མཚོ་སྔོན་གྱི་ལོག་དཀར་འདེབས་འཛུགས་ཐད་གྲུབ་འབྲས་གསར་པ་ཐོབ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་སྔོན་ནི་གོ་ལ་ཧྲིལ་པོའི་ལོག་དཀར་འདེབས་པར་ཆེས་འཚམ་པའི་ལྟེ་བའི་ས་ཁོངས་གྲས་ཀྱི་གཅིག་ཡིན་ན་ཡང་། མཚོ་འཕགས་མཐོ་བ་དང་སད་དུས་ཧ་ཅང་ཐུང་བའི་ལྟེ་བའི་ཐོན་ཁུལ་དུ། སྲོལ་རྒྱུན་གྱི་ས་བོན་གྱི་ཐོན་ཚད་དམའ་བ་དང་རྒྱུ་སྤུས་ཞན་པ། ཕན་འབྲས་ཞན་པའི་གནད་དོན་ཡུན་རིང་བོར་གནས། གནས་ཚུལ་འདིར་དམིགས་ནས་མཚོ་སྔོན་སློབ་ཆེན་ཞིང་ནགས་ཚན་རིག་གླིང་གིས་སྲོལ་རྒྱུན་སོན་རྒྱུད་ལེགས་བསྒྱུར་བྱས་ནས། “ཆིན་སྣུམ་ཨང20པ”འདེམས་གསོ་བྱས་ཏེ། མཚོ་འཕགས་མཐོ་བའི་ཐོན་ཁུལ་གྱི་ལོག་དཀར་སྤུས་འདེགས་ཕན་སྐྱེད་ཐད་སོན་རིགས་གསར་པའི་འདེགས་སྐྱོར་འདོན་སྤྲོད་བྱས།

གསར་འགོད་པས་བཤད་རྒྱུར། ང་ཡོད་ས་འདི་ནི་མཚོ་བྱང་ཁུལ་མིན་ཡོན་རྫོང་ཤར་ཐང་གྲོང་རྡལ་དཀར་མོ་ལུང་བ་གོང་མ་སྡེ་བ་རེད། ས་འདིའི་མཚོ་འཕགས་མཐོ་ཚད་ལ་ཕལ་ཆེར་སྨི3100ཡོད། ངའི་རྒྱབ་ཕྱོགས་ནི་ལོག་དཀར་བརྔ་བསྡུ་བྱེད་བཞིན་པའི་རྣམ་པ་རེད། ཉིན་འགའི་སྔོན་ལ། ས་འདི་རུ་ཁ་བ་བབས་བྱུང་བས། རི་ལྡེབས་ཀྱི་གངས་ཤུལ་སྔར་བཞིན་གསལ་བོར་མཐོང་ཐུབ། ཐེངས་འདིའི་ཁ་བས་ལོག་དཀར་སྐྱེ་ཚུལ་ལ་གནོད་པ་ཐེབས་མེད་པ་དང་། འདི་ནི་མཚོ་སྔོན་སློབ་ཆེན་ཞིང་ནགས་ཚན་རིག་གླིང་གིས་འདེམས་གསོ་བྱས་པའི་སྔ་སྨིན་ཚལ་དཀར་རིགས་ཀྱི་དཔྱིད་འདེབས་ལོག་དཀར“ཆིན་སྣུམ་ཨང་20པ”དེ་རེད། དེའི་གྲང་འགོག་རང་བཞིན་དང་མཐུན་འཕྲོད་རང་བཞིན། ལོག་འགོག་རང་བཞིན་བཅས་ཀྱིས་ཉམས་སད་ཐེག་ཐུབ།

ས་མུའུ400ཡོད་པའི་དཔེ་སྟོན་རྟེན་གཞི་འདིའི་ནང་། བརྔ་བསྡུ་འཕྲུལ་འཁོར་གྱིས་ལོག་དཀར་བརྔ་བསྡུ་དང་རྡུང་བཞིན་ཡོད་པ་དང་། མཚོ་སྔོན་སློབ་ཆེན་ཞིང་ནགས་ཚན་རིག་གླིང་དཔྱིད་འདེབས་ལོག་དཀར་ཞིབ་འཇུག་ཁང་གི་འགོ་གཙོ་ལིའུ་ཧའེ་ལུང་དང་ཆེད་མཁས་པ་ཚོས་ལོག་དཀར་སྐྱེ་ཚུལ་ལ་ལྟ་བཞིན་འདུག མིན་ཡོན་ནི་མཚོ་སྔོན་ཞིང་ཆེན་གྱི་ལོག་དཀར་ཐོན་ཁུལ་གཙོ་བོ་ཡིན་པ་དང་། དེའི་གནམ་གཤིས་ཀྱི་ཁྱད་ཆོས་ཀྱིས་མཚོ་འཕགས་མཐོ་བའི་རི་ཁུལ་གྱི་ཚབ་བྱེད་ཐུབ་ལ། སོན་རིགས་གསར་པའི་མཐུན་འཕྲོད་རང་བཞིན་ལ་ས་འདི་ནས་ཞིབ་བཤེར་སྔར་ལས་བདེན་པ་ཐོབ་ཐུབ།

མཚོ་སྔོན་སློབ་ཆེན་ཞིང་ནགས་ཚན་རིག་གླིང་དཔྱིད་འདེབས་ལོག་དཀར་ཞིབ་འཇུག་ཁང་གི་འགོ་གཙོ། ལིའུ་ཧའེ་ཏུང་གིས་བཤད་རྒྱུར། ཁྱོས་ལྟོས་ར། ང་ཚོས་འདེམས་གསོ་བྱས་པའི་སོན་རིགས་འདིའི་ཟུར་རེའི་འབྲུ་རྡོག་ཅུང་མང་ཞིང་ཅུང་ཆེ་བ་དང་། འདིས་ས་བོན་དེའི་གཤིས་རྣམ་མཚོན་ཡོད། དེའི་རྒྱུ་སྤུས་ཅུང་ལེགས་ཤིང་འགོག་རྒོལ་རང་བཞིན་ཅུང་དྲག་ལ། གྲང་འགོག་དང་ནད་འགོག ལོག་འགོག་བྱེད་ཐུབ་ལ། ད་དུང་འཕྲུལ་ཆས་ཀྱིས་བསྔ་བསྡུ་བྱེད་པར་འཚམ་པ་དང་། དེར་མ་ཟད་ཆེས་གཙོ་བོ་ནི་དེ་ནི་རྒྱུན་གཏན་གྱི་སོན་རིགས་ཤིག་ཡིན་ཞིང་། ཞིང་པ་རང་ཉིད་ཀྱིས་སོན་ཉར་འདེབས་འཛུགས་བྱས་ཆོག་པས། ཐོན་སྐྱེད་ཀྱི་མ་རྩ་ཅུང་དམའ།

ས་བོན་བཟང་པོ་དེ་ཚན་རིག་དང་མཐུན་པའི་འདེབས་འཛུགས་དང་ཁ་འབྲལ་ཐབས་མེད། “ཆིན་སྣུམ་ཨང20པའི”འདེབས་འཛུགས་དོ་དམ་ལ་དམིགས་ནས། ཆེད་མཁས་ཚོགས་པས་མཚོ་འཕགས་མཐོ་བའི་ཐོན་ཁུལ་དང་འཚམ་པའི་འདེབས་འཛུགས་བྱེད་ཐབས་ཆ་ཚང་ཞིག་སྤྱི་སྡོམ་བྱས་ཡོད།

བརྔ་བསྡུ་བྱས་ཟིན་པའི་ལོག་དཀར་དེ་འདེབས་འཛུགས་མཉམ་ལས་ཁང་དུ་བསྐྱལ་ནས་ལེགས་འདེམས་དང་ཉི་མར་སྐམ་པ་དང་། ཆེད་མཁས་ཚོགས་པས་ཀྱང་དུས་མཉམ་དུ་ཐོན་ཚད་ཚོད་རྩིས་བྱས་ནས། ཆུ་འདུས་ཚད་འཐེན་རྗེས་ཐོན་ཚད་དངོས་ལ་རྩིས་རྒྱག་གིན་ཡོད།

པའེ་ཧུའེ་དབྱི་ཡིས་བཤད་རྒྱུར། ང་ཚོས་དངོས་སུ་ཐོན་འབབ་ཚོད་རྩིས་བྱས་པ་ལྟར་ན། ཕབ་རྩིས་ཧྲིལ་བོའི་མཇུག་འབྲས་ནི་མུའུ་རེའི་ཐོན་ཚད་སྤྱི་རྒྱ192.68ལ་སླེབས་ཡོད།

ཐོན་འབབ་ཚོད་རྩིས་བྱས་པའི་མཇུག་འབྲས་ཀྱིས་མཉམ་ལས་ཁང་གི་མི་ཡོངས་ཀྱི་སེམས་བདེ་བར་བྱས་པ་དང་། ལོ་མང་པོར་འདེབས་འཛུགས་བྱས་པའི“བྱང་སྣུམ་ཨང4པ”དང་བསྡུར་ན“ཆིང་སྣུམ་ཨང20པའི”ཐོན་ཚད་ཀྱིས་ཁོ་ཚོས་འདེབས་འཛུགས་ཁྱབ་གདལ་གཏོང་རྒྱུའི་ཡིད་ཆེས་ཇེ་བརྟན་དུ་བཏང་།

“ཆིན་སྣུམ་ཨང20པའི”ཚོད་འདེབས་ལེགས་འགྲུབ་བྱུང་བ་དེས་མཚོ་སྔོན་སློབ་ཆེན་ཞིང་ནགས་ཚན་རིག་གླིང་གི་སོན་གསོ་གྲུབ་འབྲས་ལ་ཡུལ་དངོས་ཞིབ་བཤེར་བྱེད་དུ་བཅུག  མཚོ་འཕགས་མཐོ་བའི་སོན་རྒྱུའི་ཐོན་ཁུངས་དང་དཔྱིད་འདེབས་ལོག་དཀར་སོན་གསོའི་རྨང་གཞིར་བརྟེན་ནས། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་མགྱོགས་མྱུར་སྒོས་ཞིང་ཁ་རུ་དོན་འཁྱོལ་བྱས་ནས། མཚོ་འཕགས་མཐོ་བའི་ས་ཁུལ་གྱི་ལོག་དཀར་འདེབས་འཛུགས་ཀྱི་སྤུས་འདེགས་ཕན་སྐྱེད་ཐད་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།