ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང《ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཏང་གི་སྲིད་སྐྱོང་གོ་གནས་སྲ་བརྟན་དུ་གཏོང་བ། ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན། ཚོགས་ཞུགས་བློ་མཐུན་ཚོས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཐོག་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་རྒྱུའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད། དེས་ལོ་བརྒྱའི་ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་མི་ཉམས་པར་བྱེད་པའི་རིག་པ་གསལ་པོ་དང་བློ་རྩ་བརྟན་པོ་གང་ལེགས་ཀྱིས་མཚོན་པ་དང་། རྒྱུགས་སྤྲོད་ལམ་བུ་གསར་པར་ལེགས་པོར་བསྐྱོད་རྒྱུའི་ལོ་རྒྱུས་ཀྱི་རང་འགུལ་གང་ལེགས་ཀྱིས་མཚོན་ཡོད། ཧུར་བརྩོན་རྒྱལ་སྐྱོང་དང་ཤུགས་སྐྱེད་སྟོབས་སྤེལ་གྱིས་དུས་རབས་གསར་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་རྒྱས་གོང་འཕེལ་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
ཀྲུང་དབྱང་ཨུ་ཡོན། ཧེ་ལུང་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཞུས་ཆིན་གྱིས་བཤད་རྒྱུར། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ་ནི་དམངས་ཀྱི་དོན་དུ་ཏང་གི་དམིགས་ཡུལ་བརྟན་སྲུང་བྱེད་པ་ཡིན། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཡུན་རིང་སྲིད་སྐྱོང་གོ་གནས་སྲ་བརྟན་དུ་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བློ་རྩ་བརྟན་པོ་དང་སྔར་མེད་ཀྱི་སྟོབས་ཤུགས་ལ་བརྟེན་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་བཏང་བར་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་རླབས་ཆེའི་གྲུབ་འབྲས་ཐོབ་ཡོད། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གང་ལེགས་ཀྱིས་མཚོན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བདེན་དོན་གྱི་འོད་སྣང་དང་ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་མངོན་པར་བྱས་ཡོད་ཟེར།
ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཡུས་ཧུང་ཆིའུ་ཡིས་བཤད་རྒྱུར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང《ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་ཐད་ཀྱི་ཆོད་དོན》རྒྱུན་འཁྱོངས་ལྷོད་མེད་ཀྱིས་གཏན་ལ་ཕབ་པ་དང་། དུས་བསྟུན་མདུན་སྐྱོད་ཀྱིས་ཏང་ལེགས་སྐྱོང་བྱ་རྒྱུའི་ཐད་བཀོད་སྒྲིག་གསར་པ་བྱས་པ་དང་འཐབ་ཇུས་གསར་པ་ཁ་གསལ་བཟོས་ལ། བླང་བྱ་གསར་པ་བཏོན་པ་དང་། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ། ཏང་སྐྱོང་ངེས་པར་དུ་ནན་མོ་ཡིན་དགོས། ཏང་དར་རྒྱས་བྱུང་ན་གཞི་ནས་རྒྱལ་ཁབ་དར་རྒྱས་ཡོང་བའི་ཆབ་སྲིད་ཀྱི་གཏན་ཚིགས་དང་། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་ཡོང་ཐུབ་ལ། དེ་ལས་ང་ཚོའི་ཏང་གིས་དུས་རབས་ཀྱི་བྱ་གཞག་རླབས་ཆེན་གཏོད་པའི་བརྗིད་ཆེའི་གདེང་ཚོད་གང་ལེགས་ཀྱིས་མཚོན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བརྟན་པོའི་ངང་རྒྱང་རིང་དུ་སྐྱོད་པའི་འོད་སྟོང་འཕྲོ་བའི་མདུན་ལམ་གསལ་སྟོན་བྱས་ཡོད།