ཏང་གི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ཏང་དར་ཏང་སྟོབས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཏང་གི་སྟོབས་ཤུགས་ནི་རྩ་འཛུགས་ལས་བྱུང་བ་དང་། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་དང་། ཏང་གི་ལས་དོན་ཡོངས་རྫོགས་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་རྩ་འཛུགས་མ་ལག་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་བྱས། གཞི་རིམ་ཏང་རྩ་འཛུགས་ཕན་ནུས་ལྡན་པའི་སྒོ་ནས་ཏང་གི་འགོ་ཁྲིད་མངོན་འགྱུར་བྱེད་པའི་འཐབ་འཛིང་གི་བཙན་རྫོང་སྟོབས་ལྡན་དུ་འཛུགས་སྐྱོང་བྱས།རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱས།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད། རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱིས་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ཡུལ་དངོས་དང་པོར་འབད་འཐབ་བྱས། གཞི་རིམ་ཏང་རྩ་འཛུགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གནས་སོ་སོར་ཁྱབ་འགྱེད་བྱས་ནས། ཏང་ཡོངས་བློ་གཅིག་སེམས་གཅིག་དང་རྒྱལ་ཡོངས་བསམ་བཀོད་གཅིག་ལྟ་བུར་ཆགས་པར་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཁག་རིམ་པ་བཞིན་བརྒྱུད་སྤྲོད་དང་རྩ་བ་ཚུགས་པར་སྐུལ་འདེད་གཏོང་དགོས།

གཞི་རིམ་ནི་ཏང་གི་སྲིད་སྐྱོང་རྨང་གཞི་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་རྗེས། དུས་སྐབས་ཤིག་རིང་གི་ཏང་དོ་དམ་དང་ཏང་བཅོས་སྐྱོང་ལྷུག་ལྷོད་འཇམ་གསུམ་གྱི་གནས་ཚུལ་ལ་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་། ཏང་གི་ལས་དོན་ཡོངས་རྫོགས་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་རྩ་འཛུགས་མ་ལག་ལ་བརྟེན་ནས་མངོན་འགྱུར་བྱ་དགོས་པ་དང་། བླང་བྱ་ནན་མོ་དེ་རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་ཡོངས་ལ་བརྒྱུད་ཁྲིད་བྱ་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་འཛུགས་སྐྱོང་ཐད་རྩེ་རིམ་ཇུས་འགོད་གནང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ནི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱེད་པ། གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་བྱེད་པའི་རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་དགོས། མི་རིགས་བསྐྱར་དར་གྱི་ལས་འགན་ལྗིད་པོ་འཁུར་ཐུབ་ཅིང་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱ་དགོས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ་སོགས་ཀྱི་ཐད་དུས་རབས་གསར་པའི་རྩ་འཛུགས་འཛུགས་སྐྱོང་གི་རྩ་བའི་བླང་བྱར་བརྒྱུད་རིམ་ལྡན་པའི་སྙིང་བསྡུས་བྱས་ཡོད།

ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་ཁྲིད་སྟོན་འོག རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། དངོས་དོན་སྒྲུབ་འགན་འཁུར་ཕོད་པ། དམངས་ལ་བདེ་སྐྱིད་བསྐྲུན་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ། ཏང་གི་རྩ་འཛུགས་ཀྱི་དགེ་མཚན་དང་རྩ་འཛུགས་ཀྱི་སྟོབས་ཤུགས་མངོན་པར་བྱས་ཡོད།

སྡེ་ཁུལ་དུ་ཏང་འཛུགས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། ཏང་ཡོན་སྒྲིག་འཛུགས་བྱས་ནས་གཞིས་ཁུལ་དང་། ཐོག་ཁང་། སྡེ་ཚན་བཅས་སུ་བསྐྱོད་དེ་སྣ་མང་མཉམ་བཅོས་ལ་སྐུལ་འདེད་གཏོང་དགོས། ཐུན་མོང་ཐོག་སྡོད་དམངས་ཀྱི་བློས་འཁེལ་ཤོས་དང་བློ་བདེ་ཤོས་ཀྱི་གནས་མལ་བསྐྲུན་དགོས། ས་གནས་ཁག་ཏུ་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་འཛུགས་པ་དང་། སྡེ་ཁུལ་གྱི་ཟ་ཁང་དང་། སྤྲོ་གསེང་རོལ་རྩེད། གྲོང་མིའི་མཚན་མོའི་སློབ་གྲྭ་སོགས་དྲོད་ཁོལ་ལྡན་པའི་ཞབས་ཞུ་འདོན་སྤྲོད་བྱས་པ་མ་ཟད། ད་དུང་མང་ཚོགས་ལ་གཅིག་འཐུས་རྣམ་པའི་སྒོ་ནས་ས་ཁོངས་ལས་བརྒལ་བ་དང་། སྡེ་ཁག་ལས་བརྒལ་བ། རིམ་པ་ལས་བརྒལ་བ་བཅས་ཀྱི་རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱས་ཡོད།

གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བར། གཞི་རིམ་ཏང་རྩ་འཛུགས་ཀྱིས་འཐབ་འཛིང་གི་བཙན་རྫོང་ནུས་པ་འདོན་སྤེལ་བྱས་ཏེ། རྒྱལ་ཡོངས་ཀྱི་སྡེ་སྡོད་བྱ་བའི་རུ་ཁག་ཆིག་འབུམ་ལྔ་ཁྲི་དང་།   སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་སྒྲུབ་རུ་མི་ལྔ་འབུམ་ལྷག་ལས་གནས་དང་པོར་རྐང་ཚུགས་པ་དང་རང་འགན་གཙང་སྒྲུབ་བྱས། སྨན་བཅོས་འཇོན་མི1050ལྷག་དང་། སློབ་གསོའི་འཇོན་མི2400ལྷག    དེ་མིན་ཚན་རྩལ་འཇོན་མི1900ལྷག་གིས་རྒྱལ་ཁབ་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་བརྒྱ་དང་དྲུག་ཅུ་ལ“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་བྱས། བོད་ལྗོངས་ཉིང་ཁྲི་ཀ་ལ་སྡེ་བའི་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དེ་ཞིང་ཕྱུགས་ཆེད་ལས་མཉམ་ལས་ཁང་བཙུགས་ནས།  སྡེ་མིའི་སྣེ་ཁྲིད་དེ་ཁམ་བུའི་མེ་ཏོག་ཡུལ་སྐོར་དུས་ཆེན་གྱི་སྤུས་ཚད་མཐོར་འདེགས་དང་།  སེའུ་བཏོག་པའི་རྟེན་གཞི་བསྐྲུན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་འཕར་གཞི་གསར་པ་བསྣན།

རྒྱལ་ཁབ་ཀྱི་བཟོ་སྐྲུན་གལ་ཆེན་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་ཡུལ་གཙོ་བོ་རུ། རྒྱ་ཆེའི་ཏང་ཡོན་དང་གཞི་རིམ་ཏང་རྩ་འཛུགས་མདུན་གྲལ་དུ་བསྐྱོད་པ་དང་།  ལས་གནས་དང་པོར་གདོང་མཆོང་བྱས་ཏེ།   སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ལྟེ་བའི་ལག་རྩལ་ཐོད་བརྒལ་ཡོང་བ་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་དང་།  རྩ་འཛུགས་ཀྱི་དགེ་མཚན་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྟོབས་ཆེན་དུ་བསྒྱུར།  

དཔལ་འབྱོར་རྩ་འཛུགས་གསར་པ་དང་སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་སྤྱི་གསར་པ་བཅས་རྒྱུན་ཆད་མེད་པར་ཐོན་པ་དང་ཆབས་ཅིག   ས་གནས་སོ་སོས་ཏང་གི་རྩ་འཛུགས་དང་བྱ་བའི་ཁེབས་རྒྱ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་ཤུགས་བསྣན་ཏེ།    གསར་དར་ཁྱབ་ཁོངས་སུ་ཏང་གི་འབོད་སྐུལ་བྱེད་ཤུགས་དང་གོང་བུར་འགྲིལ་ཤུགས། ཤུགས་རྐྱེན་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན། རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཀའོ་ཧྥུན་ནི་ཟས་སྐྱེལ་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་པའི་ཆ་ནས། ཏང་གི་སྐད་སྒྲ་ཟས་སྐྱེལ་གྲོགས་པོའི་སེམས་སུ་བརྒྱུད་སྤྲོད་བྱས་པ་མ་ཟད། ཟས་སྐྱེལ་ཏང་ཡོན་གྱི་སྣེ་ཁྲིད་དེ་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས།

འཐབ་ལམ་གསར་པ་རུ།   ངེས་པར་དུ་ཏང་གི་རྩ་འཛུགས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ། ཏང་དར་ཏང་སྟོབས་ཀྱི་རྨང་གཞི་བརྟན་པོར་གཏོང་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག  རྒྱ་ཆེའི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་བསམ་བློ་གཅིག་གྱུར་དང་བློ་རྩ་བརྟན་པོ། མཐུན་སྦྱོར་འགུལ་སྐྱོད། འཐབ་འཛིང་གི་ནུས་པ་ཆེན་པོ་བཅས་ཀྱི་སྒོ་ནས།  འགན་འཁྲི་ཧུར་ཐག་གིས་འཁུར་བ་དང་བྱས་རྗེས་འཇོག་ཕོད་པ།  འཐབ་རྩོད་བྱེད་མཁས་པ་བཅས་བྱས་ནས།  རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་བྱ་གཞག་རླབས་ཆེན་ལ་རྒྱལ་ཁའི་ངང་སྐུལ་འདེད་གཏོང་དགོས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།