ཚེས26ཉིན་གྱི་སྔ་དྲོར་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚབ་བྱས་ཏེ་གྲོས་ཚོགས་ཡོངས་ལ་ལས་ཀའི་སྙན་ཞུ་ཕུལ་བ་མ་ཟད། 《ཀྲུང་གུང་ཀྲུང་དབྱང་གིས་རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་གནད་དོན་གལ་ཆེན་འགའ་ཐག་གཅོད་པར་སྐུལ་འདེད་གཏང་བ(བགྲོ་གླེང་མ་ཟིན)》སྐོར་ནས་གསལ་བཤད་གནང་།