ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་དུ། ཞིང་ཆེན་ཡོངས་ཀྱི་ཞིང་ལས་དང་ཞིང་སྡེ་མ་ལག་གིས་ཞིང་ཕྱུགས་ལས་ཐོན་སྐྱེད་དུས་ཚིགས་དམ་འཛིན་བྱས་ཏེ། གོང་འོག་མཉམ་འགུལ་དང་སྟོབས་ཤུགས་གཅིག་སྒྲིལ་ངང་འགག་སྒྲོལ་བྱས་ནས། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་པར་རྨང་གཞི་བརྟན་པོ་བཏིང་། མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས་དང་པོའི་འཕར་ཐང་གི་འཕར་ཚད5.9%ལ་སླེབས་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་གནས2.2ཀྱིས་མཐོ། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཆིག་ཁྲི་ཉིས་སྟོང་བདུན་བརྒྱ་བཅུ་དགུ་ཡོད་ཅིང་། ན་ནིང་གི་དུས་མཉམ་ལས6.3%འཕར་བ་དང་། རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་དང་མཉམ།
མིག་སྔའི་བར། ཞིང་ཆེན་ཡོངས་ཀྱི་འབྲུ་སྣུམ་སོགས་ཀྱི་ལོ་ཏོག95.25%བརྔ་བསྡུ་བྱས་ཟིན་ནས་ས་མུའུ་ས་ཡ་བརྒྱད་ལྔ་འབུམ་ཆིག་ཁྲི་དང་བརྒྱད་སྟོང་སུམ་བརྒྱར་སླེབས། དུས་ཚིགས་དང་པོ་ནས་གསུམ་པའི་བར། སྔོ་ཚལ་ཐོན་ཚད་ཏུན་ས་ཡ་གཅིག་བཞི་འབུམ་བདུན་ཁྲི་དང་ཆིག་བརྒྱར་སླེབས་པ་དང་། བཟའ་བྱའི་ཤ་མོ་ཐོན་ཚད་ཏུན་ཆིག་ཁྲི་དགུ་བརྒྱར་སླེབས། སྐྱེད་ཚལ་སིལ་ཏོག་ཐོན་ཚད་ཏུན་ཉིས་ཁྲི་ཆིག་བརྒྱར་སླེབས་པ་དང་། འཕང་འབྲས་སྐམ་པོ་ཐོན་ཚད་ཏུན་བདུན་ཁྲི་ཉིས་སྟོང་ལྔ་བརྒྱར་སླེབས། འཕང་འབྲས་སོས་པ་ཐོན་ཚད་ཏུན་ཆིག་ཁྲི་ཉིས་སྟོང་ལ་སླེབས་པ་དང་ལྡབ11.8འཕར། ཞིང་ལས་ཐོན་སྐྱེད་བརྟན་ཐོག་ཡར་འཕེལ་བྱུང་།
ཕྱུགས་ལས་དང་ཉ་ལས་ཐོན་སྐྱེད་སྤྱིའི་ཆ་ནས་བརྟན་པོ་ཡིན། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་ཕྱུགས་ལས་ཀྱི་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་སྲུང་བྱེད་པའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར3ལྷག་བཏང་། ལྷས་ནང་ནོར་གནག་ས་ཡ་བདུན་སུམ་འབུམ་དྲུག་ཁྲི་དང་། ལུག་བྱེ་བ་གཅིག་ས་ཡ་གཉིས་ལྔ་འབུམ་དགུ་ཁྲི་ཆིག་སྟོང་། ཕག་སུམ་འབུམ་ལྔ་ཁྲི་བཅས་ཡོད། ནོར་ལུག་ས་ཡ་ལྔ་འབུམ་བརྒྱད་ལྷག་དང་། ཁྱིམ་བྱ་རིགས་ས་ཡ་གཅིག་ལྔ་འབུམ་དགུ་ཁྲི་དགུ་སྟོང་། གསོ་ཕག་སུམ་འབུམ་ཆིག་ཁྲི་བཅས་བཤས་གཏོང་བྱས། ནོར་ལུག་གསོན་པོའི་རིན་གོང་ན་ནིང་གི་དུས་མཉམ་ལས་འཕར། ཉ་ལས་ཐད་ནས། ཞིང་ཆེན་ཡོངས་ཀྱི་ཆུ་སྐྱེས་རིགས་ཀྱི་ཐོན་རྫས་ཐོན་ཚད་ཏུན་ཆིག་ཁྲི་སུམ་སྟོང་བདུན་བརྒྱར་སླེབས།
རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་བརྟན་ཐོག་གོང་འཕར་བྱུང་། ཟླ9པའི་ཟླ་མཇུག་ཚུན། རོང་འབྲོག་ཁུལ་གྱི་ངལ་ནུས་མི་ཐེངས་ས་ཡ་གཅིག་དང་ཆིག་ཁྲི་བརྒྱད་སྟོང་ཉིས་བརྒྱ་གནས་སྒྱུར་ལས་ཞུགས་བྱས་པ་དང་། ཞིང་ཆེན་ཡོངས་སུ་བསྡོམས་པས་རྒུད་གསབ་ལས་སྤྲོད་ཀྱི་ཀྲུང་དབྱང་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་དགུ་ས་ཡ་གཅིག་དོན་འཁྱོལ་བྱས། སྐྱེ་ཁམས་བདག་སྐྱོང་བ་མི3632གསར་སྣོན་བྱས་པ་དང་། ལས་གནས་གླ་ཕོགས་སྒོར་བྱེ་བ་བདུན་ས་ཡ་བརྒྱད་བཞི་འབུམ་ལྔ་ཁྲི་ཆིག་སྟོང་ཉིས་བརྒྱ་ཇེ་མང་དུ་བཏང་། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་དགའི་ཁ་གསབ་མ་དངུལ་རྒྱུན་མཐུད་ངང་སྤྲད་པ་དང་། གཞན་སྒྱུར་ཡོང་འབབ་ཁེ་གཙང་སྒོར་སུམ་སྟོང་ཆིག་བརྒྱ་ཉི་ཤུ་སྐུལ་ཁྲིད་བྱས། རིམ་པ་སོ་སོའི་ལས་ཁུངས་དང་ཁེ་ལས། ལས་དོན་ལས་ཁུངས་བཅས་ཀྱིས་དབུལ་ཐར་ས་ཁུལ་གྱི་ཞིང་ཞོར་ཐོན་རྫས་དང་ཡུལ་སྐོར་ཞབས་ཞུ་ཉོ་སྒྲུབ་དང་བྲིན་འཚོང་བྱེད་རོགས་བྱས་ཚད་སྒོར་ཐེར་འབུམ་ལྔ་དུང་ཕྱུར་བཞི་དང་བྱེ་བ་བརྒྱད་ལ་སླེབསས་ཏེ། ན་ནིང་གི་ལྡབ4ཡིན་པ་དང་། དེ་ཉིད་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་བའི་འདེགས་སྐྱོར་ནུས་ལྡན་ཞིག་ཏུ་གྱུར།