ཏང་ཀྲུང་དབྱང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་གཅིག་གྱུར་བཀོད་སྒྲིག་ལྟར། ཉེ་ཆར་ཀྲུང་དབྱང་སྐབས་ཉི་ཤུ་པའི་སྐོར་ཐེངས་བརྒྱད་པའི་སྐོར་ཞིབ་ཀྱིས་བཅའ་སྡོད་བྱ་བ་ལེགས་འགྲུབ་བྱས་ཤིང་། ཀྲུང་དབྱང་གི་སྐོར་ཞིབ་ཚན་ཆུང15ཡིས་སློབ་གསོ་པུའུ་དང་ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་རིམ་སློབ་གྲྭའི་ཏང་རྩ་འཛུགས31ལ་རྒྱུན་སྲོལ་གྱི་སྐོར་ཞིབ་བྱ་རྒྱུ་རེད།
སྐོར་ཞིབ་བྱེད་ཡུལ་ལས་ཁུངས་སོ་སོས་སྐོར་ཞིབ་བཅའ་སྡོད་སྐུལ་སློང་ཚོགས་འདུ་བསྡུས་ཤིང་། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་སོ་སོའི་ཚན་གཙོ་ཡིས་སྐུལ་སློང་གཏམ་བཤད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐོར་ཞིབ་བྱ་བ་ཏན་ཏིག་གིས་སྤེལ་བར་བླང་བྱ་བཏོན།
ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་སོ་སོའི་ཚན་གཙོ་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐོར་ཞིབ་དེ་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གལ་ཆེན་དང་། ཏང་ནང་ཁུལ་དུ་ལྟ་སྐུལ་གྱི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཅིག་ཏུ་བརྩིས་ནས། སྐོར་ཞིབ་བྱ་བའི་བདེན་སྲུང་གསར་གཏོད་དང་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུར་སྣེ་ཁྲིད་བྱས་ཏེ། སྐོར་ཞིབ་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་བྱེད་ཐབས་གཙོ་བོ་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་བྱེད་ཐབས་གཙོ་བོ་ཞིག་ཏུ་གྱུར་ཡོད། སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཡིན་ལ། མཐོ་རིམ་སློབ་གསོ་ནི་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་བྱེད་པའི་སྣེ་འདྲེན་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད། སློབ་གསོ་པུའུ་དང་ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་རིམ་སློབ་གྲྭར་སྐོར་ཞིབ་བྱེད་པ་ནི་སྐོར་ཞིབ་བྱེད་ཡུལ་ཏང་རྩ་འཛུགས་ཀྱིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པར་སྐུལ་འདེད་གཏོང་བ་དང་། ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་འཇོན་མི་གསོ་སྐྱོང་བྱེད་པའི་ཐོག་མའི་སེམས་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ནས། སྤུས་ལེགས་འཕེལ་རྒྱས་ལ་ཞབས་ཞུ་འདེགས་སྐྱོར་སྔར་བས་ལེགས་པོ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་རྒྱུན་སྲིང་ལྷོད་མེད་སྒོས་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་སྟེ། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱིས་ཏང་ཀྲུང་དབྱང་གིས་སྤྲད་པའི་སྐོར་ཞིབ་ལས་འགན་ལེགས་པོར་བསྒྲུབ་དགོས།
ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་སོ་སོའི་ཚན་གཙོ་ཡིས་ནན་གྱིས་བསྟན་དོན། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་དྲུག་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན། “སྲུང་སྐྱོང་གཉིས”ཀྱི་རྩ་བའི་ལས་འགན་དམ་འཛིན་བཅས་བྱས་ཏེ། སྐོར་ཞིབ་བྱ་བའི་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་དང་། ཆབ་སྲིད་སྐོར་ཞིབ་ཀྱི་བླང་བྱ་གནད་འཁེལ་དོན་འཁྱོལ་བྱེད་དགོས། སྐོར་ཞིབ་བྱེད་ཡུལ་གྱི་ཏང་རྩ་འཛུགས་ཀྱི་འགན་ནུས་དང་འགན་འཁྲིར་དམིགས་ཏེ། ལྟ་སྐུལ་གྱི་གཙོ་གནད་འབུར་ཐོན་དང་། སློབ་གསོའི་བྱ་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་གཙོར་བཟུང་ཏེ་ལྟ་སྐུལ་བྱས་ནས། ཀུན་སྤྱོད་ལ་བརྟེན་ནས་མི་གཞི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་གཏིང་ཟབ་དང་། སློབ་གསོ་ཚན་རྩལ་འཇོན་མི་བཅས་ཀྱི་འཕེལ་རྒྱས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་བའི་གནས་ཚུལ། ཉེན་ཁ་འགོག་སེལ་ལ་ཞིབ་བཤེར་གཏིང་ཟབ་བྱས་པའི་གནས་ཚུལ། ཏང་དོ་དམ་དང་ཏང་ནན་སྐྱོང་། འགོ་ཁྲིད་དཔུང་ཁག་དང་གཞི་རིམ་ཏང་རྩ་འཛུགས་ལེགས་སྐྱོང་ལ་ཞིབ་བཤེར་གཏིང་ཟབ་བྱས་ཏེ། གནས་པའི་གནད་དོན་མངོན་གསལ་ཅན་ཤེས་རྟོགས་དང་ཐག་གཅོད་བྱེད་པར་ཤུགས་བསྣན་ནས། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་སློབ་གསོའི་བྱ་གཞག་སྤུས་ལེགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།
སྐོར་ཞིབ་བྱེད་ཡུལ་ཏང་རྩ་འཛུགས་ཀྱི་འགན་ཁུར་པ་གཙོ་བོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་དང་། འདྲི་གཞི་གཅིག་ལ་ལན་མཉམ་འདེབས་རྒྱུན་འཁྱོངས། སྐོར་ཞིབ་བྱ་བར་རྒྱབ་སྐྱོར་དང་གཞོགས་འདེགས་བྱ་དགོས་ལ། རང་རྟོགས་ཀྱིས་ལྟ་སྐུལ་དང་ལེན་དང་དག་ཐེར་དམ་འཛིན་ནན་ཏན་བྱ་དགོས། ཏང་གི་སློབ་གསོའི་བྱེད་ཕྱོགས་ཇི་མ་ཇི་བཞིན་ལག་བསྟར་བྱས་ཏེ་རང་འགན་གཙང་སྒྲུབ་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས“སྲུང་སྐྱོང་གཉིས”ལེགས་པར་བསྒྲུབ་དགོས།
རྒྱུས་ལོན་པ་ལྟར་ན། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང15ཡིས་སྐོར་ཞིབ་བྱེད་ཡུལ་ལས་ཁུངས་སུ་ཟླ་གཉིས་ཡས་མས་སུ་བྱ་བ་བསྒྲུབ་རྒྱུ་ཡིན་ལ། སྐོར་ཞིབ་སྐབས་སུ་ཆེད་དོན་ལས་རེས་ཁ་པར་དང་སྦྲག་སྲིད་ཡིག་སྒམ་བཙུགས་ཏེ། "གཙོ་བོ་སྐོར་ཞིབ་བྱེད་ཡུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཆུང་དང་དེའི་ཁོངས་མི། རིམ་པ་རྗེས་མའི་ཏང་རྩ་འཛུགས་ཀྱི་འགན་ཁུར་པ་གཙོ་བོའི་གནད་དོན་ཐེར་འདོན་གྱི་འཕྲིན་ཡིག་དང་ཁ་པར་དང་ལེན་བྱ་རྒྱུ་ཡིན་ལ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། བྱ་བའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་སོགས་ཐད་ཀྱི་ཞུ་གཏུག་དང་ཐེར་འདོན་གཙོ་བོར་བཟུང་ཡོད། སྐོར་ཞིབ་ཚན་ཆུང་གིས་ཡིག་སྐུར་ངོ་གཏུག་དང་ལེན་བྱེད་པའི་དུས་ཡུན་དེ2026ལོའི་ཟླ12པའི་ཚེས21ཉིན་བར་ཡིན།