་དྲན་ཞུ་བའི་བརྗོད་དོན་གཙོ་བོའི་རྐང་བགྲོད་བྱེད་སྒོ་སྤེལ་ནས་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱས།
བྱེད་སྒོའི་ཁྲོད། ལས་བྱེད་དང་ལས་བཟོ་བ་ཡོངས་ཀྱིས་རྒྱང་སྐྱོད་ཀྱི་སྤྱིར་བཏང་མིན་པའི་ལོ་ཟླར་ཉམས་ལེན་བྱས་ཏེ། གསར་བརྗེའི་སྔོན་རབས་པའི་བློ་བརྟན་འགྱུར་མེད་དང་མཐུན་སྒྲིལ་འབད་འཐབ། ཕངས་མེད་བློས་གཏོང་བཅས་ཀྱི་བླ་ན་མེད་པའི་སྙིང་སྟོབས་ལ་མྱོང་ཚོར་ཟབ་མོ་བྱུང་སྟེ། དོན་སྙིང་ལྡན་པའི་གསར་བརྗེའི་སློབ་གསོ་ཞིག་མྱངས།
བྱེད་སྒོས་སྲོལ་རྒྱུན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་སྟངས་དོར་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་ཚོར་ཐུབ་པ་དང་། སློབ་སྦྱོང་བྱེད་ཐུབ་པ། ལག་བསྟར་ཐུབ་པ་བཅས་བྱས། ཚང་མས་སྡུད་ལེན་བྱས་པའི་བསམ་བློའི་སྟོབས་ཤུགས་དེ། རང་འགན་གཙང་སྒྲུབ་དང་འགག་སྒྲོལ་དཀའ་སེལ་གྱི་བྱ་བའི་སྒུལ་ཤུགས་སུ་བསྒྱུར་ཏེ་གསར་བརྗེ་རྒྱུད་འཛིན་དང་དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་དགོས་ལ། དཔའ་ངར་ཆེར་སྐྱེད་ཀྱི་རྣམ་པས་དུས་རབས་གསར་པའི་མདོ་ལའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་དུ་ཡག་པོར་བསྐྱོད་རྒྱུའི་བསམ་པ་བསྟན།
མཚོ་བྱང་ཁུལ་མདོ་ལ་རྫོང་མི་རིགས་སློབ་འབྲིང་གི་མཚོ་སྔོན་རོགས་སྐྱོར་དགེ་རྒན་ཞུས་ཧྲོའུ་ཧྥུའུ་ཡིས་བཤད་རྒྱུར། མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་སྙིང་སྟོབས་འདི་ཉིན་རྒྱུན་གྱི་སློབ་ཁྲིད་ཁྲོད་དུ་འདྲེས་པར་བྱས་ནས། སྔར་བས་འགྱུར་མེད་ཀྱི་དད་སེམས་དང་སྔར་བས་དངོས་དོན་གཉེར་བའི་བྱ་སྤྱོད་ཀྱིས་རང་འགན་བྱ་བ་ཡག་པོ་སྒྲུབ་ནས་མདོ་ལ་རྫོང་གི་སློབ་གསོ་འཕེལ་རྒྱས་ལ་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན།