སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་སྐོར་ཞིབ་ཐེངས་བརྒྱད་པའི་བརྟག་དཔྱད་བྱ་ཡུལ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་ཀྲུང་དབྱང་གིས་ཆོག་མཆན་གནང་བ་བརྒྱུད། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་སྐོར་ཞིབ་ཐེངས་བརྒྱད་པས་སློབ་གསོ་པུའུ་དང་། པེ་ཅིན་སློབ་ཆེན། ཆིང་ཧྭ་སློབ་ཆེན། ཀྲུང་གོ་མི་དམངས་སློབ་ཆེན། པེ་ཅིན་དགེ་འོས་སློབ་ཆེན། ཧྥུའུ་ཏན་སློབ་ཆེན། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན། ཞི་ཨན་འགྲིམ་འགྲུལ་སློབ་ཆེན། ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན། ཀྲུང་གོའི་ཞིང་ལས་སློབ་ཆེན། པེ་ཅིན་བཟོ་ལས་སློབ་ཆེན། པེ་ཅིན་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སློབ་ཆེན། ནུབ་བྱང་བཟོ་ལས་སློབ་ཆེན། ཧར་པིན་བཟོ་རིག་སློབ་ཆེན། ཀྲེ་ཅང་སློབ་ཆེན། ནན་ཅིང་སློབ་ཆེན། སི་ཁྲོན་སློབ་ཆེན། ནན་ཁའེ་སློབ་ཆེན། ཐེན་ཅིན་སློབ་ཆེན། ཝུའུ་ཧན་སློབ་ཆེན། ཀྲུང་ཧྲན་སློབ་ཆེན། ནུབ་ལྷོ་ཞིང་ནགས་ཚན་རྩལ་སློབ་ཆེན། ཅི་ལིན་སློབ་ཆེན། ཧྭ་དབུས་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། ཧྲན་ཏུང་སློབ་ཆེན། ཤར་ལྷོ་སློབ་ཆེན། ཞ་མོན་སློབ་ཆེན། ཐུང་ཅི་སློབ་ཆེན། ཀྲུང་ནན་སློབ་ཆེན། ཏ་ལེན་བཟོ་ལས་སློབ་ཆེན། ཁྲུང་ཆིན་སློབ་ཆེན། ལན་ཀྲོའུ་སློབ་ཆེན་སོགས་ལས་ཁུངས32ཀྱི་ཏང་རྩ་འཛུགས་ལ་རྒྱུན་ལྡན་ལྟར་སྐོར་ཞིབ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།